Skip to main content Skip to search
28 Aug 2018
6 min 25 sec
Samten Yeshi
Video Overview
Creators: 
Penchela

Creative stories of Wang Drugyal were popular, especially in western Bhutan. He was an intellegent man who deceived many people, yet also benefitted his community by doing so. According to a legend, he deceived a local deity of Haa, Ap Chundu, and channeled drinking water to his community. Though this act is good for the community, his deception of the deity led to his own death. In this story, Wang Drugyal went to Tibet to import salt. On his way to Tibet, he found a dead donkey and removed its private part, and covered it with salt, suger, sand and oil. After returning home, he gifted it to his female neighbors, who were offended and planned to take revenge. One the the girls invited Wang Drugyal to their home for dinner and drinks with their father to make him drunk. Wang Drugyal sensed the plan, and went to sleep prentending to be drunk. The girls made beds for both him and their father. At night Wang Drugyal exchanged beds with the father, who was drunk, but the girls (not realizing this) tried to put their private parts on Wang Drugyal's mouth, unwittingly doing so to their own father.

Transcript search
No results found for this search
0 of 0
  • ཚེ་དབང་ Tshewang
    ཨཔ་ཝང་འབྲུག་རྒྱལ་འདི་ཏེ་ རོགས་ཨ་ནཱེ་སྦེ་སྡོད་འབདཝ་ད་ཏེ་གཡུས་ཁ་གི་ཕྱུག་པའི་གི་བུམོ་ཡོད་ལོ་སི་ལགས་ཕྱུག་པའི་བུམོ་བདུན་བུམོ་འཇའ་རིས་མོ་ཙང་ཙ་ར་ རོགས་ཨ་ནཱེ་སྦེ་འདི་ཚུ་གནམ་མེད་ས་མེད་ བཟོ་བཟོ་འ་ནཱེ་སྦེ་སྡོད་མི་ཨིན་ལོ།
  • ཚེ་དབང་ Tshewang
    ཏེ་འ་ནཱི་ཚུ་ཏེ་ཨཔ་ཝང་འབྲུག་རྒྱལ་དང་གཅིག་ཁར་ཏེ་དགོད་བྲ་སླབ་རྩེདམོ་བརྩེ་འ་ནཱི་བཟུམ་སྦེ་ཏེ་ཨཔ་ཝང་འབྲུག་རྒྱལ་ར་ཟེར་ཁོ་གིས་ཏེ་བུམོ་འདི་ཚུ་ལུ་ཏེ་དགོད་བྲ་རེ་སླབ་ འ་ནཱེ་སྦེ་སྡོད་དོ་ཡོདཔ་མས་པ།
  • ཚེ་དབང་ Tshewang
    ཏེ་ཚར་གཅིག་འབདཝ་ད་ ཁོ་ཡར་བོད་ལྷ་ས་ལུ་ཏེ་ཡར་ཡར་ཚོང་བཏོན་པ་འགྱོ་ནི་སྦེ་འགྱོ་འགྱོཝ་མས་ཏེ་འ་ནཱི་བསྒང་ ཏེ་ཁོང་བུམོ་འདི་ཚུ་གིས་ སླབ་སླབ་མས་ཨཔ་ཝང་འབྲུག་རྒྱལ་ ང་བཅས་ལུ་ཁྱོསམ་འབག་ཤོག་མས་ཨཔ་ཝང་འབྲུག་རྒྱལ་ ང་བཅས་ལུ་ཁྱོསམ་འབག་ཤོག་མས་ཟེར།
  • ཚེ་དབང་ Tshewang
    བཏུབ་བཏུབ་ཟེར་ ག་ར་ཁ་བཟེད་འགྱོ་ནུག་སྦ་ཏེ་ཁོ་ཚར་གཅིག་འབདཝ་ད་ ཡར་ལྷ་ས་ལུ་འགྱོཝ་ད་ལམ་ཁར་འགྱོ་ས་བོང་ཀུ་གཅིག་ཤི་སྡོད་ནུག་ཟེརཝ་མས་ལོ།
  • ཚེ་དབང་ Tshewang
    ཏེ་བོང་ཀུ་འདི་གི་ ལག་ཆ་འདི་བཏོག་འབག་ཆེ་འདུག་ཏེ་ཁོ་གིས་དེ་བཏོག་འབག་སྦེ་ཏེ་ཡར་ལྷོད་པའི་བསྒང་ལས་རོགས་ཡར་ཚོང་ཁང་ནང་ལས་ཕར་འགྱོ་ ཏེ་གོ་རམ་དང་ཕྱདན་གོ་རམ་ནང་བཙུགས་བཏང་ ཕྱེ་དང་ཕྱདཔ་ད་ཕྱེ་ནང་བཙུགས་བཏང་ གྱང་དང་ཕྱདན་གྱང་ནང་བཙུགས་ག་ཕྱད་ས་ལས་ཕར་བཙུགས།
  • ཚེ་དབང་ Tshewang
    ཏེ་ཁོ་བོང་ཀུ་གི་མཇེ་འདི་ཏེ་བཙུགས་པ་བསྒང་ལས་ བོང་ཀུ་མཇེ་འདི་ཏེ་ཡུདཔ་ཅིག་ལས་སྦོམ་ཡར་སོང་ནུག་ཏེ་འ་ནཱི་གུ་ག་ར་ཨ་ནཱི་ཆགས་ཏེ་སྨོ་ལགས་ག་ར་འ་ནཱི་གུ་ཆགས་ཏེ་མངརམ་དང་སྐྱུརཔོ་དང་ག་ར་འ་ནཱི་གུ་ཆགས་པའི་བསྒང་ལས་ ཧེ་ཧེ་ཧེ།
  • ཚེ་དབང་ Tshewang
