Skip to main content Skip to search
14 Nov 2014
28 min 15 sec
Rinchen Dorji
Video Overview
Creators: 
Sherig Dentshog

The Ache Lhamo Cham dance originated in Tibet. Drupthob Thangtong Gyalpo (1385-1464 or 1361-1485), who is well known in Tibet and Bhutan as the great spiritual master who built many iron bridges, is the creator of this genre of musical drama. In Bhutan Ache Lhamo Cham is only performed in the areas of Merak-Sakteng in Tashigang district and in Lauri in Samdrupjongkhar district. In those places the performance of this cham dance happens annually. The five dancers in the video embody the characters of a god, a serpent, a fisherman, an assistant and king Norzang. The performance begins early in the morning at 5AM and goes until 5PM, with a lunch break in between. The performance in this video is the first part of a fifteen-part footage of an Ache Lhamo dance that took place in Lauri.

༉  ཨ་ལྕེ་ལྷ་མོའི་འཆམ་འདི་ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་གིས་བརྩམས་གནང་གནངམ་ཅིག་ཨིན་པས། དེ་ཡང་ ཁང་ཁྱིམ་ལ་སོགས་པ་གསར་བཞེངས་འབད་བའི་སྐབས་ལུ་ རྐྱེན་བར་ཆད་མི་འབྱུང་ནིའི་ཐབས་ལུ་ སྤྱིར་བཏང་གནས་བདག་གཞི་བདག་ཚུ་ལུ་གསོལཝ་བཏབ་པའི་ཚུལ་སྦེ་རྐྱབ་དོ་ཡོདཔ་ད་ ཨ་ལྕེ་ལྷ་མོའི་འཆམ་དེ་ནང་ལུ་འཆམ་རྐྱབ་མི་ མི་ལྔ་དགོ་དོ་ཡོདཔ་ཨིན་མས། དེ་ཡང་ རེ་རེ་གི་མིང་སོ་སོ་སྦེ་ཡོད་མི་དེ་ཡང་ ལྷ་མོ། ཀླུ་མོ། ཉ་པ། ཉ་རོགས། དེ་ལས་ ཆོས་རྒྱལ་ནོར་བཟང་ཟེར་ བརྩིས་སྲོལ་འདུག ཨ་ལྕེ་ལྷ་མོའི་འཆམ་འདི་ བོད་ལས་མར་བྱུང་བྱུངམ་ཨིནམ་ད་ ང་བཅས་ར་འབྲུག་རྒྱལ་ཁབ་ཀྱི་ས་གནས་ ཤར་ཕྱོགས་ལུང་ཕྱོགས་ལས་ཕར་ཡོངས་གྲགས་སྦེ་ཡོད་པའི་འཆམ་ཅིག་ཨིན་མི་དེ་ཡང་ མེ་རག་སག་སྟེང་དང་ཤིང་མཁར་ལའུ་རི་ལས་ཕར་མ་གཏོགས་ གཞན་ཁ་ལུ་གནམ་མེད་ས་མེད་ཅིག་རྐྱབ་སྲོལ་མིན་འདུག ཨ་ནཱི་འཆམ་འདི་ ལེའུ་རིངམོ་འབད་ནི་དེ་གིས་ གློག་བརྙན་ཡང་གོ་རིམ་དང་པ་ལས་བཅོ་ལྔ་ཚུན་བཟོ་སྟེ་ཡོད་ས་ལས་ གོ་རིམ་བཅོ་ལྔ་པ་འདི་ཨིན་པས།