Skip to main content Skip to search
27 Aug 2018
9 min 2 sec
Samten Yeshi
Video Overview
Creators: 
Penchela

Four high level priests were appointed by the Tibetan government in approxmately the 7th century, during the time of Guru Rinpoche's visit to Bhutan. One of the four priests was appointed as the Priest of Tshangkha Lhakhang. The name of the Lhakhang and the lake in Tshangkha village was derived from Tshang in Tibet, as the lake of Tshang community in Tibet came to settle in Tshangkha village. The temple was neglected in the past. The community failed to offer a kind of fee for its sustainability, so the priest left and the temple went into decline. However, the community and the Dzongkhag administration later renovated the temple and reappointed a lama to look after the welfare of the community. The current temple was relocated in the year 1998-1999, but original site is located just below the new temple, and can be seen as ruins to this day. 

འབྱུང་རབས་དང་འཁྲིལ་བ་ཅིན་ བླམ་བཞི་འདི་ དུས་རབས་༧པའི་ནང་ གུ་རུ་རིན་པོ་ཆེ་ འབྲུག་ལུ་འབྱོནམ་ད་ བོད་གཞུང་གིས་བསྐོ་བཞག་འབད་ཡི་ཟེར་ཨིན་མས། བླམ་བཞི་ལས་ གཅིག་འདི་ གཙང་ཁ་ལྷ་ཁང་གི་ བླམ་སྦེ་བསྐོ་བཞག་མཛད་ཡོདཔ་ཨིན་མས། གཙང་ཁ་ལྷ་ཁང་དང་ གཙང་ཁ་གཡུས་ཚན་ནང་ཡོད་པའི་ མཚོ་གི་མིང་འདི་ བོད་གཙང་ལས་ འབྱུང་ཡོདཔ་དང་ དེ་ཡང་ བོད་གཙང་ལུ་ཡོད་པའི་མཚོ་འདི་ གཙང་ཁ་ལུ་ ཆགས་ཆགསཔ་ཨིན་ཟེར་ཨིན་མས། ལྷ་ཁང་འདི་ ཚར་གཅིག་ སྣང་མེད་སྦེ་བཞག་ཡོདཔ་དང་ དེ་ཡང་ མི་སྡེ་ཚུ་གི་ འཐུས་སྤྲོད་ནི་ལུ་ འཐུས་ཤོར་འབྱུང་ཡོདཔ་ལས་ བླམ་འདི་ཡང་ ལོག་འབྱོན་ཏེ་ ལྷ་ཁང་འདི་ ཉམས་འགྱོ་ཡི་ཟེར་ཨིན་མས། ཨིན་རུང་ ཤུལ་ལས་ མི་སྡེ་དང་ རྫོང་ཁག་བདག་སྐྱོང་གི་ ལྷ་ཁང་འདི་ ཉམས་བཅོས་འབད་ཡོདཔ་དང་ མི་སྡེའི་ཁས་ཕན་ལུ་དམིགས་ཏེ་ བླམ་ཡང་ལོག་སྟེ་བསྐོ་བཞག་མཛད་ཡི་ཟེར་ཨིན་མས། ལྷ་ཁང་འདི་ ད་ལྟོ་ཡོད་པའི་ས་གནས་འདི་ཁར་ སྤྱི་ལོ་ ༡༩༩༨དང་ ༡༩༩༩ལུ་གནས་ཆགས་ཡོདཔ་དང་ ཧེ་མའི་ས་གནས་འདི་ ད་ལྟོ་ཡོད་པའི་ལྷ་ཁང་གི་འོག་ལུ་ཡོདཔ་དང་ ལྷ་ཁང་རྙིངམ་འདི་ གྱང་ཁོག་སྦེ་མཐོང་ཚུགསཔ་ཨིན་མས། 

Transcript search
No results found for this search
0 of 0
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་ད་ དུས་དང་ཕུ་ལས་ར་ཏེ་ནཱ་གཙང་ཁ་འདི་དར་དཀར་རབ་སྡེ་གྲྭ་ཚང་ནང་ལུ་ཏེ་དང་ཕུ་བོད་ལས་བླ་ཆེན་བཞི་ཟེར་བྱུང་པའི་གྲལ་ལས་གཅིག་འདི་ཏེ་གཙང་ཁ་བླམ་འདི་ངོས་འཛིན་འབད་ཡི་ ཟེར་བཤད་ཚུལ་ནེ་སྦེ་འདུག་ཟེར་ཞུ་ནི་སྦེ་ཨིན་ལགས།
  • གཙང་ཁ་རྒཔོ་ Tsangkha Gup
    ད་འ་ནཱི་འབདཝ་ད་ཏེ་ཡར་ལས་མར་རབ་སྡེ་གྲྭ་ཚང་གི་བོད་ལས་བླ་ཆེན་བཞི་བྱུང་པའི་གྲལ་ལས་བླམ་གཅིག་གཙང་ཁ་བླམ་ཟེར་མི་འདི་དང་ཕུ་ལས་རབ་སྡེ་གྲྭ་ཚང་གི་ཁ་ཐུག་ལས་ རོགས་ནེ་སྦེ་བསྐོས་སྲོལ་ཡོདཔ་ལས་བརྟེན་ཏེ་སྦེ་ད་རེས་ཡང་དེ་གི་རྒྱུན་མ་ཉམས་པར་
  • གཙང་ཁ་རྒཔོ་ Tsangkha Gup
    ང་བཅས་མི་སེར་གྱི་ཁ་ཐུག་ལས་ཧེ་མ་ལུ་ལྷ་ཁང་ཉམས་སུ་ཞུ་སྟེ་འབད་མི་སེར་ལུ་ཕན་ཐོགས་མེདཔ་ཡར་སོང་སྟེ་འབད་ས་ཅིག་རུང་ཡང་ལོག་སྟེ་ཤུལ་ལས་ང་བཅས་ཀྱི་འདི་ལུ་[རྒྱུད་སྙེམ་?] སྟེ་འབད་རྫོང་ཁ་ཡར་རྒྱས་ཚོགས་འདུ་ནང་ལས་གསུང་གྲོས་གནང་འབད་སྦེ་ཏེ་ད་རེས་ཡང་ལོག་སྟེ་སྦེ་བླམ་འདི་ཨ་རྟགས་ཧ་ལུགས་བསྐོས།
  • གཙང་ཁ་རྒཔོ་ Tsangkha Gup
