Skip to main content Skip to search
05 Sep 2018
6 min 37 sec
Samten Yeshi
Video Overview
Creators: 
Penchela, Ugyen Phuntsho

Bhutan was believed to be a very dark country without any influence of Buddha Dharma and demoness dominated over all living beings and took lives of many of people plying through their abode. The Stone mill at Nyindukha village in Dagana Dzongkhag was also a abode of demoness resided inside a huge stone mill popularly known as Do Rangthang and took lives of many people in the past. Since Guru Rinpoche (the precious master) was an extra ordinary figure, he had already prophesied that the demoness were taking lives of human in that region. Thus, Guru personally arrived at the scene and subdued the demon, saperated the base and lid stone mill and built a stupa to supress the demons. 

 

"

འབྲུག་རྒྱལ་ཁབ་འདི་སྔོན་མ་ཆོས་མ་དར་བའི་རྒྱལ་ཁབ་ནག་དུང་དུང་ཅིག་སྦེ་རྩི་དོ་ཡོདཔ་ཨིན། འདི་ནང་ལས་ཡང་ འདྲེ་དང་བདུདམོ་ཚུ་གི་བསྒང་སྟེ་ཡོད་པའི་རྒྱལ་ཁབ་ཅིག་འབདཝ་ལས་ མི་རྣམས་ཀྱི་ཚེ་དང་བསོད་ནམས་རྫོགས་ཏེ་འགྱོ་དོ་ཡོད་པའི་རྒྱལ་ཁབ་ཅིག་སྦེ་སྡོད་ནུག། དེ་བཟུམ་སྦེ་ དར་དཀར་ན་རྫོང་ཁག་ སྙིང་སྡུག་ཁ་གཡུས་ཚན་ནང་ རྡོ་རང་ཐང་ཟེར་མི་ས་གནས་འདི་ཡང་ སྔོན་མ་འདྲེ་དང་བདུདམོ་ཚུ་འཁྱམས་སའི་ ས་གནས་ཅིག་འབདཝ་ལས་ མི་ཚུ་གི་ཚེ་སྲོག་ལུ་གནོད་པ་སྦོམ་སྦེ་ར་རྐྱབ་སྟེ་སྡོད་ནུག། ཤུལ་ལས་ གུ་རུ་རིན་པོ་ཆེ་ཞབས་ཀྱིས་བཅག་གནང་བའི་རྗེས་སུ་ལུ་ འདྲེ་དང་བདུདམོ་ཚུ་དམ་ལུ་གཏགས་གནང་ནུག་ཟེར་ཞུ་ནི་ཨིན། དེ་འབདཝ་ལས་ གུ་རུ་རིན་པོ་ཆེ་ དངོས་སུ་ས་གནས་འདི་ཁར་ཞབས་ཀྱི་བཅག་གནངམ་མ་ཚད་ འདྲེ་སྲིན་དམ་ལུ་གཏགས་ཏེ་ ས་གནས་འདི་ཁར་ཆོས་རྟེན་ཅིག་ཡང་བཞེངས་གནང་ནུག་ཟེར་ཞུ་ནི་ཨིན།

"

 

