Skip to main content Skip to search
01 Sep 2018
12 min 59 sec
Ariana Maki
Video Overview
Creators: 
Rinchen Dorji
Transcript search
No results found for this search
0 of 0
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    འ་ནཱི་ཏེ་ མཆོད་རྟེན་བཞེངས་ཚར་འབད་ཞིནམ་ལས་ ཏེ་ ཨ་ནཱི་ཡུམ་བྱ་རྫི་མ་གིས་ མཆོད་རྟེན་བཞེངས་མི་འདི་ཨིན་མས་བ་ལགས་ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ སྲོང་བཙན་སྒམ་པོ་ མཁས་པ་བེེ་རོ་ཙ་ན་ཟེར་ ཁོང་གསུམ་གྱིས་ ཏེ་ ཨ་ནཱི་ ཆོས་བརྩམ་ནི་ཕྱིར་དུ་ མཆོད་རྟེན་འདི་བཞེངསམ་ད་ལུ་ ཏེ་དེ་ལས་འ་ནཱ་ལུ།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ མཆོད་རྟེན་འདི་བཞེངས་ས་ ཏེ་ སྦྱང་སེར་ཨ་ནཱི་སྦེ་ ལྡིངས་འགྱོཝ་ད་ ཏེ་ ཨ་ནཱ་རྒྱལཔོ་ཁྲི་སྲོང་ལྡེའུ་བཙན་གྱི་ ཨ་ནཱ་ལས་མར་ ཏེ་ ཁྲག་བཙགས་ ཏེ་ སྦྱང་སེར་འདི་ ཁྲག་འཐུང་སྡོདཔ་ད་ ཏེ་ རྒྱལཔོ་ཁྲི་སྲོང་ལྡེའུ་བཙན་གྱིས་ ཚ་ཐང་ཐ་ཨ་ནཱི་སྦེ་བསད་བཞགཔ་ད།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    འ་ནཱ་གི་ལན་ཆགས་ཀྱིས་འབད་ཞིན་ན་ ཏེ་ སྦྱང་སེར་འདི་ ཕྲང་ཕྲང་ར་ང་བཅས་ར་ ད་རིས་ནངས་པ་འབད་བ་ཅིན་འདི་ ལེགས་ཤོམ་འདི་ནང་(??) བཏང་ཚུགས་པ་ཅིན་དགའ་ཟེར་ དེ་ལས་ ལེགས་ཤོམ་འདི་ནང་ ཤི་ཚར་རུང་ཡང་ ཏེ་ ཚངས་རྒྱ་(??) ཟེར་བའི་ ལོ་རྒྱུས་བཟུམ་ཅིག་ཨིན་མས་བ་མ་པ།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ ང་བཅས་ར་ ཆོས་ཀྱི་དབྱིངས་ས་(??) ཤི་རུང་ཡང་བསམ་རྫོགས་ཟེར་ ཏེ་ དམྱལ་བ་ལུ་མི་འགྱོ་ཟེར་བའི་ལོ་རྒྱུས་བཟུམ་ཅིག་ཨིན་བ་ལགས། ཏེ་ འ་ནཱི་འབདཝ་ད་ ཏེ་ འ་ནཱི་འབདཝ་ཅིག་ ཏེ་དེ་ལས་ ཏེ་ སྲསམོ་གཅིག་འཁྲུངས་ ཏེ་ སྲསམོ་འདི་ སྤ་་་གནམ་མེད་ས་མེད་ ཏེ་ མཁའ་འགྲོམ་ ཡིད་ངེ་ཐིང་ངེ་བཟུམ་ཅིག་སྦེ་ ཏེ་ ག་ནི་བ་འཇའ་རིསམོ་སྦེ།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ གནམ་མེད་ས་མེད་ མཁས་ཚུལ་ག་ནི་བ་ཆེཝ་སྦེ་ ཏེ་ གནམ་མེད་ས་མེད་མཁས་དྲག་སྦེ་ཟེར་ ཏེ་ གནམ་མེད་ས་མེད་ ཏེ་དེ་ དགུང་ལོ་བཅོ་ལྔ་ཟེར་བའི་བསྒང་ལས་ ཏེ་སྙུང་ ཏེ་དེ་ལས་ཏེ་ བཤགས་ཟེར་བཤགས་ནི་མེད་ ཏེ་ སྙུང་སྙུངམ་ས་ ཨ་ནཱི་སྦེ་བཞུགས་སྡོད་ཞིནམ་ལས།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་དེ་ལས་ཏེ་ ག་ཏེ་མེདཔ་མོ་བཏབ་ས་ལས་བཏབ་ ཏེ་ དེ་ལས་ཏེ་ གདོན་བཅོས་འབད་ས་ལས་འབད་ ཏེ་ དྲག་ཀྲར་ཟེར་ དང་ཕུ་དྲག་ཀྲར་ཟེར་ཡང་མེདཔ་འདྲས་ དྲུང་འཚོ་འབོ་ཏེ་ ཁོ་རྒྱལཔོ་འབད་ནི་འདི་གིས་ ཏེ་ དྲུང་འཚོ་ཚུ་གིས་བཅོ་རུང་ བཅོ་མ་ཚུགསཔ་སྦེ་འབད་ཞིནམ་ལས།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    འམ་ད་མེན་པས་ ད་ག་གིས་ཡང་འབད་མི་ཚུགས་པས་ ཏེ་ ང་རའི་ནུ་གཅུང་ པད་མ་འབྱུང་གནས་ལུ་ གཅིག་སླབ་དགོ་ནི་མས། ཏེ་ ཁོ་གིས་བཅོ་ཚུགས་མ་ཤེས་ གཞན་གྱིས་འདི་མི་ཚུགས་ནི་མས་ཟེར་ ཏེ་ རྒྱལཔོ་འདི་གིས་ དེ་སྦེ་གསུངས།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ འ་ནཱ་ལས་ཏེ་ ཕྱག་ཞུ་མི་གཅིག་ ཏེ་ པདྨ་འབྱུང་གནས་ མར་ཤོག་ཟེར་སླབ་ཤིག་ ཏེ་ ངེའི་བུམོ་འདི་ སྤུ་ལས་དྲག་མ་ཚུགས་ད་ ང་བསམ་རྫོགས་པ་ཟེར་རུང་ ཁོ་ལས་བལྟ་བ་ཅིན་ བསམ་རྫོགས་ཚུགས་ནི་ཨིན།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    གཞན་ལས་འདི་ཏེ་ ང་བསམ་ར་མི་རྫོགས་ནི་ ཏེ་ད་ འ་ནི་སྦེ་སྡོད་ཡི་ད་ ཁོ་གིས་ཞལ་གཟིགས་འབད་ཞིནམ་ལས་ད་ འེང་ད་ ངེའི་ཕོ་རྒན་མ་སླབ་ ང་འོང་དོ་ཟེར་ཞུ་ཤིག་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    མ་པ་ཕོ་རྒནམ་ཨིན་ ཏེ་ ཚེ་ཟད་མང་བའི་བར་ཆད་འདི་ཨིན་པ་ཅིན་ ལུག་བསད་པའི་ཕོ་བའི་ནང་ར་ཚུད་ཚར་རུང་ ང་གིས་ལོག་ ཁྱོད་ཀྱི་བུམོ་འདི་ བཏོན་བྱིན་འོང་ཟེར་ཞུ་ཤིག་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཚེ་ཟད་ནིའི་བར་ཆད་འདི་འབད་བ་ཅིན་ ཏེ་ ང་གིས་ཡང་བཅོ་ཁ་མེད་ ཏེ་ ཚར་གཅིག་རོགས་བཏང་རང་བཏང་དགོ་ ཏེ་ འ་ནཱ་ལས་ཏེ་ཨིན་ཟེར་གསུང་། ཏེ་དེ་ལས་ ཡུདཔ་ཅིག་ཁ་ལས་ཏེ་ བྱོན་དེས་ཟེར་མས་ གུ་རུ་རིན་པོ་ཆེ་ ཏེ་ བྱོན་འབད་ ཏེ་ མཁས་པ་བེེ་རོ་ཙ་ན་ ཆོས་ཀྱི་སྲོང་བཙན་སྒམ་པོ་ ཏེ་ ཨོ་རྒྱན་པད་མ་འབྱུང་གནས་ ཁོང་གསུམ་ཡུམ་བྱ་རྫི་མོའི་སྲས་ཨིན་མས་བ་ལགས་རོགས།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ ཁོང་གསུམ་ག་ར་ ཡུམ་བྱ་རྫི་མོའི་སྲས་ཨིན་མས་ཏེ་ ཆོས་ཀྱི་འཛིན་པ་མས། ཏེ་དེ་ལས་ཏེ་ ཁོ་བྱོན་པའི་ཤུལ་ལས་ཏེ་ དབའི་ ཕོ་རྒན་མ་ཟེར་ ད་ཁྱོད་ཚ་གྱང་ཡང་འབད་མི་དགོ་པས་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ད་ཚེ་ཟད་ཟད་པའི་གི་ཡར་སོང་ནུག་ ད་ང་གིས་ ཁྱོད་ཀྱི་བུམོ་ལོག་ལྷོང་མི་ཚུགས་པས་ཟེར་ ཏེ་ དེ་འབདཝ་ད་ ད་ འ་ནཱི་གི་ལོ་རྒྱུས་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཨ་ནཱི་ང་བཅས་ཨ་ཕ་ན་ཏེ་ མཆོད་རྟེན་འདི་རྐྱབ་སྡོདཔ་ད་ལུ་ ཏེ་ ཁྱོད་ཁར་ལུ་ སྦྱང་སེར་གཅིག་གིས་ སོ་བཏབ་ནུག་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    དེ་ལས་ ཁྱོད་ཀྱིས་སྦྱང་སེར་འདི་ བསད་ད་ནུག་ཟེར་ ཏེ་ ཨ་ནཱི་སྦྱང་སེར་འདི་གི་ ལན་ཆགས་འདི་གིས་ ད་རེས་ཁྱོད་ཀྱི་སེམས་ལུ་གནམ་མེད་ས་མེད་སྡུག་བསྔལ་ཕོག་མི་འདི་ འ་ནཱི་སྦྱང་སེར་འདི་ ཟུག་རྐྱབ་པའི་རྣམ་སྨིན་འདི་ ཁྱོད་ར་ལུ་འཁོར་ཞིནམ་ད་ ཁྱོད་གནམ་མེད་ས་མེད་སྡུག་བསྔལ་ཕོག་མི་འདི་ འ་ནཱི་ཨིན་མས་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ད་ དེ་འབདཝ་ད་ ད་ལྟོ་ང་བཅས་ད་ ཁོ་དང་པ་ཁྱོད་ལས་ ཏེ་འབད་ དེ་ལས་གཉིས་པ་ལུ་ ཏེ་ བསྔོཝ་སྨོན་ལམ་འདི་ ང་ལས་འབད་ཞིན་ན་ ད་འབདན་ད་ ཏེ་ བྱང་ཁ་ཐུག་ལུ་ ཏེ་ སྤྲུལ་པའི་སྐུ་ཡིད་ངེ་ཐེང་ངེ་འཇའ་རིསམོ་གཅིག་ ཆོས་ཀྱི་འཛིན་པར་གནས་པ་བརྟན་ཏོག་ཏོ་སྦེ་ ཤེས་ཚུགས་མི་གཅིག་ལུ་ སྐྱེས་བར་འགྱོཝ་ཨིན་ཟེར་ འ་ནཱི་སྦེ་ཨིན་ཟེརཝ་ད་ འ་ནཱི་ང་བཅས་པད་མ་གླིངཔ་ཨིན་ཟེརཝ་མས་བ་ལགས།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ད་ འ་ནཱ་སྐྱེས་བར་ཡར་སོང་ཡི་ཟེར་ ད་སྐྱེས་རབས་འདི་ འ་ནཱི་སྦེ་འགྱོ་ཡི་ཟེར་ ད་འ་ནཱི་སྦེ་ཨིན་ཟེར་འབད་ཞིན་ན་ འ་་་ཨིན་མས་ཟེར་ ཏེ་ འབད་ཞིནམ་ད་ ཏེ་དེ་ལས་པདྨ་གླིངཔ་འདི་ཡར་ སྐུ་འཁྲུངས་ནི་ཨིན་བ་ཡར་འཁྲུངས་ད་ཨིན་ ཏེ་ སྦྱིན་བདག་མེད་ དེ་གཙོ་འཛིན་མེད་ ༼བཀའི༽མཇུག་མ་ལས་ཤུགས་ཅིག་མེད་འབད་སྦེ་ (??) ལུག་འཚོ་ནི་ཡོདཔ་མས་ལུག