    ལྷ་ཁང་འདི་ཚུ་ཞབས་ཏོག་མ་བཏུབ་བཏུབ་ཞུ་འབད་སྦེ་མི་སེར་གྱི་ད་སེམས་ཅན་གྱི་མཐའ་དོན་ལུ་ཕན་ཚུགསཔ་སྦེ་ཏེ་ལཱ་འབད་དེ་ར་ཡོད་ཟེར་ཞུ་ནི་སྦེ་ཨིན་ལགས།ཏེ་འ་ནཱི་ལྷ་ཁང་འདི་བྱུང་མི་འདི་དང་གཙང་ཁ་གི་མཚོ་འདི་དེ་ལས་གཡུས་ཀྱི་མིང་གཙང་ཁ་ཟེར་ཆགས་དགོ་མི་འདི་ཡང་བླ་ཆེན་བཞི་གི་གྲལ་ལས་གཅིག་འདི་ཏེ་རོགས་གཙང་ཁ་བླམ་སྦེ་ནཱ་བྱོན།
  • གཙང་ཁ་རྒཔོ་ Tsangkha Gup
    དེ་དང་དུས་མཉམ་འབད་དེ་སྦེ་ད་དུས་རབས་འབད་བ་ཅིན་ང་བཅས་ཀྱིས་འ་ནཱི་ཕོག་ཚོད་དཔྱད་བལྟ་བ་ཅིན་དུས་རབས་བདུན་པའི་ནང་ལུ་ ཏེ་ང་བཅས་ར་གི་རྒྱལ་ཁབ་ནང་ལུ་དེ་བསྒང་ལུ་ཨོ་རྒྱན་གུ་རུ་རིན་པོ་ཆེ་བསམ་ཡས་ལྷ་ཁང་བཞེངས་འབད་སྦེ་བཞུགས་པའི་གི་དུས་ཚོད་འདི་ནང་ལུ་གཙང་ཁ་རུང་གི་མཚོ་ཨིན་ཟེར་ཏེ་དེ་སྦེ་བཤད་ཚུལ་འདུག་ཟེར་ཞུ་ནི་སྦེ་ཨིན་ལགས།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་ཡར་ལས་མར་མཚོ་འདི་ཡང་ནཱ་ལུ་ཏེ་ཨོ་རྒྱན་གུ་རུ་རིན་པོ་ཆེ་གི་དམ་གྱི་འོག་ལུ་གནས་མ་བཏུབ་པར་ ཏེ་ཡར་ལས་མར་བྱོག་སྟེ་སྦེ་ནཱ་ང་བཅས་ཀྱི་ལྷོ་འབྲུག་ལུ་ཆགས་སྦེ་འབདཝ་ད་ལུ་ཏེ་ད་རེས་ཨ་ནཱི་གཙང་ཁ་གི་མཚོ་འདི་མིང་གི་ངེས་ཚིག་དང་འབྲེལ་ཏེ་སྦེ་ཏེ་གཙང་ཁ་ཟེར་ གཡུས་ཀྱི་མིང་ཡང་གཙང་ཁ་དེ་ལས་གཙང་ཁ་མཚོ་ཟེར་དེ་དང་དུས་མཉམ་འབད་དེ་སྦེ་བོད་ལས་བླ་ཆེན་བཞི་བྱོན་པའི་གྲལ་ལས་གཅིག་འདི་གཙང་ཁ་བླམ་འདི་ཨིན་ཟེར་
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་གདུང་རྒྱུད་ལས་འབད་རུང་ཡར་ལས་མར་ར་ཏེ་ དང་ཕུ་གི་འབྱུང་ཚུལ་དང་འཁྲིལ་ཏེ་སྦེ་རབ་སྡེ་གྲྭ་ཚང་ལས་ད་ལྟོ་ཡང་བསྐོས་ཏེ་ཡོད་ སྔོན་མ་ཡང་ནེ་སྦེ་ར་བསྐོས་ནུག་ཟེར་ཞུ་ནི་སྦེ་ཨིན། ཏེ་འ་ནཱི་འབདཝ་ད་ད་གཡུས་ཀྱི་མིང་ལུ་གཙང་ཁ་ཟེར་ཏེ་མ་པ་གཙང་ཟེར་མི་འདི་ བོད་གཙང་ལས་བྱུང་ནི་འདི་གིས་གཙང་ཟེར་བཏགས་བཏགསཔ་མས།
  • གཙང་ཁ་རྒཔོ་ Tsangkha Gup