Transcript search
No results found for this search
0 of 0
  • དཀར་རྡོ་ Kardo
    [རྡོ་ཏི་རི་གི་?]རྒྱབ་ཁ་ལུ་ རྡོ་རང་འཐག་ཟེར་མི་ནང་ལུ་ ཏེ་ང་བཅས་ནཱ་ལྷོད་དེ་སྦེ་ཡོད། ཏེ་འདི་ནང་རྡོ་རང་འཐག་ཟེར་མི་འདི་གི་ཁུངས་འདི་ག་དེ་སྦེ་སྨོ་ཟེར་འབད་བ་ཅིན་ ཏེ་རྡོ་རང་འཐག་འདི་དུས་དང་ཕུག་ ཏེ་བསྐལཔ་ཆགས་པའི་བསྒང་ལས་རང་ ཁོ་རང་འདི་ནང་ལུ་ ཏེ་ས་བཅགས་བཅགསཔ་གི་གནས་ཅིག་ཨིན་པས། We are here where there is sacred millstone. And this millstone was here since the beginning of the era or generation.
  • དཀར་རྡོ་ Kardo
    ཨིན་རུང་ ཏེ་ང་བཅས་ར་དང་ཕུ་ ནཱ་ལས་མར་ཉིན་གདུགས་ཁ། ཡར་འགྱོ་བ་ཅིན་དཀར་ན་ཁ། ཏེ་ང་བཅས་ར་ མི་ཡར་དང་མར་གྱི་འགྱོ་འགྲུལ་འདི་ ག་ར་འ་ནཱི་ལམ་བདའ་ གཞུང་ལམ་འ་ནཱི་ལམ་བདའ་འཐབ་དགོཔ་ཨིན། ཏེ་འ་ནཱི་འབད་ནི་འདི་གིས་ ཏེ་སྲིན་མོ་ཁ་དར་བའི་དུས་ལུ་ ཏེ་དེ་ལས་སྲིནམོ་གིས་ ད་འ་ནཱི་ཁ་ལུ་གནས་བཅགས་སྡོད་དེ་ཡོདཔ་མས་ལགས། ཏེ་འདི་ནང་གནས་བཅགས་སྡོད་དེ་གི་སྦེ་ དེ་ལས་མི་འགྱོ་འགྲུལ་ ཡར་འགྱོ་མི་ལུ་གནོདཔ་བཀལ། མར་འགྱོ་མི་ལུ་གནོདཔ་བཀལ། ཏེ་དེ་ལས་མི་ལུ་གནོདཔ་ག་དེ་སྦེ་བཀལཝ་ ཟེར་བ་ཅིན་ ཏེ་དེ་ལས་མི་འདི་ཚུ་བཟུང་ཡི་རང་ ཏེ་དེ་ལས་ནཱ་ ཨ་ནཱ་ལུ་ ཏེ་ང་བཅས་ར་ཕྱེ་འཐག་དོ་བཟུམ་སྦེ་ ཏེ་ཕྱེ་འཐག ཏེ་མི་འདི་ནང་ལུ་བསྒྲལ།
    Long ago, this route was main route for traveler. From here we go down to Nyindukha and up to Karnakha. and during that time, when the number of demon was rising, they encamped here and harmed the people made their journey via this route. And the way of harming was Demon would catch people and grind them like dough.
  • དཀར་རྡོ་ Kardo
    ཏེ་དེ་ལས་ ཏེ་ཁྲག་གི་ཝ་འདི་ཚུ་ཡང་ ཨ་ཕ་ལས་མར་ཁྲག་བཙག་འགྱོ་ས་གི་ཝ་གཅིག་ཡང་ཡོད་ རྡོ་གུ་ལས་མར་ སྤར་ད་ལྟོ་ཡང་གཟིགས་གཟིགས་ས་ཡོད། ཏེ་དེ་ལས་ རྡོ་གི་རང་འཐག་[སྤྱིའུ?]འདི་ཨ་ནཱ་ཟུར་ཁར་སྐྱེལ་མི་གི་རྡོ་ཕུག་འདི་ཨིན། ཏེ་རང་འཐག་ཁབ་ཏོ་འདི་ཡར་གྱི་འདི་ཨིན། ཏེ་ད་ལས་ ཏེ་ཨྱོན་གུ་རུ་རིན་པོ་ཆེ་གིས་ ཏེ་ད་སྲིན་པོ་འདི་ཚུ་གིས་ཕྱོགས་ ས་གོ་ག་ཏེ་ལུ་གནོད་པ་ འཚུབསཔ༌ཅན་བཀལ་མི་འདི་ ཁོ་ར་མངོན་པར་དུ་མཁྱེནཏེ་འབད་ཞིན་ན་ ཏེ་དེ་ལས་ཨྱོན་གུ་རུ་རིན་པོ་ཆེ་ ཏེ་ནཱ་བྱོན་འབད་སྦེ་ ཏེ་དེ་ལས་ཨྱོན་གུ་རུ་རིན་པོ་ཆེ་གི་ཞབས་རྗེས་གཅིག་ ཡར་བྱག་འདི་ལུ་ ཡར་སྨན་ཆུ་བྱག་ཟེར་ ཡར་ལ་གི་མགུ་ཏོ་ཁ་ལུ་ ཡར་ལུ་ ནཱ་ལས་ཀི་ལོ་མི་ཀྲར་གཅིག་གི་ལམ་འདུག