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ ཡུམ་མོ་རའི་ལུག་ཨིན་མས་ ཏེ་ ལུག་འདི་ཏེ་ ཨ་ནཱི་ཏེ་ ་་་་་(??) ཏེ་ཐོག་ཁར་ཏེ་ ཆར་བཀབ་གནགཔོ་བཀལ་ ཏེ་ ན་བཟའ་འདི་ཡང་ གོ་འདི་བཞེས་ ཆར་བཀབ་གཅིག་བཀལ་ ཨ་ཡར་ལུག་འདི་བདའ་ ཡར་རི་ཁར་བསྐྱལ་ ཏེ་ཡར་རི་ཁར་བུམ་ཐང་ལུ་ཡོད་ལོ་ལགས ད་ལྟོ་བར་ཡང་ཡོད་ལོ་ ང་འདི་ མཇལ་བར་མ་ལྷོད།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    རྡོ་འདི་གུ་ལུ་ ལུག་གི་རྐང་རྗེས་རང་ཡོད་ཟེར་ནི་འདུག་བ་ལགས་ ཏེ་ ཨ་ནཱ་རྡོ་འདི་གུ་ མནལ་གཟིམས་འབད་སྦེ་ བཞུགས་སྦེ་ ལུག་འདི་ཚུ་ རོགས་ཏེ་ཁོ་བྱིན་རླབས་ཆེ་ནི་འདི་གིས་ ལུག་ཚུ་ཚར་གཅིག་ རི་ཁར་ལས་ཕར་ རྩྭ་ཟ་བར་འགྱོ་ ཡུདཔ་ཅིག་ཕྱི་རུ་འགྱོ་རནམ་པའི་བསྒང་ལས་ ལུག་ཚུ་ལོག་རྡོ་ཕུག་འདི་གི་རྩ་བར་འོང་།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    དེ་ལས་ཏེ་ ལུག་འདི་བདའ་ད་རུང་ཕར་ལོག་ ཏེ་ ཡུམ་འབད་སར་སོང་ ད་རུང་ཕྱི་རུ་ཚོགས་བཞེས་ དེ་གི་ནངས་པ་ཡར་ རྡོ་འདི་གི་རྩ་བ་ར་ ལུག་འཚོ་བཞུགསཔ་ད་ ཏེ་ འདི་ཚེ་ཏེ་ ཚར་གཅིག་འབདཝ་ད་ ཏེ་ ཁོ་མནལ་གཟིམས་ཏེ་ བཞུགས་བཞུགསཔ་ན་ར་ ཏེ་ དེ་ལས་ཏེ་ ཨམ་སྲུ་འཇའ་རིསམོ་ ཡིད་ངེ་ཐིང་ངེ་གསུམ་དེ་ཅིག་ ཁོང་ལྔ་འཐོན་འོང་ཡི་ཟེར་ཨིན་མས།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    དེ་ལས་ཏེ་ ཁོང་ལྔ་འོང་པའི་ཤུལ་ལས་ ཏེ་ དབའི་པད་མ་གླིང་པ་ ཁྱོད་བཟོ་ལྟ་དེ་ཅིག་ར་ཨིན་ན་ཟེར་ ཡར་བཞེངས་ཤིག་ ཡར་བཞེངས་ཤིག་ཟེར་ ཏེ་ བཟོ་ལྟ་དེ་ཅིག་ར་ཨིན་ན་ཟེར་ ཏེ་ དེ་ལས་ཏེ་ ཏེ་ པདྨ་གླིང་པ་མར་ལས་ཡར་བཞེངས་འབད་ཞིན་ད་ ཏེ་ ང་ག་ཨིན་མས་གོ་ཟེར་ཏེ།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    བུད་དྷ་མཁའ་འགྲོ་དེ་གིས་ ཏེ་ དང་པ་ར་ ཏེ་ ང་ཁྱོད་ག་ཨིནམ་མི་ཤེས་ ཨ་ཛའི་ བཟོ་བལྟ་ད་ འགྲོ་བ་སེམས་ཅན་ག་དེ་སྦེ་ བདག་འཛིན་འབད་ནི་ཟེར་ ནེ་ཚུན་ཚོད་ཀྱི་དུག་པ་སྒོམ་ཏེ་དབའི་ བཟོ་ལྟ་ཤིག་ཟེར་ ང་བུད་དྷ་མཁའ་འགྲོ་ཨིན་ མི་ལུ་གཟིགས་མི་འདི་འབདཝ་ད་(??) དེ་ལས་ཏེ་ བུད་དྷ་མཁའ་འགྲོ་གི་མཚན་རྟགས་འདི་མཐོང་།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ ཨིན་པས་ག་ཟེརཝ་ད་ ཏེ་ ཡ་་་ ཨིན་པས་ཨིན་པས་ ཏེ་དེ་ལས་ མོ་ག་ཨིན་པས་གོ་ཟེརཝ་ད་ ད་རུང་ང་གིས་མི་ཤེས་པས་ཟེར་ ལྟ་མས་ཟེར་ཁྱོད་ ང་བཅས་ཕུད་རྡོག་གཅིག་ར་ ངོ་མི་ཤེས་ནི་འོང་ནི་མས་ཟེར་ བཟོ་ལྟ་བལྟ་ད་ཟེར་ ཁ་གི་ ཏེ་ ཆོས་ཀྱི་དབྱིངས་ལས་ཏེ་ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དག་བྱོན་མི་ ཁྱོད་བཟུམ་ཙང་ཙ་ར་འབད་བ་ཅིན་དེ་ བསྐྱལ་སར་བསྐྱལཝ་མས་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ མོ་ག་ཨིན་པས་གོ་ཟེར་ད་ མོ་ཡང་མི་ཤེས་པས་ཟེརཝ་ད་ ཏེ་ རྡོ་རྗེ་མཁའ་འགྲོ་ཨིན་མས་ གཟིགས་མས་ཟེར་ དེ་འབད་ཞིནམ་ན་ ད་རྡོ་རྗེ་མཁའ་གྲོ་གི་མཚན་རྟགས་འདི་ ཨ་ནཱ་མོ་གི་ངོ་སྟོན་ཞིན་ན་རྐྱངམ་ཅིག་ ཏེ་ ཁོ་གི་བདའ་འཛིན་མས་ཟེར་ཨིན་མས་ དེ་ལས་ཏེ་ད་ བདའ་འཛིན་ཞིནམ་ལས་ འམ་་་ཨིན་མས་ཨིན་མས་ཨའེ།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ན་མོ་ཟེར་ ཏེ་ ཁོ་ར་འ་ནཱི་སྦེ་གསུངས་ཞིནམ་ལས་ དེ་ལས་ད་རུང་ཏེ་ ཁོ་རིན་ཆེན་མཁའ་འགྲོ་འདི་ལུ་ ད་མོ་ག་ཨིན་པས་གོ་ཟེརཝ་ད་ ད་རུང་མོ་ཡང་མི་ཤེས་པས་ཟེར་ ཏེ་ མ་ཤེས་པ་ཅིན་ མོ་རིན་ཆེན་མཁའ་འགྲོ་ཨིནམ་སྦེ་གཟིགས་དགོ་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ད་རུང་ ཏེ་ རིན་ཆེན་མཁའ་འགྲོ་ཨིནམ་ ཏེ་འ་་་ཨིན་པས་མནོཝ་ད་ ད་རུང་མཚན་རྟགས་ཀྱི་བདའ་འཛིན་ ཏེ་དེ་ལས་ཏེ་ ད་མོ་ག་ཨིན་པས་གོ་ཟེར་ ད་རུང་འདི་ཡང་མི་ཤེས་ཟེར་ ཏེ་མོ་པདྨ་མཁའ་འགྲོ་ཨིན་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་དེ་ལས་ ད་རུང་འ་ནཱི་ག་ཨིན་པས་གོ་ཟེར་ ཏེ་ འདི་ཡང་མི་ཤེས་པས་ཟེར་ འདི་ཏེ་ བྱང་ལས་ཀྱི་མཁའ་འགྲོ་ཨིན་ཟེར་ ཏེ་ ཁྱོད་ང་བཅས་ངོ་ཤེས་པས་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་དབའི་ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ གཟིགས་པ་གཟིགས་ནི་མིན་འདུག་ ཏེ་ ད་ཁྱོད་བཟོ་ལྟ་འ་ནཱི་སྦེ་ཨིན་མས་ཟེར། དེསྦེ་ཞིན་ལས་ ད་ཁྱོད་ང་བཅས་ལྔ་ངོ་ཤེས་དའི་སྨོ་ཟེར? ཏེ་ ཤེས་དའི་ཟེར་ ཏེ་ ཤེས་ད་བ་ཅིན་ ཀྲིག་ཀྲི་ཨིན་མས་ཏེ་ ད་ཕར་ཞིང་ཁམས་ ལྟ་སྨ་རེད་ ཞིང་ཁམས་མཇལ་སྨ་རེད་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ བཏུབ་ཟེར་ ཏེ་ བུད་དྷ་མཁའ་འགྲོ་འདི་ ཕྱག་ཨ་ནཱི་སྦེ་ ཡར་སེང་ ཧེ་མ་ཕྱག་སེང་ནི་མེན་པ་ ཨ་་་ཨ་ཕི་ནང་ ག་ཅི་འདུག་ཟེར་ འདི་ནང་ག་ནི་ཡང་མིན་འདུག་ ཨ་ཁའི་་་བཟོ་ལྟ་ད་ ཁོ་ར་གི་ ཆོས་ཀྱི་དབྱིངས་ར་ ངོ་མ་ཤེསཔ་ཡར་སོང་ནུག་ཟེར་ ཏེ་ མོ་ར་ཕྱག་ཨ་ནཱི་སྦེ་ སེང་འབད་ད་འ་ནཱ་ལས་གཟིགས་ཤིག་འདིནི་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ ཨ་ནཱ་ལས་ཕར་ ཏེ་༼མི་ཕར་སྐྱིད༽?? ནཱ་ལས་ཕར་གཟིགསཔ་ད་ ཏེ་ ལྷ་ཁང་ཕྲ་ཆེམ་ཆེ་ཅིག་ ༼སྲསམོ༽ གིས་སྤུབས་འབད་སྦེ་ རབ་རོབ་མཚམས་ཅིག་སྦེ་ རབ་རོབ་མཚམས་ཅིག་སྦེ་ ཏེ་ མཇལ་ཚུགས་ཞིན་ལས་ ཏེ་ ཨའོ་ ཨ་ཕི་ནང་ ཆོས་ཀྱི་དབྱིངས་ཟེར་ ༼ཚག་ཁ་འདི་སེར་བུ༽འདུག་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    འ་ནཱི་ང་བཅས་ནུབ་ཕྱོགས་བདེ་བ་ཅན་གྱི་ ཆོས་ཀྱི་དབྱིངས་ཨ་ནཱི་མེན་བོ་ཟེར་ ད་རབ་རིབ་མཇལ་ཚུགས་པས་ག་ ཨ་ནཱི་རབ་རིབ་འདི་ ལས་ཨིན་ཁྱོད་ཟེར་ ཨ་ནཱི་ཁྱོད་ལས་བཞེས་མཆི་ནུག་བ་ཟེར་ ད་ཨ་ནཱི་གཏི་མུག་འདི་མས་ཟེར་ ཏེ་ད་ དེ་འབདན་འགྱོ་གེ་ ད་ ང་བཅས་ཕར་ལུ་འགྱོ་གེ་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ དེ་ལསནི་ ཏེ་ ནཱ་ལས་ཕར་སྦེ་ ཏེ་ པད་མ་གླིངཔ་ ནཱ་ལས་ཞུ་འགྱོཝ་ད་ དེ་ལསནི་མར་ སྒོ་ཁར་ལྷོད་པའི་བསྒང་ལསནི་ ཏེ་ཡེ་ཤེས་མགོནམོ་འདི་སྟེ་ བདུད་རྒྱལཔོ་ར་ཛ་སྦེ་ ཏེ་ གནག་ཐག་སྦོམ་ཅིག་ ཕྱག་ལུ་བསྣམས་ ཞྭམོ་བང་ཀ་བཟུམ་ཅིག་བཙུགས།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    དེ་ལས་ཨ་ནཱི་སྦེ་ ༼ཤ་ཏབ་ཆུག་ཆུག༽ སྦེ་ ༼རིས་མོ་ཟེར་བ༽ (??) ཏེ་ དེ་ལསནི་ ཏེ་ དབའི་པད་མ་གླིང་པ་ ཁྱོད་བལྟ་(??)ག་ཨིན་མས་གོ་ཟེར་ ཨ་ཛའི་ མ་ཤེས་ ང་འདྲོགས་ཡང་འདྲོག་མས་ཟེར་ འེང་སྡོད་ཤིག་སྡོད་ཤིག་ཟེར་ ཏེ་ ཡེ་ཤེས་མགོན་པོ་ ཁྱོད་ཀྱིས་ལྟཝ་ད་ ཨ་ནཱི་ག་ཨིན་པས་གོ་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    མི་ཤེས་ཟེར་ དབའི་ཁྱོད་ ཁོ་ངོ་མི་ཤེས་ག་ཟེར་ ཁོ་ངབཅས་ཆོས་ཀྱི་དབྱིངས་ལུ་ ཏེ་ ཆོས་སྐུ་པད་མ་གླིང་པ་འདི་ ཁོ་མེན་བུ་ཟེར། འབད་ཞིནམ་ལས་ ཡ་ཨིན་ན་ཟེར་འབདཝ་ཅིག
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    དེ་ལས་ ཨ་་་མེན་པས། ཧེ་མ་པད་མ་གླིང་པ་ལུ་ ཨ་ནཱི་ཁོ་ག་ཨིན་པས་གོ་ཟེར་ ཏེ་ ག་ཨིནམ་སྨོ་ཟེརཝ་ད་ ང་མི་ཤེས་པས་ ང་འདྲོག་ཡང་འདྲོག་མས་ཟེར་ ང་བཅས་ཏེ་ ཆོས་ཀྱི་དབྱིངས་ལས་ཏེ་ མགོནཔོ་ཚེ་དཔག་མེད་ ཏེ་ ཁོ་ཨིནམ་སྦེ་གཟིགས་མས་ཟེརཝ་ད་འབད་ཚེ་ དེ་ལས་འབདན་ཏེ།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ༼ལགཔ་གི་ལྕགས་འགྱིར་ཏེ་སྦེ༽ ན་བཟའ་༼ཧོ་བྱེམ་བྱེ་སྦེ་༽ དོད་རིལ་རི་སྦེ་ འབད་བའི་བསྒང་ལས་ཏེ་ མགོནཔོ་འདི་ཁོ་ར་སྐུ་ངོ་མ་སྦེ་ར་ མཇལ་ཡི་ཟེརཝ་མས། ཡ་ ཨིན་མས་ཨིན་མས་ཟེར་ འབད་ཞིནམ་ལས་ ཏེ་ དེ་ལས་ཏེ་ མགོནཔོ་འདི་ཞི་བ་སྦེ་མཇལ་ དེ་ལས་ཏེ་ ནཱ་ལས་སྦེ་ ཡར་གུ་རུ་སྐུ་མདུན་བསྐྱལ།
  • སྲི་རྒྱས་རྡོ་རྗེ སྲིད་རྒྱས་རྡོ་རྗེ། Sigay Dorji གུ་རུའི་སྐུ་མདུན་ལུ་བསྐྱལ་ཞིནམ་ལས་ ཏེ་ གུ་རུ་འདི་ཨ་རྒས་ ཨ་རྒས་རོ་ཁོག་རོ་ཁོག་ཐལ་ཏེ་ བཀུག་འགྱོ་ནུག་ཟེར་ཨིན་མས་ ཨེ་ཧེང་་་དེ་ལས་ཏེ་ པད་མ་གླིང་པ་ ཁྱོད་ལྟལ་ད་ ཨ་ནཱི་ག་ཨིན་པས་གོ་ཟེརཝ་ད་ ཏེ་མ་ཤེས་ མི་ཨ་རྒས་ཨ་རྒས་གཅིག་འདུག་ཟེརཝ་ད། ཨ་འོ་་་ དབའི་ཟེར། Cigay Dorji
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཁྱོད་་་་(??) ང་ར་ངོ་མ་ཤེས་པས་ཟེར་ ཏེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ཨིནམ་བ་གཟིགས་ཤིག་ཟེར་འབདཝ་ད་འབདན་ ཡ་་་སྐྱབས་སུ་མཆི་ ང་ཨྱོན་གུ་རུ་རིན་པོ་ཆེ་ཨིནམ་ སྐུ་མདུན་ལུ་ལྷོད་ནུག་ཟེར་མནོཝ་ཅིག
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ས་༼རྫོང་རྫོང་༽འབད་ཚེ་ ཏེ་ གོ་ལ་༼རྒསཔ༽ ཅིག་ལུ་སྤྲུལ་ཏེ་ བཞུགས་ནུག་ཟེར་ཨིན་པས་ དབའི་ ཨྱོན་རིན་པོ་ཆེ་ ཁྱོད་ཀྱི་ནཱ་ལས་མར་གཟིགསཔ་ད་ ཨ་ནཱི་ག་ཨིན་མས་གོ་ཟེརཝ་ད་ གུ་རུ་རིན་པོ་ཆེ་གིས་ཡང་ མི་ཤེས་པས་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    དབའི་ ང་བཅས་ཆོས་ཀྱི་དབྱིངས་ལུ་ ཏེ་ ཆོས་སྐུ་པད་མ་གླིང་པ་་་་་(??)ཟེརཝ་ད་ དབའི་ཨིན་ན་ ཨིན་མས་ཨིན་མས། དབའི་ རོགས་ཕར་ ད་ལྟོ་ཁོ་ནཱ་འོང་ར་མ་རན་ རོགས་ད་ལྟོ་ཁོ་ནཱ་འོང་མ་རན་ རོགས་ཁོ་ད་ལྟོ་ཕར་ར་བཞག་དགོ་ ཁོ་ཏེ་ ཕར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དག་ལུ་ བཏང་བཏངམ་ཨིན་ཟེརཝ་ད་ ཏེ་ ཨ་ཁའི་ འདི་གི་བཟོ་ལྟ་ཁམས་གསུམ་སེམས་ཅན་འགྲོ་བ་ཐམས་ཅད་ལུ་ ཕན་ཐོགས་པ་ ཐོགས་ནི་མིན་འདུག་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ༼ར་གཅིག་ ཨ་ཡ་ལས་ཡར་ ནོར་འཚོ་སྡོད་ནི་འདུག་ཟེར(??)