    ཏེ་དེ་ལས་ཨཔ་ཝང་འབྲུག་རྒྱལ་ ཡར་ལས་མར་བོད་ལས་ལོག་ མར་ཝང་ལུ་ལྷོདཔ་ད་ཏེ་བུམོ་འདི་ཚུ་ཏེ་ཨཔ་འབྲུག་རྒྱལ་ཕྱད་པ་འགྱོ་འགྱོཝ་མས་ཏེ་ཨཔ་ཝང་འབྲུག་རྒྱལ་ལྷོད་ཅིག་ཟེར་ཏེ།
  • ཚེ་དབང་ Tshewang
    ཨཔ་ཝང་འབྲུག་རྒྱས་ཁྱོསམ་འབག་འོང་ག་ས་འབག་འོང་ཡི་འབག་འོང་ཡི་ཟེར་སླབ་སྦེ་ཏེ་ཁོ་བོང་ཀུ་ལག་ཆ་འདི་བྱིན་སྦེ་ད་ཁྱོད་ར་ཡར་ལས་མར་དང་པ་ར་རྒས་ཤོས་འདི་ལས་སྦེ་འབད་ཞིནམ་ད་ལྕེ་བལྡག་ཅིག་བལྡག་ཅིག་བཟའ་མས་བཏོགས་མ་བཟའ་མས་འཇིབ་ལྕེ་བལྡག་བལྡག་བཟའ་ཟེར་སླབ་སླབ་མས།
  • ཚེ་དབང་ Tshewang
    ཏེ་དང་པ་ར་སྦོམ་ཤོས་འདི་གིས་ལྕེ་བལྡག་དེ་ལས་ དེའི་འོག་ལས་ཀྱིས་ལྕེ་བལྡག་ཁོང་བུམོ་བདུནམ་འདི་སྐོར་སར་ཡི་ར་ ལྕེ་གིས་ལྕེ་བལྡག་ནུག་སྦ་ཏེ་བལྡབ་ད་ཕྱི་ལས་ཀྱི་འདི་ རྫོགས་པའི་བསྒང་ལས་ནང་སྐོར་ནང་ལས་བོང་ཀུ་གི་ལག་ཆ་འདི་འཐོན་འཐོན་མས།
  • ཚེ་དབང་ Tshewang
    ཏེ་བོང་ཀུ་ལག་ཆ་ཐོན་པའི་བསྒང་ལས་ཁོང་ཁམས་ལོག་གནམ་མེད་ས་མེད་ བུང་འགམ་འདི་ཏེ་ཨཔ་ཝང་འབྲུག་རྒྱལ་བཀྲ་མ་ཤེསཔ་ཟེར་ཏེ་སྡོད་ཤིས་ང་བཅས་ཁོ་གི་ལོག་ཅིག་རྐྱབ་ར་རྐྱབ་ནི་ཟེར་ཤིད་ཁོ་ང་བཅས་ཡར་འབོ་ཞིནམ་ན་ང་བཅས་ཁྱིམ་ནང་འབོ་ ཆང་དྲངས་སྦེ་བྱིན་བཞག་གེ་ཟེར་ང་བཅས་ཁོ་ཁ་ལས་ཕར་ སྟུ་བཀལ་ནི་ཟེར་སླབ་སླབ་མས།
  • ཚེ་དབང་ Tshewang
    ཏེ་འདིནི་ཨཔ་ཝང་འབྲུག་རྒྱལ་ཤེས་ནུག་སྦ་ཏེ་ཏེ་ཨཔ་ཝང་འབྲུག་རྒྱས་ཤོག་སྨ་རེ་ད་རེས་ཡར་ ང་བཅས་ཨ་པའི་ཆ་རོགས་སྦེ་ ཁྱིམ་ནང་ཤོག་ཆང་འཐུང་ང་བཅས་བློ་རྐྱབ་སྡོད་གེ་ཟེར་བའི་ལོ།བཏུབ་བཏུབ་ཟེར་སླབ།
  • ཚེ་དབང་ Tshewang
    དེ་ལས་ཨཔ་ཝང་འབྲུག་རྒྱས་ཀྱིས་ད་རེས་ཁོང་ ང་ལུ་འ་ནཱི་འབད་འོང་ཟེར་མནོ་སྦེ་ཨཔ་ཝང་འབྲུག་རྒྱལ་གྱིས་ ལྷབ་ཕྱི་ནང་ལུ་ཨ་ནཱི་ང་བཅས་ར་གི་ ཆུ་ཤོག་བཟུམ་སྦེ་ཞིནམ་ད་ ག་ཅིག་གཅིག་བཙུགས་འབག་འབགཔ་མས།
  • ཚེ་དབང་ Tshewang