    And there is tub where people’s blood is drained. The drain is still there, which can be seen even today. The stone in the side is funnel to millstone. And the rock lying above is lid. Ugyen Guru Rinpoche with the supernatural perception knew the existence of demon in various places and direction, so he came here. While coming here his feet landed on the head of cliff called Manchujak which is one kilometer away from here.
  • དཀར་རྡོ་ Kardo
    ཏེ་འ་ནཱི་ཡར་ ཞབས་གཡོནམ་འདི་ཡར་རྡོགཔ་དྲེགས་ ཞབས་གཡསཔ་འདི་ ནཱ་རང་འཐག་ཁབ་ཏོ་གུར་བཀལ་འབད་སྦེ་ ཏེ་དེ་ལས་འ་ནཱི་རང་འཐག་འདི་ རང་རང་སོ་སོ་ཕྱེ། དེ་ལས་གཅིག་གིས་གཅིག་ལུ་ཁ་བཏབ་མ་ཚུགསཔ་བཟོ། ཐུགས་སྨོན་གནང་། དེ་ལས་སྲིནམོ་འདི་དམ་བཏགས་འབད་སྦེ་ དེ་ལས་སྲིནམོ་འདི་གི་ མོ་གི་ལུས་ཀྱི་པགས་ཀོ་འདི་གི་ [སྒྲིབ་མ་གིས་?] ཨ་ཡར་ལུ་ ཀོང་ཀོངམ་བྱག་ཕུག་ཟེར་ཡོདཔ་ཨིན། ཀོང་ཀོངམ་བྱག་ཕུག་ལུ་ ཏེ་འ་ནཱི་བྱག་གུ་ལས་མར་ ཨ་ནཱི་གནགཔོ་འཚམས་སུ་ཅིག༌སྦེ༌ཡོད། ཏེ་འ་ནཱི་གུ་ལུ་ སྲིན་མོ་གི་པགས་ཀོ་འདི་ཨ་ཡི་ཨིན་ཟེར་ ཏེ་དེ་ལས་ཁོ་གིས་ སྲིནམ་འདི་གི་ཁ་གནོན་གྱི་དོན་ལས་ ཏེ་དེ་ལས་ནཱ་ལུ་ ཁོ་ར་གིས་མཆོད་རྟེན་གཅིག་རྐྱབ།
    It was his left feet which landed up there and his right feet landed on this mill stone. Then in removed the lid and made impossible for lid and main millstone to come together. He said a prayer not to enable this lid and millstone to come together. And then he subjugated the demon. Her skin can be seen at Kongkom Jakphu, which is like shadow, black in colour. And as a counterforce he built stupa here.
  • དཀར་རྡོ་ Kardo
    ཏེ་དེ་ལས་ཁོ་ཁོ་ར་ཡང་ ཏེ་ད་ད་ལས་ཕར་ཕར་ལུ་ ང་བཅས་ར་མི་ལུས་རིན་པོ་ཆེ་ལུ་ གནོད་པ་རྩ་ལས་རངབཀལ་ནི་མེད་པའི་དམ་བཅའ་འདི་ཚུ་བླངས་ དམ་ལུ་བཏགས་ འ་ནཱི་འབད་སྦེ་ དེ་ལས་འ་ནཱི་ཤུས་ལས་ ཏེ་གུ་རུ་རིན་པོ་ཆེ་གི་ཐུགས་རྗེ་བྱིན་རླབས་ལས་བརྟེན་ ཏེ་དེ་ལས་ཤུལ་ལས་ མི་ཡར་དང་མར་ ག་དེམ་ཅིག་ར་འགྱོ་རུང་ སེམས་སྐྱིད་ཏོང་ཏོ། ལུས་སྐྱིད་ཏོག་ཏོ་སྦེ་ ཐོགས་པ་ག་ནི་ཡང་མེད་པར་ འདྲོག་པ་ག་ནི་ཡང་མེད་པར་ འཚེར་བ་ག་ནི་ཡང་མེད་པར་ ཏེ་འ་ནཱ་ལས་ཡར་དང་མར་འགྱོ་འགྲུལ་རྐྱབ་སའི་ས་གོ་འདི་ འ་ནཱི་ཨིན་ཟེར་ ཨ་ནཱི་ཞུ་ནི་ལགས།
    Then demon was made to promise to not harm human beings and was being subjugated. Thereafter, people travelling up and down could make their journey peacefully due to blessing of guru Rinpoche. People could travel with any obstacle, with fear and without hesitation.