    ད་ཁ་དེ་འདི་ད་ ང་བཅས་ར་ནཱ་ལུ་གཡུས་ཚན་ཆགས་སྦེ་འབད་བའི་བསྒང་ལས་ང་བཅས་ར་གི་ཁྱིམ་འདི་ཚུ་རྐྱབ་འབད་མི་འདི་ཨ་ནཱི་མཁར་ཟེར་ ཏེ་གཙང་ཁ་ཟེར་བཏགས།ཏེ་དེ་ལསན་ མཚོ་འདི་ཡང་གཙང་ཁ་མཚོ་ཟེར་དེ་ལསན་ལྷ་ཁང་འདི་ཡང་གཙང་ཁ་ལྷ་ཁང་ཟེར་ཏེ་འ་ནཱི་སྦེ་མིང་གསུམ་དེ་འདི་གནམ་མེད་ས་མེད་ཀྱི་གཞི་འགྲིགས་ཏོག་ཏོ་སྦེ་ནེ་སྦེ་ཆགས་ཏེ་སྦེ་འདུག་ཟེར་ཞུ་ནི་སྦེ་ཨིན་ལགས།
  • གཙང་ཁ་རྒཔོ་ Tsangkha Gup
    ད་དེ་ནང་ལུ་བླམ་འབྱོན་ཚུལ་གྱི་ཁ་ཐུག་ལས་སྦེ་ཞུཝ་འདྲཝ་ཅིག་འབད་བ་ཅིན་ཏེ་སྔོན་མ་དེ་འདི་གནམ་ལོ་༡༩༦༢དེ་ཅིག་གི་ངོ་བསྒང་ལུ་ཨིན་པས།ང་བཅས་ར་གི་ཕུན་ཚོགས་གླིང་གི་ལམ་འདི་ཡར་རྒྱས་གོང་འཕེལ་གྱི་དོན་ལུ་བཏོནམ་ད་ལུ་ད་ཕོ་ཕོ་དང་མོ་ཟེར་ཕྱེ་ནི་མེད་པ་ག་ར་ལམ་སེལ་ཁར་འགྱོ་དགོཔ་སྦེ་འབདཝ་ལས་བརྟེན་ཏེ་སྦེ་དང་ཕུ་ལུ་བླམ་ལུ་ཕོགས་ཟེར་རྩ་བོ་གཉིས་ལས་མིན་འདུག་ནཱ་སྦྱིན་བདག་འདི་ཚུ་གིས་འབད་ཕུལ་ཚུལ་ཡོདཔ་མས།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་ནཱ་མི་སྡོད་མི་མེད་འབད་བའི་བསྒང་ལས་བླམ་ལུ་ཕོགས་ཕུལ་མི་མེད་ད་ལྟོ་ཕོགས་ཕུལ་མི་མེད་འབད་སྦེ་ཏེ་བླམ་དེ་ཡང་ནཱ་ལས་ལོག་སྟེ་སྦེ་ཏེ་ནཱ་བཞུགས་མ་ཚུགས་པར་བྱོན་སྦེ་ཞིནམ་ལས་ཏེ་ལྷ་ཁང་འདི་དེ་སྦེ་ཉམས་སུ་ཤོར་ནུག་ཟེར་ཞུ་ནི་སྦེ་ཨིན།ད་འ་ནཱི་སྦེ་ཉམས་སུ་ཤོར་འབད་སྦེ་ང་བཅས་ནཱ་ང་ར་ཡང་ཕྱི་ལས་ཀྱི་རྨགཔ་བཟུམ་ཅིག་ཨིན་ཏེ་ད་གཉེན་ནཱ་ལྟ་འཁོར་འབདཝ་ད་ལུ་ཏེ་ང་བཅས་བལྟཝ་ད་ལུ་ ད་ལྟོ་ཨ་མར་འོག་ལུ་ཡོད།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་འ་ནཱི་ཁྱིམ་ཆུང་ཀུ་ཅིག་སྦེ་ལྷ་ཁང་འདི་ལྷ་ཁང་སྦེ་མིན་འདུག་ཟེར་ཞུ་ནི་སྦེ་ཨིན་ལགས།གྱང་ཁོག་ཐལ་འབད་སྦེ་ འདི་ནང་ལུ་བླམ་བཞུགས་སའི་གཟིམ་ཅུང་བཟུམ་ཅིག་སྦེ་ཏེ་འ་ནཱི་སྦེ་ཆགས་ཏེ་འདུགཏེ་འདི་ལོག་ཤུལ་ལས་ གནམ་ལོ་༩༨དང་༩༩གི་ནང་ན་ལུ་ཏེ་ཧེ་མ་གི་རྒཔོ་འདི་ཚུ་གི་ཁ་ཐུག་ལས་ཁོང་ར་མི་སེར་གྱི་ད་ལོག་ཏེ་སྦེ་ཧེ་མ་ཡོད་པའི་གི་ལྷ་ཁང་འདི་ལོག་སྟེ་སྦེ་ང་བཅས་མི་སེར་གྱི་ཕྱག་འཚལ་སའི་རྟེན་སྦེ་ལོག་ཏེ་སྦེ་གསར་སྒྲུབ་འབད་དགོ་པས་ཟེར་འབད་ཞིནམ་ད་