    ཆང་བྱིནམ་ད་ར ་ཁོ་འ་ནཱ་འདེགས་བཞག་ནི་སྦེ་ཕར་ལས་སོང་ཏེ་ཡར་ལྷོདཔ་ད་ལུ་ཨིན་མས་ལོ་ རོགས་བཞེས་སྒོ་ལྟོ་དང་ལྟོ་དང་པགས་དང་བྱིན་དེ་ལས་ཏེ་ཆང་འདི་ཏེ་གྱངས་ཁ་ར་མེད་པ་བྱིན་བྱིནམ་མས་ཏེ།
  • ཚེ་དབང་ Tshewang
    ཁོ་ར་གི་ཨ་པ་འདི་ ནཱ་ཁོ་བཟུམ་སྦེ་ཨཔ་དང་ཁ་མཉམ་ཅིག་བཞག་སྦེ་ཏེ་ཨཔ་ཝང་འབྲུག་རྒྱལ་ཀྱིས་ཆང་ཁ་བྱིན་ཨ་པ་ཡང་བྱིན་ ཨ་པ་འདི་ཏེ་ངོ་མ་སྦེ་ར་འཐུང་འགྲགས་སོང་མས་ཨཔ་ཝང་འབྲུག་རྒྱས་ཀྱིས་ཕར་ལས་བྱིནམ་ད་ར་ འཐུང་རྫུ་བཏབ།
  • ཚེ་དབང་ Tshewang
    ཁོ་མ་འཐུང་མ་མཐོངམ་ད་ར་ ཧེམ་ཅུང་ནང་མར་ ཨ་ནཱ་འདེགས་བཞག་བཞགཔ་མས་རོགས་ཀྱིས་ འགྲངས་ཡང་མ་འགྲངས་པས་ ཏེ་དེ་ལས་ཁོ་ཏེ་ཆང་གིས་འགྲངས་རྫུ་བཏབ་ཏེ་འགྲངས་རྫུ་བཏབ་སྦེ་སྡོད་སྡོདཔ་མས་སྡོདཔ་ད་ད་ཉལ་ཟེར་ཏེ་ཉལ་བཅུག་འདུག་ཏེ།
  • ཚེ་དབང་ Tshewang
    ཏེ་ཨ་པ་འདི་ ཕར་ལས་ཉལ་ཁོ་ནང་ལས་ཡང་ཉལ་ཏེ་ན་འཐན་ནུབ་མོ་ན་འཐན་ར་ ཨཔ་འདི་གཉིད་ལོག་ཨཔ་ཆང་འགྲངས་སོང་འདུག་གཉིད་ལོག་ཁོང་བུམོ་འདི་ཚུ་ནཱེམ་འབད་དེ་ཁོང་ཡང་ཡེང་ཅིག་ནང་ ཨ་པ་འདི་ཚུར་ལྟག་བཏོན་ཁོ་ཕར་ཁ་ཐུག་ཨ་པ་ཉལ་སར་ནང་ཁོ་ཉལ་ཏེ་ཁོ་ཉལ་སར་ནང་ ཨ་པ་ཧེན་བཞག་ནུག་ཏེ།
  • ཚེ་དབང་ Tshewang
    ཧེན་བཞག་སྦེ་དེ་ལས་བུམོ་འདི་ཚུ་ བསྐོར་རྐྱབ་པས་འོངམ་མས་ཟེརཝ་མས་ལོ་དང་པ་ར་བུམོ་སྦོམ་ཤོས་འདི་འོངམ་མས་ཟེརཝ་མས་ལོ་གོ་ལ་ཡར་བཤུབ་འབད་སྦེ་ཨེང་་་ཨཔ་འདི་ཤུད ཤུད་ཨཔ་ཁྱོད་ཚར་གཅིག་མེན་ཚར་གཉིས་མེན་ཟེར་ང་བཅས་ལུ་འ་ནཱི་བཟུམ་སྦེ་འབད་ཞིནམ་ད་བཀྲ་མ་ཤིགཔ།
  • ཚེ་དབང་ Tshewang
    རྟ་བོང་ཀུ་གི་མཇེ་ ང་བཅས་ལུ་འཇིབ་བཅུག་པའི་ཟེར་ཁྱོད་འ་ནཱི་བཞེས་ཤིག་ཟེར་ཨཔ་འདི་གི་ཁ་ལས་ཕར་ སྟུ་ཚར་གཅིག་བཀལ་བཞག་ཡར་སོང་ནུག་ཧེ་ཧེ་ཧེ་ཁོ་ར་ཨཔ་འདི་གི་ཁ་ལས་ཕར་ སྟུ་དབུར་བཞག་ཡར་སོང་ནུག་ཏེ།
