Skip to main content Skip to search
15 Dec 2011
16 min 7 sec
David Germano
Video Overview
Creators: 
Unknown

A tangka painter in Lhasa applies gold to a Manjushri tangka.

为主神面部染色和开眼放在最后,有的还要上金水。 为主尊神像开眼。

Transcript search
No results found for this search
0 of 0
  • སློབ་ཕྲུག Apprentice
    འདི་ག་རེ་བྱེད་ཀྱི་ཡོག་རེད།
    What are you doing?
  • ལྷ་བྲིས་པ། Tangka painter
    འདི་གཟི་་་ གསེར་སྒང་ལ་གཟི་རྒྱག་ཡག ཨ་ནི་་་ གཟི་རྒྱག་དུས་ཙམ་ལ། འདུག་སེ་བྱས་གཟི་ལམ་ཁོ་རའི་སྒང་ལ་འགྲོ་དགོས་ཀྱི་ཡོག་རེད།
    I am coating Zi on the golden color. When you coat Zi like this, you have to follow the path of the Zi.
  • ལྷ་བྲིས་པ། Tangka painter
    འདི། འདུག་སེ་བྱས། ཁོ་རའི་རི་མོའི་ཁ་ཕྱོགས་ཁོ་རར།
    Like this, in the direction of drawing itself.
  • སློབ་ཕྲུག Apprentice
    ལགས་སོ།
    Okay.
  • ལྷ་བྲིས་པ། Tangka painter
    འདུག་ས་བྱས། འདི་ཕྱིན་པ་ཡིན་ན་ཞུགས་ལ་ཁོ་ར་གཟི་གང་ག་བརྒྱབ་ཚར་དུས་ཚུར་འབུར་ཁ་འདོན་བསྡད་པ་ཆགས་ཀྱི་རེད།
    If you do it like this, once the coating is completed, the color will radiate.
  • སློབ་ཕྲུག Apprentice
    ལགས་སོ།
    Okay.
  • ལྷ་བྲིས་པ། Tangka painter
    འོད་བྱས། ཤིན་མ་ཤིན་ལི་ཁྲི་དེའི་སྒང་ལ་གཟི་བརྒྱབ་ན། ལི་ཁྲི་དེ་ཡང་མཉམ་དུ་འོད་བརྒྱབ་ཀྱི་རེད།
    You shouldn't coat the vermillion with Zi, otherwise it too will radiate.
  • སློབ་ཕྲུག Apprentice
    ལགས་སོ།
    Okay.
  • ལྷ་བྲིས་པ། Tangka painter
    ཁོ་རའི་རི་མོ་ཁ་ཕྱོགས་བྱས་བྱས་དེད་བྱས།
    Follow the direction of the drawing.
  • ལྷ་བྲིས་པ། Tangka painter
    ཕ་གིའི་ནང་ལོགས་ལ་འོད་བརྒྱག་གི་འདུག་གས།
    Is it glowing from inside?
  • སློབ་ཕྲུག Apprentice
    རྒྱག་གིས།
    It’s glowing.
  • ལྷ་བྲིས་པ། T painter
    ཕ་གིའི་ནང་ལོགས་ལ་ལྟོས་དང་།
    Look inside that.
  • སློབ་ཕྲུག Apprentice
    གསེར་གང་ག་ལོགས་ལ་བརྒྱབ་ཡག་ཡོད་པས།
    Do you have to coat Zi on all the golden color here?
  • ལྷ་བྲིས་པ། Tangka painter
    ཨོའོ། གསེར་གང་ག་བརྒྱབ་དགོས་ཀྱི་རེད། ནམ་བཟའི་སྒང་ལ་མ་གཞི་ཤིན་ཆ་ཚང་ལ་བརྒྱབ་དགོས་ཀྱི་རེད། ནམ་བཟའི་སྒང་ལ་བརྒྱབ་ཡག་ཡོག་མ་རེད་དཱ།
    You have to, except on the clothes in the tangkha painting.
  • སློབ་ཕྲུག Apprentice
    འོ།
    Right.
  • ལྷ་བྲིས་པ། Tangka painter
    ནམ་བཟའི་སྒང་ལ་གཟི་རིགས་དེ་ཚོ་གཅིག་ཀྱང་བརྒྱབ་ཡག་ཡོག་མ་རེད།
    You should never coat Zi on clothes in a tangkha painting.
  • སློབ་ཕྲུག Apprentice
    ལགས་སོ།
    Okay
  • ལྷ་བྲིས་པ། Tangka painter
    བྲག་དང་གཅིག་ལོ་མའི་སྒང་ལ་ཁ་མཚོན་བརྒྱབ་རྒྱོགས་་་ འདི་ཚོ་གང་ག་ཡང་གཟི་རྒྱོབ།
    But you can coat it on cliffs and leaves.
  • སློབ་ཕྲུག Apprentice
    ལགས་སོ།
    Okay.
  • ལྷ་བྲིས་པ། Tangka painter
    ལྟ་རྩི་ཡར་འཁྱེར་ཤོག་དང་། མཚོན་དམར་པོ་ཞིག་དང་སྔོ་བསངས་ཤིག་འཁྱེར་ཤོག་དང་།
    Please bring the colors here. Bring one red and one sky-blue.
  • ལྷ་བྲིས་པ། Tangka painter
    ཕྲ་ཁུང་གཅིག་ལ་སྔོ་བསངས་དང་གཅིག་ལ་མཚལ་ཚུགས།
    Paint one hole with sky-blue and the other with red.
  • སློབ་ཕྲུག Apprentice
    ལགས་སོ།
    Okay