Skip to main content Skip to search
03 Jul 2018
7 min 13 sec
Rinchen Dorji
Video Overview
Creators: 
Dawa Tshering

Tala Gönpa is one of the most significant monasteries in Bhutan. Originally founded by Tulku Sherap Gyeltsen, it belonged to the local people of Barp Gewog. The temple was later handed over to the government, which converted it to a monastery now housing 29 monks. It was named Talakha since it looks like a standing horse on the mountain when viewed from Thimphu valley. The temple holds a painting of Tsangpa Gyaré, a Kanjur given by Sherab Gyeltshen, and a very sacred statue of Zhapdrung Ngakwang Namgyel.

༉  རྟ་ལོག་མགོན་པ་འདི་ འབྲུག་རྒྱལ་ཁབ་ནང་ལུ་ ལོ་ངོ་བཞི་བརྒྱ་གི་ཧེ་མར་བྱུང་སྟེ་ཡོད་པའི་དགོན་པ་རྩ་ཚེ་ཏོག་ཏོ་ཅིག་ཨིན་མས། ཨིན་རུང་ དགེ་སློང་ཚུ་གིས་ལོ་ངོ་སུམ་བརྒྱ་གི་ཧེ་མ་ཨིན་ ཟེར་བཤད་ནི་འདུག ག་དེ་སྦེ་ཨིན་རུང་ ཞབས་དྲུང་འདི་ ༡༦༡༦ ལུ་ འབྲུག་ལུ་བྱོན་ནུག ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་སྲོལ་ཡོད་པའི་ཆོས་སྲིད་ལུགས་གཉིས་ཀྱི་གཞུང་འདི་ ཞབས་དྲུང་གིས་གཞི་བཙུགས་མཛད་གནང་གནངམ་ཨིན། དགོན་པ་འདི་ སྤྲུལ་སྐུ་ཤེས་རབ་རྒྱལ་མཚན་གྱིས་འགོ་བཙུགས་གནང་རུང་  བརཔ་རྒེད་འོག་གི་ཁོངས་སུ་ཚུདཔ་ཨིན་མས། ཨིན་རུང་ ཤུལ་ལས་དགོན་པ་འདི་ གཞུང་ལུ་རྩིས་སྤྲོད་ཞིནམ་ལས་ འཕགས་པའི་དགེ་འདུན་གྲྭ་ཚང་གཞི་བཙུགས་འབད་དེ་ དགོན་སྡེ་ལུ་གྱུར་སོ་ནུག དགོན་སྡེ་འདི་ཁར་ སློབ་དཔོན་བཞི་ཡོདཔ་ད་ སྤྱི་ལོ་༢༠༡༠ ལུ་ ཧེ་མའི་བླམ་གིས་ཉམས་བཅོས་འབད་ཡོདཔ་ཨིན། དགོན་པ་འདི་ སྒྲིང་ཁྱིམ་ཐོག་ཚད་གསུམ་སྦེ་ཡོདཔ་ཨིནམ་ད་ འོག་ཐོག་འདི་ སེམས་ཅན་ཚུ་བཞག་ས་དང་ བར་ཐོག་དང་སྟེང་ཐོག་འདི་ སྡོད་ཁྱིམ་དང་ལྷ་ཁང་ཨིན་མས། ཤུལ་ལས་དགོན་པ་འདི་གི་མིང་ཡང་ རྟ་ལ་ཁ་ཟེར་བཏགས་ཡོདཔ་ད་ དེ་ཡང་པར་ནང་མཐོང་དོ་བཟུམ་སྦེ་ ཐིམ་ཕུ་ལུང་པ་ལས་བལྟཝ་ད་ གངས་ཆེན་གུ་རྟ་གཅིག་ལོང་སྡོད་སྡོདཔ་བཟུམ་ཡོདཔ་ལས་ཨིན། དེ་བསྒང་ དགེ་སློང་ཉེར་དགུ་ཡོདཔ་ཨིན་མས། ད་ལྟོའི་བཟོ་བཀོད་དང་འཁྲིལ་བ་ཅིན་ འོག་ཐོག་འདི་ མགོན་ཁང་ཨིནམ་ད་ ཆོས་དང་འབྲེལ་བའི་རྩ་ཅན་གྱི་ཅ་ཆས་ལེ་ཤ་ཡོདཔ་ཨིན་མས། རྩ་ཆེ་ཏོག་ཏོ་གཅིག་འདི་ གཙང་པ་རྒྱ་རས་ཀྱི་སྐུ་ཐང་ཡོདཔ་ད་ རྩ་ཅན་གཙོ་བོ་འདི་ དུས་གསུམ་སངས་རྒྱས་ཀྱི་སྐུ་འདྲ་ཡོདཔ་ཨིན་མས། དེ་ལས་ སྤྲུལ་སྐུ་ཤེས་རབ་རྒྱལ་མཚན་གྱིས་གནང་བའི་བཀའ་འགྱུར་འདི་ སྦྱིན་བདག་འཐོན་པའི་སྐབས་ ཟླཝ་བཞི་གི་ནང་འཁོད་ལྷགཔ་ཨིན་པས། དེ་བཟུམ་སྦེ་ ངག་ཐོག་ལུ་ལོ་རྒྱུས་ཡོད་པའི་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐུ་འདྲ་ཚུ་ཡང་ཡོདཔ་ཨིན་མས། ཞབས་དྲུང་གི་སྐུ་འདྲ་ཚུ་གི་ ལྷ་ཁང་ནང་ལུ་དཀར་མེ་ཕུལཝ་ད་ ཚ་ཏོག་ཏོ་འགྱོ་ནི་ཡོདཔ་ད་ མགོན་ཁང་ནང་ལུ་འདི་ ཁོད་སི་སི་སྦེ་ལུས་དོ་ཡོདཔ་ཨིན་མས། དེ་དང་འདྲཝ་སྦེ་ ཤིང་དུམ་གུ་ལུ་ རྡོ་རྩ་ཅན་གཅིག་ཡོདཔ་ད་ རྡོ་འདི་ བསྐོར་ར་ཚར་གསུམ་རྐྱབ་པ་ཅིན་ བསོད་ནམས་བསག་འོང་ཟེར་བའི་ཡིད་ཆེས་བསྐྱེདཔ་ལས་ མི་མང་ཤོས་ཅིག་གིས་ བསྐོར་ར་རྐྱབ་ས་མཐོངམ་ཨིན་མས།

Transcript search
No results found for this search
0 of 0
  • ཟླ་བ་ཚེ་རིང་
    Dawa Tshering: ལགས་སོ་ལགས། ད་ནཱ་གིས་ དང་པ་རང་མཚན་ཅིག་གསུངས་གནང་མས་ལགས།
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ངེའི་མིང་འདི་ བསོད་ནམས་ཕུན་ཚོགས་ ཟེར་སླབ་ཨིན་ལགས།
  • ཟླ་བ་ཚེ་རིང་
