Skip to main content Skip to search
01 Sep 2018
2 min 46 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Sangay Chozom from Bayling in Tashiyangtse district sings a sad Alo song. There are different verions of Alo songs such as Yangtse Alo, Kurtoe Alo, Dungsam Alo, etc. with varying tunes and lyrics. The song in this video is common to the Yangtse valley. It is a sign of respect, performed when a great lama or leader departs.

༉  སྐྱོ་བའི་གླུ་གཞས་ ཨ་ལོ་མི་གཏང་ཟེར་ན་འདི་ བཀྲ་ཤིས་གཡང་རྩེ་སྦས་གླིང་ལས་ཨིན་མི་སངས་རྒྱས་ཆོས་འཛོམས་ཀྱིས་འཐེན་ཏེ་འདུག ཡོངས་གྲགས་ལུ་སྐྱོ་བའི་གླུ་གཞས་ཨ་ལོ་མི་གཏང་ཟེར་ན་འདི་ ཤར་ཕྱོགས་པའི་ཨ་ལོ་ཟེར་ཚུད་དེ་ཡོདཔ་ཨིན་རུང་ ལ་ལུ་མགུ་ཏོ་ཁ་ལས་ཨ་ལོ་མི་གཏང་བཙུགས་ཏེ་དང་ ལ་ལུ་མགུ་ཏོ་ཁ་ལས་ར་སོ་སོ་སྦེ་འཐེན་སྲོལ་ལེ་ཤ་ཅིག་ཡོད་པའི་ནང་ལས་ ད་ལྟོ་སངས་རྒྱས་ཆོས་འཛོམས་ཀྱིས་འཐེན་མི་འདི་ མགུ་ཏོ་ཁའི་ཚིག་གཅིག་མ་གཏོགས་ ག་ར་སོ་སོ་སྦེ་འཐེན་ཏེ་ཡོདཔ་ད་ སྦས་གླིང་པའི་ལུགས་སྲོལ་ཅིག་ཨིནམ་འོང་ནི་མས། གླུ་གཞས་ཀྱི་ནང་དོན་འདི་ རྒྱ་ཡི་ཙན་དན་ཤིང་མོ་འདི་ མ་འགྱུར་བར་གཏན་ཏོག་ཏོ་སྦེ་བཞུགས་ བྱ་མོ་ལྷ་བྱ་ང་གིས་བསྐོར་ཡི་བསྐོར་ཡི་འཐོན་འོང་ ཟེར་འཐེན་ནི་འདུག

Transcript search
No results found for this search
0 of 0
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ཨ་ལོ་ལ་མི་གཏང་ཟེར་ན། །ཨའེ་ད་ནི་ཏོང་ཏོང་སྐན་གྱིས་ལ་མ་བཏུབ། ། ཨ་ལོ་མི་གཏང་ཟེརན། །ད་ལྐོད་མའི་སྐད་ཀྱིས་མ་བཏུབ། །
    Thought of not singing Alo, Now
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ཨའེ་རྒྱ་ཡི་ཙན་དན་ལ་ཤིང་མོ། །ཨའེ་ད་ནི་མ་འགྱུར་གདན་ལ་བཞུགས་ཤིག ། ཨའེ་རྒྱ་ཡི་ཙན་དན་ཤིང་མོ། །ཨའེ་ད་མ་འགྱུར་བར་གདན་ལུ་བཞུགས་ཤིག །
    Alas! the cypress tree of India Alas! A tree of cypress in India Now stay unwavering from the seat Now stay unwaveringly in a seat
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ཨའེ་བྱ་མོ་ལ་ལྷ་བྱ་ང་ཡི། །ཨའེ་ད་ནི་བསྐོར་ཞིང་བསྐོར་ཞིང་ལ་འོང་མ། ། ཨའེ་བྱ་མོ་ལྷ་བྱ་ང་གི །ཨའེ་ད་བསྐོར་ཡི་བསྐོར་ཡི་འཐོན་འོང་། །
    I, the devine bird, will come roamingly to you.
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ལགས་སོ།། །།
    Thank you.