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་ལོག་སྟེ་ལྷ་ཁང་ཕྱིའི་ཁྲོམ་བཞེངས་ནིའི་ལཱ་འགོ་འདི་ཚུ་གནམ་ལོ་༩༨དང་༩༩ནང་ལུ་བཙུགས་ཏེ་སྦེ་ཏེ་ཕྱིའི་ཁྲོམ་འདི་དེ་སྦེ་བཞེངས་ནུག་ཟེར་ཞུ་ནི་སྦེ་ཨིན་ལགས།ཏེ་ཨིན་རུང་ཡང་ཏེ་ལྷ་ཁང་གི་ནང་ན་གི་ནང་རྟེན་འདི་ཚུ་ག་ནི་ཡང་མེད་ཏེ་གཡུས་ཁ་གི་མི་ག་ར་མི་སེར་ཉམ་ཆུང་སྦེ་འབདཝ་ལས་བརྟེན་ཏེ་སྦེ་སྟབས་མ་བདེཝ་ལས་བརྟེན།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་གནམ་ལོ་༢༠༠༠ལས་ང་ར་ཡང་ནཱ་གི་སྤྱི་མི་སྦེ་ཏེ་ཨ་ནཱི་རྒེད་འོག་འདི་གི་སྤྱི་མི་འབད་ཞིནམ་ན་ལས་ང་བཅས་ཀྱིས་གཞུང་ལུ་འཆར་གཞི་བཟོ་བཏང་སྦེ་ཞིནམ་ལས་དངམ་ལྷ་ཁང་འདི་གི་ནང་ན་གི་ནང་རྟེན་འདི་ཚུ་སྐུ་ལས་འགོ་བཙུགས་ཏེ་སྦེ་མཆོད་བཤམ་ལས་འགོ་བཙུགས་ཏེ་སྦེ་ག་ར་གཞུང་གི་མ་དངུལ་འཆར་གཞི་བཟོ་བཏང་འབད་སྦེ་ཏེ་འདི་ཚུའི་ཁ་ཐུག་ལས་གསར་སྒྲུབ་རྐྱབ་བསྒྲུབས།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་དེ་ལས་ལྡེབས་རིས་ཀྱི་ཐད་དུ་ལྷོདཔ་ད་ལུ་ཏེ་ད་དོ་རུང་ཡང་ལྡེབས་རིས་འདི་ཡང་ང་བཅས་ར་གི་བཀོད་བཏང་འབད་སྦེ་ཏེ་ད་རོགས་ལྡེབས་རིས་ཀྱི་ནང་ན་གི་ལྡེབས་རིས་འདི་ཚུ་གི་ཆ་ཚང་འདི་ག་ར་མར་འབྲུག་རྗེས་སྒང་མཚམས་པ་རིན་པོ་ཆེ་ཡོད་ད་ལྟོ་ཡང་ཞལ་བཞུགས་ཏེ་སྦེ་ཡོད་ཏེ་ཁོ་གི་ཞལ་བཀོད་དང་འཁྲིལ་འབད་སྦེ་ཏེ་ང་བཅས་ཀྱི་ལྡེབས་རིས་འདི་གུ་ཏེ་བསྒྲུབ་ནི་འགོ་བཙུགས།
  • གཙང་ཁ་རྒཔོ་ Tsangkha Gup
    ལྡེབས་རིས་འདི་ནང་ རོགས་ཁོང་ར་མི་སེར་ནཱ་གི་འབྲུགཔ་འདི་ཚུ་གི་ཁ་ཐུག་ལས་ཏེ་གུང་པ་རེ་ལས་ཏི་རུ་སྟོང་ཕྲག་གཉིས་གཉིས་ཏེ་དེ་ལསན་ནཱ་སྤྱི་འོག་ལྔ་གི་མི་སེར་ལྷོ་མཚམས་འདི་ཚུ་ལས་ག་ར་ཞལ་འདེབས་སྦོམ་སྦོམ་ཆུང་ཆུང་བཀལ་འབད་སྦེ་ཡུདཔ་ཅིག་སྟོང་ཕྲག་༨༥དེ་ཅིག་གི་རྩིས་སྦེ་ཏེ་ནང་ན་གི་ལྡེབས་རིས་འདི་ཚུ་ནེ་སྦེ་བསྒྲུབས་ཅི་ཟེར་ཞུ་ནི་སྦེ་ཨིན་ལགས།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་སྐུ་རྟེན་འདི་ཚུ་གི་ཁ་ཐུག་ལས་འདི་གཞུང་གི་མ་དངུལ་ཏི་རུ་༢༥༠༠༠༠ཐོབ་སྟེ་གི་སྦེ་བསྒྲུབས་སྐུ་འདི་ཚུ་ཡང་ག་ར་སྨན་སྐུ་ཉག་རྐྱང་སྦེ་ཏེ་དར་དཀར་དཔལ་ལ་ལུ་ཏེ་གཞུང་གི་ཁ་ཐུག་ལས་བཞེངས་ནི་འགོ་བཙུགས་འབད་སྦེ་དེ་བསྒང་ལུ་ནཱ་ག་རི་ལམ་(སྣུམ་འཁོར་ལམ་)མེད་ལགས།ཏེ་སྐུ་འདི་ཚུ་ག་ར་མར་ལས་སཱོན་ཀོཤ་ལས་ཏེ་མི་སེར་གྱི་ཕྱག་ལྟག་ཁར་བཀལ་ཏེ་སྦེ་ཏེ་དཔྱ་གུ་བཅིངས་འབག་འོང་འབད་སྦེ་ཏེ་འ་ནཱི་སྦེ་བཙུགས་འབད་སྦེ་ཏེ་ད་རེས་འདི་ཏེ་འ་ནཱི་སྦེ་སྟབས་བདེ་ཏོག་ཏོ་ཅིག་སོང་སྦེ།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་ལྷ་ཁང་འདི་གི་ནང་རྟེན་བཙུགས་ད་དེ་འབད་ས་ཅིག་རུང་ཡང་ཕྱིའི་ཁྲོམ་གྱི་ལྷ་ཁང་འདི་ཚུ་སྔོན་མ་ལུ་མི་སེར་གྱིས་མ་ཤེས་ཏེ་བཀོད་ལེགས་ཤོམ་ཅིག་སྦེ་འགྱོ་མ་བཏུབ་སྦེ་སྡོད་འབད་ཞིནམ་ད་ཏེ་སྔོན་མ་འབད་བ་ཅིན་ཏེ་འ་ནཱི་ནང་ལས་[པ་གཡབ་?]གཉིས་བཙུགས་ཏེ་སྦེ་འདུག་ཟེར་ཞུ་ནི་ལགས།ཏེ་དེ་ཡང་ལོག་ཤུལ་ལས་ཏེ་ད་གནམ་ལོ་༢༠༡༡ལས་ང་ར་རྒཔོ་འབད་ཞིནམ་ད་ལས་
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་ན་ཧིང་ང་བཅས་ར་གི་རྒེད་འོག་གོང་འཕེལ་གནང་བྱིན་གྱི་མ་དངུལ་གྱི་ཐོག་ལས་འབད་དེ་སྦེ་ཏེ་ད་འ་ནཱི་[པ་གཡབ་?]གཉིསཔ་འདི་གྱང་རྫམ་ཞིནམ་ད་ག་ར་བཏོན་བཀོ་སྦེ་ཏེ་དེ་ནང་ལུ་རྒྱ་བསྐྱེད་འབད་སྒོ་མང་རབ་གསལ་འདི་བཏོན་ཏེ་དེ་ལསན་ཕྱི་གི་མཐའ་སྐོར་གྱི་ཉམས་བཅོས་འདི་ཚུ་ཡང་ཏེ་ད་སྔོན་མ་ལུ་སྐོར་ར་རྐྱབ་བཏུབ་མེདཔ་[འཚོ་?]བཏུབ་མེདཔ་འདི་ཚུ་ཡང་ག་ར་རྩིགཔ་་་ ཉམས་བཅོས་བཟོ་རྩིགཔ་རྐྱབ་འབད་སྦེ་མཐའ་སྐོར་གྱི་གཡུར་ཆུ་གི་གཡུར་བ་འདི་ཚུ་ཡང་ཧིང་སང་ས་སྦེ་བཏོན་འབད་སྦེ།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་དེ་ལསན་ཁ་སྨད་ཁ་ཐུག་ལུ་ཏེ་ཁོང་ར་མི་སེར་གྱི་ཁ་ཐུག་ལས་དམངས་ཀྱི་[སྦྱིར་རུ་སྐྱ་རུ་?]