    Dawa Tshering: ཨེ་ ལགས་སོ་ལགས་ ཏེ་ན་གི་ཕྱག་འགན་འདི་ ག་ཅི་ཡོདཔ་ཨིན་ན་ལགས་ནཱ་ལུ།
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ནཱ་གི་མདོ་དམ་ཨིན་ལགས།
  • ཟླ་བ་ཚེ་རིང་
    Dawa Tshering: ཨེའེ་་་ ད་མ་པ་ རྟ་ལ་ཁ་ཟེར་ ཡོངས་གྲགས་ལུ་ གནམ་མེད་ས་མེད་ ང་བཅས་ར་བྱིན་རླབས་ བྱིན་ཅན་ཅིག་སྦེ་ ཏེ་ནཱ་དགོན་པ་དེ་སྦེ་རྩིཝ་མས་བ་ལགས། ཨ་ནཱི་འབདཝ་ད་ ཏེ་ན་གིས་ད་ཨ་ནཱི་ ང་བཅས་ར་གི་འབྱུང་རབས་མས་སྨོ་ལགས? འ་ནཱི་གི་སྐོར་ལས་གཅིག་ དུམ་གྲ་ཅིག་གསུངས་གནང་པ་ཅིན།
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ཏེ་མ་པ་འདི་ ང་བཅས་ནཱ་གི་དགོན་པ་འདི་ ཏེ་གནམ་མེད་ས་མེད་རྩ་ཆེ་ཤོས་ཅིག་རང་ཨིན་ལགས་ཨིན་ནི་འདི་ ཏེ་ནཱ་གི་དགོན་པ་འདི་ ཏེ་ཧེ་མ་ཞབས་དྲུང་རིན་པོ་ཆེ་ ནཱ་འབྲུག་ལུ་འབྱོན་པའི་བསྒང་ [ལས་ཀྱི་རང་ཨིན་པས་ལགས།?] ཏེ་ལོ་ངོ་སུམ་བརྒྱ་དེ་ཅིག་ཡར་སོ་ནུག་ལགས་ སུམ་བརྒྱ་ལྷག་ཙམ་ཅིག་ཡར་སོ་ནུག ཏེ་ནཱ་ང་བཅས་ནཱ་ གདན་ས་བཅགས་གནང་མི་བླམ་གི་མཚན་འདི་ཡང་ ཏེ་སྤྲུལ་སྐུ་ཤེས་རབ་རྒྱལ་མཚན་ ཟེར་ཞུཝ་ཨིན་ལགས།
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ཏེ་ཧེ་མ་འབད་བ་ཅིན་ རོགས་ནཱ་གི་ལྷ་ཁང་འདི་ ཏེ་བརཔ་བརཔ་གི་མི་ཚུ་གི་ཨིན་མས་ལགས། ཏེ་བརཔ་ཚུ་གིས་ཡུདཔ་ཅིག་ལས་ ཏེ་ནཱ་གི་ལྷ་ཁང་འདི་ ཏེ་ཁོ་རང་གིས་གནམ་མེད་ས་མེད་ཅིག་དེམ་མ་འབད་ ཏེ་མ་པ་ལྷ་ཁང་འདི་ ཐོག་གསུམ་སྦེ་ཡོདཔ་ཨིན་མས་ལགས། ཏེ་བརཔ་མི་ཚུ་གིས་ མར་ཐོག་དང་པ་ མར་འོག་ཐོག་གི་འདི་ནང་ ནོར་སེམས་ཅན་ཚུ་བཞག་དོ་ཡོདཔ་མས་ ཏེ་བརམ་ཅིག་ཁར་ཁོང་རང་སྡོད་ ནཱ་ཐོག་ཁར་འདི་ལྷ་ཁང་ཨིན་མས་ལགས།
