Skip to main content Skip to search
01 Sep 2018
3 min 27 sec
Ariana Maki
Video Overview
Creators: 
Sherig Dentshog
Transcript search
No results found for this search
0 of 0
  • པུས་པ་ལལ་ Pushpa Lal
    ཨ་ནཱི་འདི་ ཨ་ལཱན་ཅི་ཧར་པེ་པ་ནི་གི་ དི་ཝི་ཐཱན་ཨིན། ང་བཅས་ཀྱིས་ ཧེ་མ་ལས་རང་དི་ཝི་ཐཱན་ཨིནམ་སྦེ་ ཡིད་ཆེས་བསྐྱེད་དེ་ཡོད། རྒེད་འོག་གི་མི་སེར་ག་ར་ནཱ་ལུ་འཛོམས་ཞིནམ་ལས་ ལྷ་གསོལ་འབདཝ་ཨིནམ་ད་ དེ་ཡང་ ཧེ་མ་ཕམ་ཚུ་གི་སྐབས་ལས་རང་འདི་ཁར་གསོལ་ནི་ཡོད། ང་བཅས་ཀྱིས་ ད་ལྟོའི་བར་ན་ཡང་གསོལ་ཁ་ཕུལ་ནི་ཡོད་ དེ་མ་ཚད་ས་གོ་འདི་བཙོག་པ་འབད་མི་བཏུབ་ གལ་སྲིད་དེ་སྦེ་འབད་བ་ཅིན་གནོད་པ་འབྱུང་འོང་ ང་བཅས་ཀྱིས་ འདི་ནང་ལོ་རེའི་བར་ན་ གསོལ་ཁ་སྦོམ་སྦེ་ཚར་རེ་གསོལ་ནི་ཡོད།
    This is Devithan located in Alanchi, Harpeypani. And we believed this to be Devithan since long time. All the people of gewog gather her and perform rite and ritual. And it is done since our forefather too. We still do the same even today. We don’t make this place dirty, if we do there will be destruction caused. We perform grand Puja once a year.
  • དཔོན་ཆེ་ལ་ Penchela
    ག་ཅི་འབད་ལྷ་གསོལ་འབདཝ་སྨོ?
    Why you performed ritual?
  • པུས་པ་ལལ་ Pushpa Lal
    ང་བཅས་ཀྱིས་ དི་ཝི་ལུ་ལྷ་གསོལ་དུས་ཚོད་ཁར་མ་འབད་བ་ཅིན་ ཆརཔ་མི་བྱིན་ང་བཅས་ལུ་ དེ་འབད་ནི་དེ་གིས་ ང་བཅས་ཀྱིས་ཆརཔ་ཞུཝ་ཨིན་ ཆརཔ་གི་དོན་ལུ་ཨིན་ དེ་ལས་ ལོ་ཐོག་འདི་ཚུ་ལེགས་ནིའི་དོན་ལུ་ཨིན་ གསོལ་ཁ་མ་ཕུལ་བ་ཅིན་བཏུབ་རང་མི་བཏུབ་ ཆརཔ་རང་མི་རྐྱབ་ ཨ་ནཱི་གསོལ་ཁ་ཕུལ་བ་ཅིན་ ཆརཔ་རྐྱབ་འོང་།
    We perform ritual Puja because it is Devi that blesses us with rainfall. Therefore it is calling of the rainfall and for good harvest of the crops too. After performing puja we get rainfall.
  • དཔོན་ཆེ་ལ་ Penchela
    དི་ཝི་ཟེརཝ་ད་ ལྷ་དི་ཝི་འདི་གཅིག་རང་ཨིན་ན་ ཡང་ན་ མ་འདྲཝ་ལེ་ཤ་སྦེ་ཡོད་ག?
    Is there Devi of one type or various types?
  • པུས་པ་ལལ་ Pushpa Lal
    དི་ཝི་འདི་ལེ་ཤ་ཡོད་དེ་འབདབ་ད་ ནཱ་བཞུགས་མི་འདི་ ཤིང་དང་རྡོ་ཟེར་ ཤིང་གཱ་དི་ཝི་འདི་ཨིན།
    There are many types of Devi but residing here is Shinga Devi.
  • དཔོན་ཆེ་ལ་ Penchela
    དེ་ལས་ ཤིང་གཱ་དི་ཝི་འདི་ དི་ཝི་ག་ཅི་བཟུམ་ཅིག་སྨོ?
    What type of Devi is Shinga Devi is?
  • པུས་པ་ལལ་ Pushpa Lal
    འ་ནཱི་འདི་ད་ ལ་ལུ་ཅིག་རྡོ་དང་ ཤིང་གུ་ཆགས་ཏེ་ཡོད་པའི་དི་ཝི་འདི་ ཤིང་ག་དི་ཝི་འདི་ཨིན།
    Singha Devi is, let’s say, residing on rock trees and all, we believe as Singha Devi.
  • པུས་པ་ལལ་ Pushpa Lal
    ལྷ་གསོལ་འདི་ པཱན་ཌིཊི་གིས་འབདཝ་ཨིན་ན?
    Is Puja performed by Pandit?
  • པུས་པ་ལལ་ Pushpa Lal
    ཨིན་པཱན་ཌིཊི་ཞུ་སྟེ་རང་འབད་དགོ་ ང་བཅས་ཀྱིས་ པུ་རིཏི་འབོ་ཞིནམ་ལས་ ཁོང་གིས་ལྷ་གསོལ་ དེ་ལས་ ཁཱིར་ཟེར་ ཨོམ་བླུགས་ཞིནམ་ལས་ ལྟོ་བཟོ་སྟེ་ ཚོགས་ཕུལ་སྲོལ་ཡོད་ དེ་མ་ཚད་ ཨ་ལོ་ན་མི་དང་ དབང་པོ་སྐྱོན་ཅན་འདི་ཚུ་ཡང་ ནཱ་འཁྱིད་འོང་སྟེ་ གསོལཝ་བཏབ་ནི་ཡོད་ གསོལཝ་བཏབ་པའི་ཤུལ་ལུ་ན་ཚ་ཚུ་ལས་དྲག་ནི་ཡོད།
    Yes! There needs to be Pandit to perform Puja. We invite Purett and they do perform Puja here and bringing milk we make Khir (food prepared by mixing milk) and we make feast offering. We bring flowers and atleast we should have two pundits performing rites here. And we bring here sick and disable kids. If we seek protection and blessing from here, we get recovered from sickness.