Skip to main content Skip to search
25 Aug 2018
8 min 50 sec
Ariana Maki
Video Overview
Creators: 
Yeshé Wangchuk

Domche is sharing an account of Yak Zhaw Laga of Laya community. According to him, it was believed that the key seed of yak in Laya village was from Yak Zhaw Laga, a jewel of the yak originated in Laya as a popular Yak Lhadhar Gaw of Soe goeg under Paro district. Yak Zhaw Laga was considered as jewel Yak because the yak had extracted water from the ground from a dry place by his horn at a place called Tongra and also has other extraordinary imprints, which exist even today at different places. Later the yak was taken to Gasa Dzong  by district administrators to kill but as it being extra ordinary, the yak disappeared from the Dzong and formed himself to mountain just opposite to Gasa Dzong, which can be seen even today. But its boon went to Dagana and today Dagana is beleived as one of the best quality of Yak in the country.

མགར་ས་རྫོང་ཁག་ ལ་ཡག་གཡུས་ཚན་ལས་ དོམ་ཆོས་ཀྱིས་ ལ་ཡག་གི་གཡག་ཤཝ་ལ་གར་གྱི་སྐོར་ལས་ ལོ་རྒྱུས་སླྦ་ཨིནམ་ད་ ཁོ་གིས་འབད་བ་ཅིན་  སྤ་རོ་རྫོང་ཁག་ སོས་རྒེད་འོག་ནང་ནང་ གཡག་ལྷ་དར་དགའཝ་བཟུམ་སྦེ་ ལ་ཡག་ལུ་གཡག་གི་ ཕ་སོན་འདི་ ནོར་བུ་དང་འདྲ་བའི་ གཡག་ཤཝ་ལ་གར་ལས་བརྟེན་བྱུང་ནུག་ཟེར་མས། གཡག་ཤཝ་ལ་གར་འདི་ ནོར་བུ་བཟུམ་སྦེ་བརྩི་དགོ་མི་འདི་ཡང་ གཡག་འདི་གིས་ ས་གནས་སྟོང་ར་ཟེར་སའི་ སྤང་སྐམ་ཅིག་ནང་ལས་ རྭཝ་གིས་སྦེ་འབད་ཞིནམ་ལས་ ཆུ་བཏོན་ཡོདཔ་མ་ཚད་ གཞན་ཡང་ད་རིས་ནངས་པ་ཡང་མཐོང་ཚུགས་པའི་ ཡ་མཚན་ཆེ་ཏོག་ཏོ་གི་ ཤུལ་བཞག་ལེ་ཤ་ཅིག་ཡོདཔ་ལས་བརྟེན་མས། ཤུལ་ལས་ མགར་ས་རྫོང་ཁག་གི་ གཡག་འདི་གསག་ནི་སྦེ་འཁྱིད་སོང་པའི་སྐབས་ གཡག་འདི་གཞན་དང་མ་འདྲཝ་ཅིག་ཡོདཔ་ལས་ ག་ཏེ་ཡང་མེད་སྦེ་ཡལ་སྟེ་ རྫོང་གི་གདོང་ཕྱོགས་ལུ་ ད་རིས་ནངས་པ་ཡང་ གསལ་ཏོག་ཏོ་སྦེ་མཐོང་ཚུགས་མི་ རི་འདི་ལུ་སྤྲུལ་ཡོདཔ་ད་ འདིའི་བྱིན་རླབས་འདི་སོང་སྟེ་ ད་རེས་ནངས་པ་ དར་དཀར་ན་ལུ་གཡག་གི་སྤུས་ཚད་ལེགས་ཤོམ་འོང་མི་འདི་ འདི་ཨིན་ཟེར་བཤདཔ་མས།