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ཏེ་ཡུདཔ་ཅིག་ལས་ ཏེ་ནཱ་གྲྭ་ཚང་ཅིག་ཡང་བཙུགས་ ཏེ་ནཱ་གི་ལྷ་ཁང་འདི་ ཏེ་ཁོང་བརཔ་ཚུ་གིས་ ཏེ་གཞུང་ལུ་རྩིས་ཕུལ་ཕུལཝ་མས་ལགས། ཏེ་འ་ནཱི་བསྒང་ལས་ ཏེ་ནཱ་ང་བཅས་གྲྭ་ཚང་སྦེ་ཆགས་ཆགསཔ་མས་ལགས། ཏེ་ཡུདཔ་ཅིག་ལས་ གྲྭ་ཚང་སྦེ་ཆགས་ཞིནམ་ལས་ ཏེ་གྲྭ་ཚང་སྦེ་ཧ་ལམ་ཡར་སོ་ནུག་ལགས། མ་པ་ལོ་ལྔ་བཅུ་དེ་ཅིག་ཡར་སོ་ནུག་ལགས་ གྲྭ་ཚང་ཆགས་ཏེ། བླམ་ཡང་ཧ་ལམ་ཡུདཔ་ཅིག་གསུམ་བཞི་དེ་ཅིག་རང་སོར་ནུག་ ཟེར་ཞུ་ནི་ལགས།
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ཏེ་འ་ནཱི་སོར་བའི་ནམ་དུས་ལུ་ ཏེ་ཡུདཔ་ཅིག་ལས་ནཱ་ལྷ་ཁང་འདི་ཉམས་བཅོས་ཞུ་ནི་རན་ཆིཔ་མས་ ཏེ་ལྷ་ཁང་འདི་ཉམས་བཅོས་དེ་ ན་ཧིང་ང་བཅས་བླམ་བགྲེསཔ་གིས་འབད་ཉམས་བཅོས་ཞུ་ཡི་ ཟེར་ཞུ་ནི་ལགས། བླམ་བགྲེསཔ་ ཏེ་བླམ་བགྲེསཔ་གིས་དབྱིན་ལོ་ཉིས་སྟོང་བཅུ་ཐམ་ནང་ལུ་ཉམས་བཅོས་ཞུ་ཡི་ ཟེར་ཞུ་ནི།
  • ཟླ་བ་ཚེ་རིང་
    Dawa Tshering: ལགས་སོ་ལགས། ཏེ་ནཱ་གི་བླམ་གྱི་མཚན་འདི་འབད་བ་ཅིན་ ག་ཅི་ཞུཝ་ཨིན་ན་སྨོ་ལགས?
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ནཱ་གི་བླམ་ ད་རེས་ཀྱི་གསརཔ་འདི་ བླམ་གསརཔ་གི་མཚན་འདི་ མཆོད་རྟེན་ཟེར་ཞུཝ་ཨིན་ལགས།
  • ཟླ་བ་ཚེ་རིང་
    Dawa Tshering: ཨེའེ་་་་ ལགས་སོ་ལགས། ད་འ་ནཱི་འབདཝ་ད་ལུ་ ད་མ་པ་རྟ་ལ་ཁ་ཟེར་ ཏེ་དེ་སྦེ་སླབ་མས་ ཏེ་དེ་འབདཝ་ད་ལུ་ ཏེ་རྟ་ལ་ཁ་ཟེར་སླབ་དགོ་མི་གི་དོན་ད་འདི་ ག་ཅི་སྨོ་ ག་ཅི་ཨིན་ན་སྨོ་ལགས?
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ད་མ་པ་རྟ་ལ་ཁ་ ཟེར་ཞུ་དགོ་མི་དོན་དག་དེ་ཡང་ ཏེ་རྟ་ལ་ཁ་ཟེར་མི་འདི་ ཏེ་མར་མར་ ཐིམ་ཕུག་ལས་བལྟཝ་ད་ ང་བཅས་ནཱ་ལའི་ཆགས་ཚུལ་འདི་ ཏེ་རྟ་ཡར་ལོང་པའི་ཚུལ་སྦེ་ཡོད་ནི་འདི་གིས་ རྟ་ལང་ཁ་ཟེར་ འ་ནཱི་སྦེ་ཞུཝ་མས་ལགས་ བརཔ་གི་མི་ཚུ་གིས།
  • ཟླ་བ་ཚེ་རིང་