  • ཚེ་དབང་ Tshewang
    དེ་ལས་འདིའི་འོག་ལས་ཀྱི་འདི་འོང་ཁོང་བུམོ་བདུན་སྐོར་སར་ཏེ་ར་ དབུར་བཞག་ཡར་སོང་ནུག་དེ་ལས་བུམོ་ཆུང་ཤོས་འདི་གུ་ལྷོདཔ་ད་ཁོ་སླབ་འདུག་པ་ཏེ་ཕར་ལས་ དབའེ་ད་བཏུབ་པས་ཨ་པའི་ཁ་དྲིམ་ཨ་པ་ཁ་གམ་དྲི་མནམ་ཆེ་འདུག་ད་བཏུབ་པས་ཟེར་སླབ་པ་དེ་ལས་བུམོ་ང་མཚར་འདི་ཏེ་ཏེ་དབའེ་ཨཔ་ཝང་འབྲུག་རྒྱལ་སྐུ་ཆེ་གསུམ་ཆེ་ཨིན་ ཧི་ཧི་ཧི།
  • ཚེ་དབང་ Tshewang
    ད་འབདན་ཁྱོད་འ་ནཱི་བཟུམ་ ག་ལུ་ཡང་སླབ་མ་ད་ཟེར་ཏེ་ད་ང་བཅས་འདི་བཟུམ་ཏེ་འབད་ར་མི་འབད་ད་ ཁྱོད་ག་ལུ་འབད་རུང་སླབ་མ་ད་ཁྱོད་སླབ་ག་ཅི་སླབ་ཅིག་ཉན་བཏུབ་ཟེར།
  • ཚེ་དབང་ Tshewang
    བཏུབ་དེ་འབད་ཚེ་ ང་ག་ཅི་སླབ་ཅིག་ ཁྱོད་ཉན་དགོ་མས་ཟེརཝ་ད་བཏུབ་ཟེར་སླབ་ནུག་པ་ཏེ་ཉན་གེ་ཟེར་སླབ་བཞག་ཨིན་ན་ཨིན་ན་འདིནི་ཟེར་སླབ་སྦེ་ཏེ་འ་ནཱེམ་ཅིག་སྦེ་བཞག་ད་འདུག་དེ་ལས་ཚར་གཅིག་འབདཝ་ཨེང་་་ཐིམ་ཕུག་སྒྲོམ་མཆོད་རན་ཐིམ་ཕུག་ཚེས་བཅུ་བསྒང་ཏེ་ཚེ་བཅུ་བསྒང་ཚེས་བཅུ་བལྟ་ནི་སྦེ་རོགས་སྡོདཔ་ད།
  • ཚེ་དབང་ Tshewang
    ཡར་དེ་ཚེ་ཐིམ་ཕུག་རྫོང་གི་ལྟག་ལས་ཕར་ ཚེས་བཅུ་བལྟ་སྦེ་སྡོདཔ་ད་ཏེ་འ་ནཱེ་སྦེ་སྡོདཔ་ད་ བུམོ་འདི་ཚུ་ག་ར་ བཟོ་བཟོ་སྐུད་ཤུད་ཐགས་ར་དཀྱི་གོས་ཆེན་སྟོད་གོ་གྱོན་སྦེ་འོངམ་མས་ཏེ།
  • ཚེ་དབང་ Tshewang
    ཏེ་འ་ནཱི་བསྒང་ ཐིམ་ཕུག་གི་དཔོན་འདི་ཏེ་དཔོན་འདི་གིས་ཏེ་གཟིགསཔ་ད་ལུ་བུམོ་འཇའ་རིསམོ་སྦེ་མཐོང་ཏེ་དཔོན་ཁོ་དཔོན་གྱི་སྦོ་ལོ་ཁར་སྡོད་སྡོདཔ་འདྲས་སྦོ་མར་ཏེ་དཔོན་ཏེ་བུམོ་འདི་ཚུ་བལྟ་གསུངས་གསུངསམ་མས་ཏེ་སྤའོ་བུམོ་འཇའ་རིསམོ་ཙང་ཙ་ར་ཁོ་རེ་ཨ་ནཱི་ཚུ་ འཇའ་རིསམོ་འདུག་མས་ཟེར་ གསུངས་གསུངསམ་མས་སྦ།
  • ཚེ་དབང་ Tshewang
