Skip to main content Skip to search
06 Sep 2018
14 min 31 sec
Samten Yeshi
Video Overview
Creators: 
Dawa Tshering, Tseten Tshering

Ap Tsampa from Ketokha village of Bongo Gewog, under Chukha District shares about how the ritual called Lhasol came into existence in their village and the changes made while performing this ritual. He says that their first first master to bring that ritual was originally from the Thimphu Pangrizampa, he was an attendant of Zhabdrung. Later he came to Chukha district and he was sponsored by an aristocratic family called Jangtsap from the village called Damji village. Later after his death, several masters replaced him and since Tsampa’s great grandfather was from that village, he was the one to introduce that ritual in his village.It is said that the ritual was based on the practice of Bonism, they had to sacrifice lots of animals during the auspicious days such as the 15th day of the specific months. Later Lama called Pagap Lam Tshering Dorji stopped that practice since killing is totally against the religions and the law. Since 1998, they perform this ritual by offering cheese.

 

ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ རྐེད་ཏོག་ཁ་གཡུས་ཚན་ནང་ལས་ ཨཔ་མཚམས་པ་གི་ ལྷ་གསོལ་ཆོ་ག་འདི་ ག་དེ་སྦེ་འབྱུང་ཡི་ག་དང་ འདི་གིས་འགྱུར་བ་དེ་འབད་འབག་ཡི་ག་སྐོར་ལས་བཤད་ནི་འདུག ཁོ་གི་བཤད་མི་ནང་ ཆོ་ག་འདི་འགོ་དང་པ་འབག་མི་སློབ་དཔོན་འདི་ ཐིམ་ཕུ་པང་རི་ཟམ་པ་ལས་ཨིནམ་དང་ ཞབས་དྲུང་གི་ཕྱག་ཞུ་མི་ཨིན་མས། ཤུལ་ལས་ ཁོ་ཆུ་ཁ་རྫོང་ཁག་ནང་འོང་ཞིནམ་ལས་ དམ་སྦྱིས་གཡུས་ཚན་ནང་ལས་ དཔོན་ལས་རྒྱུད་པའི་བཟའ་ཚང་ བྱང་ཚབ་ཀྱིས་སྦྱིན་བདག་འབད་དེ་ གྲོགས་རམ་མཛད་ནུག ཁོ་གི་ཨ་རྒས་འདི་ ས་གནས་འདི་ཁར་ལས་འབདཝ་ལས་ ཆོ་ག་འདི་ཁོ་གིས་འགོ་བཙུགས་གནང་ནུག ཤུལ་ལས་ཁོ་བཤགས་ཞིནམ་ལས་ སློབ་དཔོན་སོ་སོར་ཚུ་གི་ ཁོའི་ཚབ་མ་སྦེ་ འབདཝ་ཨིན་མས། ཆོ་ག་འདི་ བོན་གནས་ལུ་གཞི་བཞག་སྟེ་ འགོ་བཙུགས་ཅིག་ཟེརཨིན་མས། དེ་བསྒང་ ཁོང་ཚུ་གི་ རྩ་ཆེ་བའི་ཉིནམ་ ཚེས་བཅོ་ལྔ་བཟུམ་ཚུ་ནང་ སེམས་ཅན་ལེ་ཤ་སྲོག་བཅད་འབད་དགོཔ་ཨིན་མས། ཤུལ་ལས་པསྤག་སྒར་བླམ་ཚེ་རིང་རྡོ་རྗེ་གིས་ སེམས་ཅན་སྲོག་བཅད་འབད་ནི་འདི་ ཆོས་དང་ཁྲིམས་ལས་ འགལ་བ་ཅིག་ཨིན་མས་མནོ་སྟེ་ སེམས་ཅན་བསད་ནིའི་སྲོལ་འདི་བཀག་བཞག་ནུག གནམ་ལོ་༡༩༩༨ལས་ ཆོ་གའི་སྐབས་ལུ་ དར་ཚིལ་ཕུལ་ནིའི་འགོ་བཙུགས་ནུག

 