    Dawa Tshering: ལགས་སོ་ལགས། ཨུ་ཧུམ་ ད་ལྟོ་ནཱ་དགེ་སློང་འབད་བ་ཅིན་ ཏེ་ནཱ་དགེ་སློང་ཞལ་གྲངས་འབད་བ་ཅིན་ ག་དེམ་ཅིག་གི་རྩིས་ཡོདཔ་སྨོ་ལགས།
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ཏེ་ནཱ་དགེ་སློང་ཞལ་གྲངས་འབད་བ་ཅིན་ ཁལ་གཅིག་དགུ་དེ་ཅིག་ཡོད་ལགས།
  • ཟླ་བ་ཚེ་རིང་
    Dawa Tshering: ལགས་སོ་ལགས། ད་ལྷ་ཁང་འདི་ ད་སྨོ་ལགས? ད་ཨ་ནཱི་ ཐོག་གཉིས་སྦེ་འདུག་བ་སྨོ་ལགས? འོག་ཐོག་ལུ་འདི་ མགོན་ཁང་ཟེར་གསུངས་དེས་བ་སྨོ་ལགས? ནཱ་འདི་ ལྷ་ཁང་ངོ་མ་འདི་ནཱ་ཨིན་མས། ད་ཨ་ནཱི་འབདཝ་ད་ལུ་ ཏེ་ནཱ་འོག་ཐོག་གི་ནང་ལུ་ རྟེན་ ག་ཅི་ཡོད་ག་སྨོ་ལགས? གཙོ་བོ་འདི།
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ད་འོག་ཐོག་གི་ནང་ལུ་ཡང་ རྟེན་རྩ་ཆེ་དྲགས་ལེ་ཤ་ར་ཡོད་ ཟེར་ཞུ་ནི། དེ་གི་ནང་དོན་ཉིད་ལས་ ཏེ་ང་བཅས་ར་ མར་མགོནམ་འདི་ མགོནམ་ལྕལ་དྲལ་གསུམ་ཡོད་ ཟེར་ཞུ་ནི་ལགས། ཏེ་དེ་ལསན་ང་བཅས་ར་ གཙང་པ་རྒྱ་རས་ཀྱི་ [རྣམ་སྤྲུལ་གྱིས་?] བྲིས་བྲིསཝ་གི་སྐུ་ཐང་གཅིག་ཡོད་ ཟེར་ཞུ་ནི་ལགས། ལས་མགོན་གྱི་སྐུ་ཐང་གཅིག
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: [བར་ཐོག་?] ལུ་འབད་བ་ཅིན་ གཙོ་བོ་འདི་ར་ང་བཅས་ར་ དུས་གསུམ་སངས་རྒྱས་ཨིན་ཟེར་ཞུ་ནི་ལགས། ཏེ་དེ་ལས་ ད་ལྟ་བ་གི་འདི་ ང་བཅས་ར་ཤཱཀྱ་ཐུབ་ཨིན་ལགས་ ད་ལྟ་བ་གི་སངས་རྒྱས་འདི། དེ་ལསན་ མ་འོངས་པ་གི་འདི་ང་བཅས་ར་བྱམས་པ་མགོན་པོ་ སངས་རྒྱས་བྱམས་པ་མགོན་པོ་ དེ་ལསན་ འདས་པ་འབད་བ་ཅིན་ འདས་པ་གི་སངས་རྒྱས་འདི་ མར་མེ་མཛད་ཨིན་ཟེར་ཞུ་ནི་ལགས། ཏེ་ཁོང་གསུམ་ཨིན་ཟེར་ཞུ་ནི་ལགས་ འ་ནཱི་ཨིན་གཙོ་བོ་འདི།
  • ཟླ་བ་ཚེ་རིང་
    Dawa Tshering: རྗེ་ཤེས་རབ་རྒྱས་མཚན་གྱི་གནང་མི་བཀའ་འགྱུར་འདི་ ད་ནམ་དང་ནམ་ར་ལྷག་ནི་ཡོདཔ་སྨོ་ལགས?
