Skip to main content Skip to search
19 Jul 2018
2 min 41 sec
Rinchen Dorji
Video Overview
Creators: 
Yeshi Wangchuk, Rinchen Dorji

Rinchen Phuntsho does not know from where treasure vases originated. Compared to times past, creating these vases has changed. In the past it was very difficult to get the materials needed to make a treasure vase. There should be five treasure vases in total: one in each of the cardinal directions, and one kept in the center. Alternatively, just one treasure vase suffices. To construct a house, each side of the house should have a treasure vase, which protects against destruction on the part of Nagas.

རིན་ཆེན་ཕུན་ཚོགས་ཀྱིས་ འབྱུང་ཁུངས་འདི་མི་ཤེས་དོ་ཡོདཔ་ཨིན་མས། མ་པ་ས་བཅུད་བུམ་པ་་བཞེངས་ནི་འདི་ ཧེ་མ་དང་ཕྱེདཔ་ད་ ད་རེས་ནང་པ་ གོང་འཕེལ་འགྱོ་དོ་ཟེར་ཨིན། དུས་ཀྱི་འགྱུར་བ་དང་འཁྲིལ་འདི་ ས་བཅུད་བུམ་པ་་བཞེངས་ནི་འདི་ཡང་ འཇམ་མས་ཟེར་ ཨིན་མས། ཏེ་དང་ཕུག་འབད་བ་ཅིན་ ས་བཅུད་བུམ་པ་བཞེངས་ནིའི་ ཅ་ཆས་འདི་ཚུ་ཡང་ འཐོབ་ནི་ལུ་ལ་ཁག་ཡོད་པའི་ཁར་ བཞེངས་ནི་འདི་ཡང་ ལ་ཁག་ཡོད་ཟེར་ཨིན་མས། ས་བཅུད་བུམ་པ་འདི་ ལྔ་དགོཔ་ཨིན། ཕྱོགས་རེ་རེ་ལུ་ རེ་རེ་དང་ དབུས་ལུ་གཅིག་དགོཔ་ ཨིན་མས། ཨིན་རུང་མ་ཐོབ་པ་ཅིན་ གཅིག་གི་ཡང་བཏུབ་ཨིན་ལགས། ས་བཅུད་བུམ་པ་འདི་ ས་གི་ཁ་ནན་ཨིན་ལགས། འ་ནི་ས་ཆུ་བུམ་པ་ཟེར་མི་འདི་ ང་བཅས་ཀྱི་ ས་བདག་གིས་ སྣོད་ཁ་བཏངམ་མི་ཚུ་ མི་བཏང་ནི་དོན་ལས་ སྒྲུབ་དགོཔ་ཨིན་མས། ས་ཆུ་བུམ་པ་ཟེར་མི་འདི་ མར་ཁྱིམ་བཟོཝ་ད་ལུ་ འ་ནི་གཟུར་རེ་རེ་ལུ་བཙུགས་དགོ་བ་ གཟུར་བཞི་སྦུག་ལུ་ བཙུགས་དགོ་ཟེར་ཨིན་མས། ཏེ་འ་ནི་ས་བདག་གི་ཁ་ངན་ཨིན་ དེ་ལས་འ་ནི་ཀླུ་བུམ་ཟེར་མི་འདི་ ང་བཅས་འ་ནི་ཀླུའིི་གནོད་ཁ་བཏངམ་མས་སྨོ འ་ནི་ཁ་ངན་ ད་ཁོ་ཀླུ་བུམ་སྟེར་ཅིག་བཞེངས་ཕོ་བྲང་ཅིག་བཞེངས་ ཏེ་འ་ནི་ནང་བཙུགས་རུང་བཏུབ་ ཁྱིམ་ནང་བཞགས་རུང་ བཏུབ་དོ་ཡོདཔ་ཨིན་མས