འབད་སའི་ཁྱིམ་དང་དེ་ལས་དམངས་ཀྱི་ཐབ་ཚང་གཉེར་ཚང་བཞག་ས་འབད་སྦེ་ཏེ་ཡར་གཡས་ཁ་ཐུག་ལུ་ཏེ་ནཱ་བླམ་གི་གཟིམ་ཅུང་དང་འབད་ད་ཁོང་ར་མི་སེར་ལུ་སྟབས་བདེ་ཏོག་ཏོ་འབད་དེ་སྦེ་ ནེ་སྦེ་བཟོ་སྟེ་སྦེ་ཡོད་ཟེར་ཞུ་ནི་སྦེ་ཨིན།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་བླམ་གི་རིམ་པ་ལས་དཔྱད་པ་ཅིན་ད་སྔོན་མ་ལྷ་ཁང་འདི་ཉམས་སུ་ཞུ་སྡོད་པའི་སྐབས་འདི་ལུ་དང་ཕུ་གི་བླམ་འདི་དེ་ཏེ་ང་གིས་གོཝ་ད་འདི་ཏེ་ཧེ་མ་ཧེ་མ་ལུ་བླམ་སྒོམ་ཀྲུ་ཟེར་མི་གཅིག་ཏེ་ཁོ་ར་ཁེངས་འབྲུག་རྗེས་སྒང་ལས་ཨིན་མས་ཁོ་བཞུགས་ནུགདེ་གི་རྟིང་ཤུལ་བདའ་སྟེ་ཕར་ཁེ་སྦིས་ས་ལས་ལྕངམ་ཅན་ལས་ཨིན་པས་ཏེ་བླམ་ཇ་ཀུ་ཟེར་ཏེ་འ་ནཱི་ཁོང་གཉིས་ནཱ་བཞུགས་ཏེ་སྦེ་དེ་སྦེ་འབད་བའི་སྲོལ་ང་བཅས་མཐོངམ་མས།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་དེ་གི་སྔོན་མ་གི་བླམ་རིམ་ཐེངས་འདི་ཚུ་འདི་ང་བཅས་ཀྱིས་ཏེ་འདི་ཁུངས་དེ་སྦེ་བཀལ་མི་གི་མི་ཡང་ནཱ་ཁོང་ར་གི་གཡུས་ཁ་ལས་ཡང་མིན་འདུགཏེ་གྲྭ་ཚང་གི་ཁ་ཐུག་ལས་ཡང་དེ་སྦེ་ཨིན་ཟེརཝ་ཅིག་མིན་འདུག ཏེ་བླམ་རིམ་ཐེངས་གཉིས་འདི་ཧེ་མ་བྱུང་ནུག་ཟེར་ཞུ་ནི།ད་འ་ནཱི་ད་རེས་ནངས་པ་ལྷ་ཁང་འདི་ལོག་སྟེ་ཉམས་སུ་ཞུ་ལྷ་ཁང་གསར་སྒྲུབ་རྐྱབ་འབད་ཞིནམ་ད་ཏེ་ལྷ་ཁང་གི་འགོ་འབྱེད་བརྟེན་འབྲེལ་འདི་ཚུ་ག་ར་མཛད་སྒོ་གི་རིམ་པ་འདི་ཚུ་ག་ར་འབད་དགོཔ་འབད་ཚར་སྦེ་ཞིནམ་ད་
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་དེ་ལསན་ད་ང་བཅས་ཀྱིས་གཞུང་ལུ་རྫོང་ཁག་ཡར་རྒྱས་ཚོགས་འདུ་ལས་བརྒྱུད་དེ་སྦེ་ནཱ་བླམ་སྔོན་མ་གི་རོགས་ དང་ཕུ་གི་ལུགས་སྲོལ་དང་འཁྲིལ་ཏེ་སྦེ་ཨིན་ཅིག་མིན་ཅིག་བླམ་འདི་གཙང་ཁ་བླམ་དེ་རབ་སྡེ་གྲྭ་ཚང་ནང་ལས་བསྐོས་དགོཔ་འདུག་ཟེར་འབད་ཞིནམ་ད་ཡར་ལས་ཡང་ཏེ་རོགས་རབ་སྡེ་གྲྭ་ཚང་གིས་འབད་རུང་འདི་རོགས་དང་ཕུ་གི་ལམ་ལུགས་དང་འཁྲིལ་འབད་སྦེ་ཡར་ལས་ཞལ་བཀོད་བཞེས་འབད་སྦེ་བླམ་གནང་གནངམ་དེ་འདི་ དང་པ་དང་པ་ར་ང་བཅས་ནཱ་ལུ་བླམ་དོན་གྲུབ་ཟེར་མི་གཅིག་ཏེ་ཡར་ལས་རབ་སྡེ་གྲྭ་ཚང་ལས་འབད་བསྐོས་ཡི་ཟེར་ཞུ་ནི་ཨིན།
  • གཙང་ཁ་རྒཔོ་ Tsangkha Gup
    ད་དེ་གིས་ཡུདཔ་ཅིག་ ལོ་ཕྱེད་དང་གཉིས་ལང་མ་ལངམ་ཅིག་བཞུགས་འབད་སྦེ་ཏེ་དེ་ལས་ཁོ་ལོག་ དགོངས་ཞུ་འབད་བྱོན་སྦེ་ཞིན་ན་ཏེ་དེ་ལས་ད་ལྟོ་ཡར་གྲྭ་ཚང་གི་དབུ་མཛད་ཨིན་ ད་ལྟོ་གི་ཞལ་བཞུགས་ཀྱི་དབུ་མཛད་འབད་བཞུགས་ཡོད་ཏེ་བླམ་དྲྭཝ་ཀུན་ལེགས་ཟེར་ཏེ་ཁོ་ནཱ་ཁོ་གིས་ཡང་ལོ་ལྷག་འཚམས་ཅིག་སྡོད་འབད་སྦེ་ཞིནམ་ད་རོགས་ཡར་གྲྭ་ཚང་གི་འགན་ཁག་ལེན་མི་ཅིག་འབད་གྱལ་གྱི་གོ་རིམ་གྱིས་འབདཝ་ད་ཡར་ལུ་ཏེ་ད་དབུ་མཛད་ཀྱི་དུམ་ཁ་ལུ་ལྷོད་འབད་ཞིན་ན།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་དེ་གི་ཡང་ངོ་ཚབ་སྦེ་ད་རེས་ཀྱི་ང་བཅས་ནཱ་ བླམ་དབང་དྲག་ཟེར་ཏེ་ད་རེས་ཀྱི་གཙང་ཁ་བླམ་ཞལ་བཞུགས་ཀྱི་བླམ་འདི་ཏེ་བསྐོས་འབདཝ་ད་ལུ་ཏེ་སྔོན་མ་རིམ་ཐེངས་གཉིས་ང་བཅས་ཀྱིས་ཚོར་ཚོར་བ་ཏེ་ཤུལ་ལས་ང་བཅས་ཀྱིས་ལྷ་ཁང་གསར་སྒྲུབ་འབད་ཞིན་ལས་བླམ་རིམ་ཐེངས་གསུམ་འགྱོ་དོ་ཟེར་ཞུ་ནི་སྦེ་ཨིན་ལགས།ད་འ་ནེམ་ཅིག་ཨིན་པས་ཏེ་ད་ད་རེས་ནངས་པ་འདི་དང་ཕུ་དང་འཕྱད་པ་ཅིན་འདི་
  • གཙང་ཁ་རྒཔོ་ Tsangkha Gup
    ཁོང་ར་མི་སེར་གྱི་དོན་ལས་ ཏེ་ད་ག་ཅི་ར་འབད་རུང་ན་ཚ་སྐྱེ་འཆི་སྡུག་བསྔལ་ག་ཅི་ར་འབད་རུང་ཏེ་ད་སྟབས་བདེ་ཏོག་ཏོ་འཐུང་ཆུ་ལས་འབད་རུང་སྡོད་ས་གི་ས་གོ་ལས་འབད་རུང་ག་ཅི་ར་འབད་རུ་ལྷ་ཁང་འབད་རུང་ཏེ་ག་ར་ཕྱག་མཆོད་ཀྱི་དོན་ལུ་འོས་འབབ་དང་ལྡན་ཏོག་ཏོ་སྦེ་ཚུལ་དང་མཐུན་ཏོག་ཏོ་ཅིག་འ་ནེ་སྦེ་བཟོ་ཚུགས་ཏེ་སྦེ་ཡོད་ཟེར་ཞུ་ནི་ཨིན་ལགས། བཀའ་དྲིན་ཆེ།། །།