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: དེ་འདི་ ཏེ་ད་ང་བཅས་ར་ ནམ་ར་འབད་རུང་བཏུབ་ལགས། ཏེ་ང་བཅས་ནཱ་གི་འདི་ ཟླཝ་བཞིཔ་ནང་ལྷགཔ་ཨིན་ལགས་ ཟླཝ་བཞིཔ་ནང་། དེམ་སྦྱིན་བདག་རེ་འཐོན་འབདཝ་ད་ལྷག་ནི་ཡོད་ལགས།
  • ཟླ་བ་ཚེ་རིང་
    Dawa Tshering: ལགས་སོ་ལགས། ད་ང་བཅས་ཨ་ནཱི་ ཨ་ནཱི་སྦེ་མཇལ་འབདཝ་ད་ལུ་ ཏེ་ལྡེབས་རིས་དེ་ཚུ་ཡང་མ་འདྲཝ་མ་འདྲཝ་ལེ་ཤ་འདུག་བ་སྨོ་ལགས? ད་ཨ་ནཱི་སྦེ་འབདཝ་ད་ལུ་ ལྡེབས་རིས་དེ་ཚུ་ཡང་ད་ ག་གིས་ར་བཞེངས་བཞེངསམ་ཨིན་ན་སྨོ་ལགས? སྔོན་མ།
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ལྡེབས་རི་ཚུ་ཡང་ད་རོགས་ སྤྲུལ་སྐུ་ཁོ་ར་གིས་ར་བཞེངས་བཞེངསམ་མས་ ཟེར་ཞུ་ནི་ལགས།
  • ཟླ་བ་ཚེ་རིང་
    Dawa Tshering: ལགས་སོ་ལགས།
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ལྡེབས་རིས་ཡང་ག་ར་ ཏེ་འདི་གུ་གསེར་ངོ་མ་ཕུལ་ཕུལཝ་མས་ ཟེར་ཞུ་ནི་ལགས།
  • ཟླ་བ་ཚེ་རིང་
    Dawa Tshering: མགོནམ་ལྕམ་དྲལ་གསུམ་གྱི་མཐའ་མ་ལུ་ ད་ཞབས་དྲུང་གི་ཨ་ནཱི་ཅིག་འདུག་བ་སྨོ་ལགས? སྐུ་གཅིག ཏེ་ད་འདི་ག་ཏེ་ལས་ཨིན་ན་ལགས། ཡང་ཅིན་ ཏེ་འདི་སོ་སོ་སྦེ་བཞག་དགོ་མི་རྒྱུ་མཚན་ཅིག་ ག་ཅི་ཨིན་ན་སྨོ་ལགས?
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: འདི་ཞབས་དྲུང་འདི་ གནམ་མེད་ས་མེད་རྩ་ཆེ་དྲགས་ཅིག་ཨིན་མས་ས། ཏེ་ཞབས་དྲུང་འདི་ གསུང་འབྱོནམ་ཨིན་ ཟེར་ཞུཝ་མས་ལགས་ དང་ཕུ་གི་མི་ཚུ་གིས། ཏེ་ཞབས་དྲུང་འདི་ གནམ་མེད་ས་མེད་དྲོད་ཡོདཔ་ཨིན་ཟེར་མས་ལགས་ ཞབས་དྲུང་གི ཏེ་གནམ་དགུན་ང་བཅས་ནཱ་འབད་བ་ཅིན་ [ནཱ་དགོནམ་ནཱ་ལས་ཕར་འབདན་?] ཆུའི་མཐའམ་བདའ་ ཁྱེགས་ཆགས་ཨ་ནཱི་སྦེ་འབད་ནི་ཡོད་བ་ལགས།