    ཏེ་གསུངསམ་ད་ཁོ་སླབ་སླབ་མས་ ཨ་ག་ཅི་འཇའ་རིསམོ་འོང་ནཱི་ལགས་འདི་ཚུ་ང་ང་སླབ་པའི་བསྒང་ལས་ ག་ཅི་སླབ་རུང་ཉན་འོང་ཁོང་ཚུ་འ་ག་ཏེ་ཉན་བཏུབ་ནི་ས་ཤིད་ ཁྱོད་ཀྱི་འབྱུང་ཁུངས་མིན་འདུག་ཟེར་ ད་ལྟོ་ ང་ཁོང་ལུད་བཀལ་ཟེར་སླབ་རུང་ ལུད་བཀལ་འོང་ལགས་ ཁོང་གིས་ཟེར་སླབ་སླབ་མས།
  • ཚེ་དབང་ Tshewang
    ཨིན་ན་ཟེར་སླབ་ད་ ཨིན་ཟེརཝ་མས་ལོ་ཏེ་རྒྱལ་སྤུང་དཔོན་དང་ཁོ་རྒྱལ་ཅིག་སྤུང་སྦེ་ཏེ་ཡ་བཀལ་ཤིག་ཟེར་ལྟག་མ་ཨ་ནཱི་ཚུ་ ལུད་བཀལ་ཚུགས་པ་ཅིན་དེ་ཅིག་ཨིན་ལུད་བཀལ་མ་ཚུགས་པ་ཅིན་འབདན་ཁྱོད་ང་བསྡམ་ཆུ་བཀལ་གེ་ཟེར།
  • ཚེ་དབང་ Tshewang
    བཏུབ་ཟེར་སླབ་སྦེ་དེ་ལས་ཁོ་ཕར་ བུམོ་འདི་ཚུ་འབད་ས་ ཡར་སོང་འདུག་ཏེ་ཕར་སོང་དབའེ་དཔོན་གྱིས་ཁྱོད་ད་ལྟོ་ར་ཨ་གོ་ལ་སོར་སྦེ་ལུད་བཀལ་ཟེར་གསུངས་དེ་ཨ་ལུད་ཁུར་རེ་ལུད་ཁུར་རེ་འབག་ཨ་ཕར་ཨ་རི་ནང་ལུ་ ལུད་ཁུར་རེ་ལུད་ཁུར་རེ་འབག་བཀལ་ད་ཟེར་སླབ་སླབ་མས།
  • ཚེ་དབང་ Tshewang
    ཏེ་སླབ་ད་དེ་ལས་བུམོ་འདི་ཚུ་སླབ་ད་ ཨཔ་ཝང་འབྲུག་རྒྱལ་ ཁྱོད་འབྱུང་ཁུངས་ག་ཏེ་མིན་འདུག་ང་བཅས་ནཱ་ཚེས་བཅུ་བལྟ་འོངམ་མེན་པ་ ལུད་བཀལ་བ་ཨིན་ན་ང་བཅས་འགྱོ་ར་མི་ཚུགས་ཟེར་སླབ་སླབ་མས་དབའེ་ནཱེ་སྦེ་མ་འབད་ས་ཨ་པའི་ཁ་འདི་ཟེར་སླབ་སླབ་མས།
  • ཚེ་དབང་ Tshewang
    ཨ་་་ཨ་པའི་ཁ་འདི་ཟེར་སླབ་ཅིག་ཨ་་་བཏུབ་བཏུབ་ཟེར་ སླབ་སྦེ་ཡར་སོང་ནུག་ཏེ་ཧེ་ཧེ་ཧེ་ཁྱིམ་ནང་ ཁྱིམ་ནང་སོང་སྦེ་གོ་ལ་སོར་བཞག་སྦེ་ལུད་ཙིའུ་གང་གང་རེ་གང་གང་རེ་འབག་སྦེ་བླུགས་བཞག་འདུག་ཏེ་བླུགས་ད་འདུག་ཏེ་དཔོན་གྱིས་གཟིགས་ས་ར།
  • ཚེ་དབང་ Tshewang
    ལུད་ཁུར་རེ་ལུད་ཁུར་རེ་བླུགས་བཞག་འབད་སྦེ་ཏེ་ཁྱིམ་ནང་སོང་སྦེ་ད་རུང་གོ་ལ་ཁོང་ར་གཟུགས་འཁྱུ་ གོ་ལ་སོར་གྱོན་སྦེ་འོང་ནུག་ཏེ་ཏེ་འ་ནཱ་ལས་ཁོ་དཔོན་ལས་རྒྱལ་ཐོབ་ཆེ་ཡི་ལོ་ཨཔ་ཝང་འབྲུག་རྒྱས་ཀྱིས་ འ་ནཱེ་སྦེ་ཨིན་ལོ་ལགས།