Transcript search
No results found for this search
0 of 0
  • མཚམས་པ་
    ད་ང་བཅས་ཀྱིས་མ་པ་ འ་ནི་ལྷ་འདི་གི་ཁུངས་དང་དགོས་པ་བསྐྱེལ་དགོ་པ་ཅིན་གནམ་མེད་ས་མེད་མཐའ་རིང་འདྲག་ཨིན་མ་པ་ ད་དེ་སྦེ་སླབ་དགོ་པ་ཅིན་སླབ་འདི་ཡང་མི་ཚར་བས་ལགས། It has long story about the origin of the Lhasol and it will take time to narrate it.
  • མཚམས་པ་
    སྟེ་སྔོན་མོ་ ང་བཅས་ན་ལུ་འ་ནི་གིས་མོན་པའི་གི་གཡུས་ སྟེ་ད་ལྷ་སྲིན་སྡེ་འགེགས་ཤུགས་ཆེ་བའི་བསྒང་འབད་ནི་འདི་གིས་ སྟེ་ཡར་ལྷ་གིས་དཔའ་བོ་དང་ སྟེ་ཁོ་ག་ལས་འབྱུང་ནུག་ཟེར་བ་ཅིན་ཏེ་ཡར་སྤང་རི་ཟམ་པ་ སྟེ་ཞབས་དྲུང་ངག་དབང་རྣམ་རྒྱལ་འབྱོན་པའི་སྐབས་འདི་ལུ་སྟེ་ཡར་ལས་མར་ཕྱག་ཞུ་འོང་པའི་གིས་སྟེ་ དགེ་གཉེན་དགེ་གཉེན་ཁོ་རང་ The culture of performing lhasol was firstly originated during the time when the deities and the spirits were prominent in the country. Gengyen the guardian deity accompanied Zhabdrung reached Bhutan.
  • མཚམས་པ་
    སྟེ་དགེ་གཉེན་གྱི་འོག་ལས་ སྟེ་ད་རུང་དགེ་གཉེན་་ཁོ་རང་ཞབས་དྲུང་གི་ཕྱག་ཞུ་སྟེ་ དགེ་གཉེན་གྱི་ཞབས་དྲུང་ཁོ་རང་གི་ཕྱག་ཞུ་མི་ སྟེ་ཁོ་དཔའ་བོ་བཙན་ལྔ་ བཙན་ལྔ་འདུག་ལགས། བཙན་ལྔ་ཡོད་ས་ལས་སྟེ་དཔའ་བོ་ གཅིག་དཀར་སྦྱིས་དཔའ་བོ་ཟེར་ དཀར་སྦྱིས་དཔའ་བོའི་རྒྱ་མཚོ་ཟེར་ Beside Gengyen there were five Pawo with him serving Zhabdrung. Among them Kabji Paw was one of it.
  • མཚམས་པ་
    སྟེ་འ་ནི་འདི་སྟེ་མར་གྱི་སྟེ་སྤང་རི་ཟམ་པ་ ལྷོད་དེ་ལྷ་སྲིན་སྡེ་འགེགས་འདི་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་དམ་ལུ་བཏགས་ དགེ་གཉེན་ཁོ་རང་ཡང་ མི་གི་གཟུགས་འགྱུར་པར་ནི་མེདཔ་པའི་གི་དམ་བཅའ་གནང་ཚར་བའི་བསྒང་ལས་ དེ་ལས་ཁོང་བཙན་ལྔཔ་འདི་ཡང་ རང་རང་སར་ས་ཕྱོགས་སུ་ ཕྱོགས་ཕྱོགས་ ལུ་རྒྱབ་ཤུགས་བརྐྱབ་དགོཔ་འབད་ Gengyen was sudued and made protector deity when Zhabdrung was subdueing all the deities in the country. The five Pawos went to different directions separately.
  • མཚམས་པ་
    སྟེ་འབྱུངམ་ལས་བརྟེན་ཏེ་གིས་འབད་ དེ་ལས་ཁོ་ལུ་ཡང་སྟེ་ དེ་ལས་དེ་བསྒང་ལས་ཁོ་སྡོད་སའི་སྒོ་འཚོལ་སྟེ་གིས་ ཁོ་རང་ཁོ་རང་འཚོལ་ཏེ་གིས་ ལྷ་སྲིན་སྡེ་འགེགས་ཚུ་དར་ཁྱབ་གནམ་མེད་ས་མེད་འགྱོ་སྡོད་ནུག་པ་ ཁོ་ཡང་སྟེ་སྔོན་ཤེས་མཁན་འབད་ནི་འདི་གིས་སྟེ་ ཁོ་ཡང་ཡར་ལས་མར་ཁོ་རང་གིས་ཁོ་རང་འཚོལ་འདི་གིས་འབད་དེ་ ཁོ་གིས་སྟེ་ལུང་བསྟན་ཅིག་ག་ལུ་བབས་འོང་ག་ དུས་ཚོད་ག་བཟུམ་ཅིག་གི་དུས་ཚོད་ཁར་ལྷོདཔ་འོང་ལུང་བསྟན་བབས་ཚུགས་ག་ཟེར་ འབྱོནམ་ད་ལུ། ག་སྟེ་ལས་འབྱོན་ནུག་ག་ཟེར་བ་ཅིན། When deities were prominent in the country. The Paw through his supernatural power and went in search of his destination.
  • མཚམས་པ་
    སྟེ་ཡར་ལས་འཕྲང་འཕྲང་སྟེ་ སྟེ་ཡར་ལས་མར་བྱི་ལི་ལ་བརྒལ་སྟེ་གི་འབད་ ཕར་སྤུ་ན་ཁར་བརྐྱབ་སེང་ནུག། Finally he went to Punakha crossing the place called Bjili Gang.