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ཏེ་ནཱ་ལྷ་ཁང་འདི་ཁར་དྲོད་ཡོད་ནི་དེ་གིས་ ཏེ་ཁྱེགས་དང་དེམ་ཚུ་ག་ནི་ཡང་མི་ཆགས་བ་ལགས། ཏེ་ཞབས་དྲུང་འདི་ འདི་མ་ཚད་ རྟགས་ཅིག་ཡང་སྟོནམ་ཨིན་ ཟེར་ཨིན་མས་ལགས་ ཧེ་མ་དང་ཕུ་འབདན་ ཏེ་ཁོ་དགོངསམ་ཞུ་འགྱོ་ཡི་བ་ལགས། [ད་ལྟོ་ཕར་ ང་བཅས་ཚུ་གིས་ལོག་བཙུགས་བཞགཔ་འབད་དོ་བ་ལགས། ཏེ་འ་ནཱི་དགོངས་རྒྱུ་འདི་རི་རྒྱབ་ ཁྲོས་ཏེ་ཡར་ཆོས་ཁྲི་བཀལ་བཞགཔ་ཨིན་ཟེར་ཨིན་མས་ལགས། ཆོས་ཁྲི་གུ་བཀལ་བཞགཔ་ད་?] ཏེ་ནཱ་དཀོན་གཉེར་གུ་གནོདཔ་ཨིན་ ཟེར་ཨིན་མས་ལགས།
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: དེ་ལས་ རེ་ཅིག་ཨ་མར་ རྡོ་གཅལ་གུ་ ཧེ་མ་རྡོ་གཅལ་འདུག་བ་ལགས་ཨ་མར་སྤང་ནང་ འ་ནཱི་རྡོ་གཅལ་གུ་བཀལ་བཞགཔ་ད་ མར་བརཔ་གི་མི་ཚུ་ལུ་གནོདཔ་ཨིན་ ཟེར་ཨིན་མས་ལགས། ཏེ་ཞབས་དྲུང་འདི་ ཨ་ནཱིམ་ཅིག་ནུས་པ་འདུག་ལགས། གནམ་མེད་ས་མེད་རྩ་ཆེ་ཏོག་ཏོ་འདུག་ལགས།
  • ཟླ་བ་ཚེ་རིང་
    Dawa Tshering: ལགས་སོ་ལགས་ ཏེ་ཨ་ནཱི་ལྷ་ཁང་གི་གདོང་ཁ་ར་ད་རུང་ ཨ་ནཱི་ཤིང་གི་དུང་ཕུག་ཅིག་གུ་ད་རུང་ར་ རྡོ་གཅིག་འདུག་བ་སྨོ་ལགས? རྡོ་གཞན་དང་མ་འདྲཝ་ཅིག་འདུག་བ་ལགས་ཨ་ནཱི་ ཨ་ནཱི་སྦེ་མཇལཝ་མས་ལགས་ང་ར་གིས་མཇལཝ་ད་ ཏེ་ཨ་ནཱི་འདི་ ག་གི་ཨིན་ན་སྨོ་ལགས? ཨ་ནཱི་ག་གི་ ག་ཅི་སྦེ་བཞགཔ་ཨིན་ན་སྨོ་ལགས?
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ཏེ་རྡོ་དེ་ཡང་ཏེ་མ་པ་ གནམ་མེད་ས་མེད་རྩ་ཆེ་དྲགས་ཅིག་ཨིན་མས་ལགས། ཏེ་རྡོ་དེ་གུ་ལུ་ ཏེ་ཧེ་མ་ཆོས་པོ་ཏི་བརྒྱ་དང་ལྔ་འབད་མི་ཅིག་ བརྡུངས་བརྡུངསམ་མས་ལགས། འ་ནཱི་རྡོ་འདི་གནམ་མེད་ས་མེད་རྩ་ཆེ་དྲགས་ཅིག་ཨིན་ ཟེར་ཨིན་མས་ལགས། ད་རྡོ་འདི་འབག་སྦེ་ བསྐོར་ར་ཚར་གསུམ་དེ་ཅིག་རྐྱབ་པ་ཅིན་ ང་བཅས་ར་ལས་སྒྲིབ་དག་ ཟེར་སླབ་ནི་འདུག་ལགས།
  • བསོད་ནམས་ཕུན་ཚོགས་
    Sonam Phuentsho: ཏེ་རོགས་ ནཱ་ལུ་དཀར་མེ་ཕུལ་མི་རེ་འོང་འབདཝ་ད་ ཏེ་རོགས་ རྡོ་འདི་འབག་སྦེ་བསྐོར་ར་རྐྱབ་ནི་འདུག་ལགས། དེ་ལས་ རྡོ་འདི་མ་པ་ ཏེ་སྤྲུལ་སྐུ་ཤེས་རབ་རྒྱལ་མཚན་ཁོ་ར་གིས་ར་ ཡར་བོད་ལས་མར་བསྣམས་བྱོན་བྱོནམ་མས་ལགས།། །།