༽ ཏེ་ ད་ ཕར་འགྲོ་བ་སེམས་ཅན་ཐམས་ཅད་ལུ་ ཕན་ཐོགས་དགོ་པ་ཅིན་འདི་ ཆོས་གཅིག་དང་ལུང་གཅིག་ ནཱ་ལས་གནང་པ་ཅིན་ བཀྲིན་ཆེ་བས་ཟེར་ འབད་ཞིནམ་ལས་ ཡ་་་ཨིན་ན་ ཨིན་པས་ཨིན་པས།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཡོན་ཏན་མེད་པར་ ཁོ་ཕར་འགྲོ་བ་སེམས་ཅན་བདག་འཛིན་འབད་མ་ཚུགསཔ་མས་སྨོ་ཟེར་ ཨིན་མས་ག་ཟེར་ ནཱ་ཤོག་ཤིག་ཟེརཝ་ཅིག་ ཏེ་ པདྨ་གླིངཔ་ནཱ་ལས་ ཁོང་གཉིས་དབུ་མཐུད་པའི་ཕྱིར་ ཧུ་འུ་་་ཟེར་ཏེ་ ཨྱོན་རིན་པོ་ཆེ་གིས་ ཡར་ལས་མར་དབུགས་རྫོགས་རྫོགས་མར་ ཆོས་སྐུ་པདྨ་གླིངཔ་ལུ་གནང་།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    དེ་ལས་ ཨུ་ཨུ་་་ཟེར་ མར་ལས་དབུགས་རྫོགས་རྫོགས་ཡར་འཐེན་ ད་རུང་མར་གནང་ ད་རུང་ཡར་འཐེན་ལེན་གསུམ་ གནང་ཚརཝ་ཅིག་ ཡ་ད་འབདན་ད་ཁྱོད་བཏུབ་ ད་བཏང་ཤིག་ཟེརཝ་ཅིག་ ཏེ་ ང་བཅས་པད་གླིང་གི་ཆོས་ ཏེ་ འདི་བསྒང་ལས་ ཏེ་ དར་ར་ར་་་་ཚིག་ཐེངས་ཅིག་ར་ལྷག་མ་མེད་པར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ གུ་རུའི་སྐུ་མདུན་བསྐྱོར་འབད་ཞིནམ་ལས་ འམ་འམ་ ནངས་པ་འགྱོ་ནངས་པ་འགྱོ་ ཕར་ལོག་བསྐྱལ་ ཕར་འགྲོ་བ་སེམས་ཅན་ཐམས་ཅད་ གནམ་མེད་ས་མེད་དམྱལ་བ་ཚུད་སོང་ནུག་ ད་དེ་སྦེ་མི་བཏུབ་ཟེར་ དེ་འབད་ཞིནམ་ལས་ ད་རུང་མཁའ་འགྲོམ་ཁོང་ར་གིས་༼ཡིག་ལ་རིག་ཤིཏ༽(??)
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    ཏེ་ རྡོ་འདི་གུ་བཀལ་ ཏེ་ རྡོ་འདི་གུ་ལས་ ཏེ་ ༼ཚོང་རྒྱ་??༽ ཏེ་འདི་ཚེ་ཕར་བྱོན་འབད་བའི་བསྒང་ལསནི་ དེ་ལས་ཏེ་ ཕར་གྱི་ཁྱིམ་འདི་ཚུ་ཡང་ གཞའ་ཚོན་སྒོར་ དེ་ལས་ཏེ་ གནམ་མེན་ས་མེད་སྒྲུབ་རྟགས་སྦོམ་སྦེ་སྟོན་ འབད་ཞིནམ་ལས་ཏེ་ འ་ནཱ་ལས་ དེ་ལས་ཏེ་ ཁོ་སངས་རྒྱས་འབད་ འ་ནཱི་སྦེ་བྱོན་བྱོནམ་ཨིན་ཟེར།
  • སྲིད་རྒྱས་རྡོ་རྗེ། Cigay Dorji
    འ་ནཱི་སྦེ་བཤད་ནི་འདུག་ལགས་ འ་ནཱི་ཚུ་ སྔོན་མ་ང་བཅས་ནཱ་ ཨ་ནཱི་དགེས་བཤེས་ཅིག་ཡོད་ལགས། ཨ་ནཱི་རྟག་བུ་ར་ངེའི་ནཱ་ ཆོ་ག་ཡང་ ཁོ་གིས་བཏང་ཏེ་རོགས་ ཁོ་གི་ནཱ་ལུ་ རྣམ་ཐར་ཡང་འདུག་བ་ལགས། འ་ནཱི་ང་བཅས་གསུང་གྲོས་ཕུལ་ད་ལུ་ ཁོ་གིས་འ་ནཱི་སྦེ་ཡོད་ ཨ་ནཱི་སྦེ་ཡོད་ཟེར་ ཨ་ནཱི་སྦེ་གསུང་གནང་དེས་ གོ་གོཝ་ཨིན་ལགས། ད་འདི་ཨ་ནཱི་ཅིག་ར་ཨིན་ལགས།