Transcript search
No results found for this search
0 of 0
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་ས་ཆུ་བུམ་པ་ཟེར་མི་འདི་ ང་བཅས་ཀྱི་འ་ནཱི་འདི་ ས་བདག་གི་གནོད་ཁ་བཏང་འོང་མས་ན་ འ་ནཱི་མི་བཏང་ནིའི་དོན་ལས་ ཏེ་འ་ནཱི་བསྒྲུབ་དགོ་ང་བཅས་ འ་ནཱི་ང་བཅས་ས་ཡོད་མས་ན་ས་ ཏེ་ང་བཅས་ས་ཐོག་ཁ་ལུ་སྡོད་དགོ་སྦེ་སྨོས།
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་གི་གནོན་ཁ་ སའི་གནོན་ཁ་མི་བཏང་ནི་དོན་ལས་ ས་ཆུ་བུམ་གཏེར་འདི་འ་ནཱི་དགོ་ དེ་ལས་འ་ནཱི་ཁ་གནོན་ཨིན།
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    ལགས་སོ། འ་ནཱི་ས་ཆུ་བུམ་པ་འདི་ བཞག་ནི་འབད་བ་ཅིན་ ག་ཏེ་མཆོད་བཤམ་ནང་རང་བཞག་ནི་ཨིན་ན་ག་ཏེ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    མ་པ་ང་བཅས་ཀྱི་ འ་ནཱ་ས་ཆུ་བུམ་པ་ཟེར་མི་འདི་ འ་ནཱ་མར་ཁྱིམ་བཟོཝ་ད་ལུ་ འ་ནཱི་ཟུར་རེ་རེ་ལུ་བཙུགས་དགོ་སྦ་ འ་ནཱི་ཚུ་ཟུར་རེ་རེ་བཞི་ དེ་ལས་སྦིག་ལུ་གཅིག་ལྔ།
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་བཙུགས་དགོ་ འ་ནཱི་ས་བདག་གི་ཁ་གནོན་ཨིན།
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་ཀླུ་བུམ་ཟེར་མི་འདི་ ང་བཅས་ར་ཀླུ་གི་གནོད་ཁ་བཏངམ་མས་སྨོ་ཤིག་ འ་ནཱི་གི་ཏེ་ཁ་གནོན་ ད་ཁོ་ཀླུ་བུམ་གཏེར་ཅིག་བཞེངས་ ཕོ་བྲང་ཅིག་བཞེངས་ འ་ནཱི་ནང་བཙུགས་རུང་བཏུབ།
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཁྱིམ་ནང་བཞགས་རུང་བཏུབ་ཁོ་འདི།
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    འ་ནཱི་འདི་ ག་ཅི་ལོ་སའི་འོག་ལུ་བཙུགས་ནི་མེན་པ་ ཀླུ་བུམ་བཟོ་བ་ཅིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འོང་འ་ནཱི་ འ་ནཱི་འདི་ ཁྱིམ་བཟོཝ་ད་ལུ་བཙུགས་ནི་མེད།
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།
  • རིན་ཆེན་ཕུན་ཚོགས ་Rinchen Phuntsho: ས་ཆུ་བུམ་པ་རྐྱང་གཅིག་ར་ཨིན།
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    ལགས་སོ། ས་ཆུ་བུམ་པ་འདི་ ཨིན་ཅིག་མེན་ཅིག་ ལྔཔ་ཆ་ར་བཙུགས་དགོཔ་ཨིན་ན་ གཅིག་འབད་མི་གཅིག་བཙུགས་རུང་བཏུབ་ག
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    མ་པ་ལས་མ་ཐོབ་པ་ཅིན་འདི་ གཅིག་གི་བཏུབ།
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཐོབ་པ་ཅིན་འདི་ རབ་ལྔ་ཨིན་ཏེ།
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཤར་ལྷོ་ནུབ་བྱང་ནང་ ཏེ་འ་ནཱི་གཡུས་འདི་སྦུག་ལུ།
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    ལ་སོགས། འ་ནཱི་ཤར་ཕྱོགས་དང་ ལྷོ་ཕྱོགས་ནུབ་ཕྱོགས་ཟེར་མི་འདི་ སོ་སོར་སོ་སོར་སྦེ་འོང་ག གཅིག་ལྕོག་རང་ཅི་ཨིན་ན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    གཟུངས་ཡ?
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    ཅོག་ར་གཅིགཔ་འོང་ག?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    གཟུངས་ཅོག་ར་གཅིག་ དེ་ལས་འ་ནཱེ་སྦེ་ ཏེ་ཤར་ལྷོ་གི་ འ་ནཱི་བཙུགས་བཞག་པ་ཅིན་ ཕྱོགས་ཕྱོགས་སྦེ་ལེགས་ཤོམ་ཨིན་སྦ།
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    ལགསསོ
  • རིན་ཆེན་ཕུན་ཚོགས ་Rinchen Phuntsho: དེ་ལས་ང་བཅས་ཀྱི་ གཡང་བུམ་ཟེར་མི་འདི་ ད་ཅི་འ་ནཱི་ ཛམ་བྷ་ལ་གི་ཆ་རོགས་ཨིན་ཁོ་འདི་ ནང་ན་ཡང་ཛམ་བྷ་ལ་གི་གཟུངས་ཡོད། དེ་ལས་ ཨ་ནཱི་གི་གཡང་གི་གཟུངས་ཡོད།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་ འ་ནཱི་རིལ་བུ་འཛམ་གླིང་ས་ནག་རིལ་བུ་ཟེར་ འཛམ་གླིང་ཆུ་ནག་རིལ་བུ་ འཛམ་གླིང་གནས་ཆེན་རིལ་བུ་ འཛམ་གླིང་དཔལ་ཆེན་རིལ་བུ་ ད་རིལ་བུ་འདི་ཚུ་ཡོད་སྦ་ཏེ་གཅིག་ཁར།
  • ་ Tendral Zangpo རྟེན་འབྲེལ་བཟང་པོ
    ཨེང་ལགས་སོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་འདི་ཚུ་འདི་ ངབཅས་ཀྱི་གཡང་འདུག་སྦ་ གནམ་མེད་ས་མེད་གཡང་བཀུག་་མི་དགོ་པས་ ཏེ་འ་ནཱི་ཚར་གཅིག་གཉིས་བཀུགཔ་སྦེ་ གསརཔ་བསྒྲུབ་ད་ལུ་ དེ་ལས་འ་ནཱི་གཡང་་སྡོད་འོང་
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    གཡང་ཉམས་མི་འགྱོ་ ཛམ་བྷ་ལ་ དེ་ལས་གཡང་བུམ་ དེ་ལས་ཨོ་རྒྱན་ནོར་ལྷ་ འ་ནཱི་གསུམ་འདི་བསྒྲུབ་དགོ་ འ་ནཱི་གཡང་གི་དོན་ལས་འ་ནཱི་ རྒྱུ་ནོར་ལོངས་སྤྱོད་ཀྱི་དོན་ལས་ ཁོང་གསུམ་བསྒྲུབ་དགོ