  • དཀར་རྡོ་ Kardo
    ཏེ་མ་པ་ རྡོ་རང་འཐག་ཟེར་ དང་ཕུ་ ཁོ་ར་རོགས་ དུས་ཚོད་ཨ་ནཱིམ་ཅིག་ཁར་ ཨ་ནཱི་སྦེ་བཅགས་བཅགསཔ་ཨིན་ཟེར་འདི་ ག་གིས་ཡང་ཞུ་ནི་མེད། བླམ་འདི་གིས་ཡང་ ས་བཅགས་བཅགསཔ་ཟེརཝ་ཡང་མེད། ཏེ་རོགས་དུས་དང་ཕུ་ལས་རང་ བསྐལ་པ་ཆགས་པའི་བསྒང་ལས་རང་ ཏེ་ཁོ་ར་འདི་ནང་ལུ་ ཏེ་རྡོ་རང་འཐག་ཟེར་ རྡོ་ཁབ་ཏོ་ མའུ་ རང་འཐག་གི་སྤྱིའུ་འདི་ཚུ་ དེ་སྦེ་འདུག
    And actually, this millstone has no date and times of its existence neither do have a founder of this millstone. And this existence of millstone dates back to the beginning of the generation.
  • དཀར་རྡོ་ Kardo
    ཏེ་དེ་ལས་ ཏེ་འདི་ནང་སྲིནམོ་ཁ་དར་བའི་དུས་ལུ་ ཏེ་དེ་ལས་ཏེ་སྲིན་མོ་གིས་མི་འགྱོ་འགྲུལ་འཐབ་མ་སྟེར་བར་མི་བཟུང་ཟ། དེ་ལས་འདི་ནང་ལུ་ཁྲག་བཙག་འཐུང་འབད་སྦེ་ ཨ་ནཱི་འབད་སྦེ་ ཏེ་དེ་ལས་ཨྱོན་གུ་རུ་རིན་ཆེ་གིས་མངོན་པར་དུ་གཟིགས་ཏེ་གིས་སྦེ་ དེ་ལས་སྲིནམོ་དམ་བཏགས་འབད་སྦེ་ ད་ལྟོའི་བར་ན་སྐོར་ལུ་ཡང་ཏེ་ མིང་ཡང་རྡོ་རང་འཐག་ཟེར་སླབ་ཨིན། ཏེ་དེ་ལས་མི་ཡར་དང་མར་འགྲོ་འགྲུལ་ ག་དེ་སྦེ་རང་རྐྱབ་རུང་ མི་འདི་ཚུ་ སེམས་སྐྱིད་ཏོང་ཏོ་ ལུས་སྐྱིད་ཏོང་ཏོ་ ཨ་ནཱ་ལུ་ངལ་འཚོ་འབད་སྦེ་ དགའ་ཏོག་ཏོ་སྦེ་འགྱོ་སའི་ས་གོ་ཅིག་ ཏེ་འ་ནཱི་སྦེ་ཨིན་ཟེར་ ཨ་ནཱི་སྦེ་ཞུ་ནི་ཨིན་ལགས།
    In the time when the number of demon rose, they would not let people to travel. They would catch and eat them and would filter people’s blood and drink. And then Guru Rinpoche, using his clairvoyance, came here and subjugated the demon. And still the place is known as Do Rangthak. Since then, people travelled from and became a place for them to rest peacefully.
  • དཀར་རྡོ་ Kardo
    ད་འ་ནཱ་ལས་མར་གྱི་འདི་ ཨ་ནཱི་ཧོ་ཀ་འདི་ཏེ་ནཱ་ ང་བཅས་ར་ཕྱེ་འཐག་པ་ཅིན་ ཕྱེ་འཛག་འགྱོ་ས་ཨིན་མས་བ་ལ་ ང་བཅས་ར་རང་འཐག་འདི་ཚུ་གི་དཔེ་ ཏེ་འ་ནཱི་འདི་ སྲིནམོ་གིས་མི་བཟུང་ མི་འཐག་ས་གི་རང་འཐག་ཅིག་འབད་ནི་འདི་གིས་ ཨ་ནཱ་ལས་མར་གྱི་འདི་ མི་གི་ཁྲག་འགྱོ་སའི་ས་གོ་ཨིན་ལགས། ཨ་ནཱ་ལས་མར་ ཧོ་ཀ་འདི་ལགས་ མི་གི་ཁྲག་འདི་ ཨ་ནཱ་ལས་མར་འཛག་འགྱོ་ཡི་ཟེར།
    This hole is the one like a hole in the real millstone where powder is being filtered and likewise the blood is being filtered from this hole. Since this is the millstone to grind the people, this is the drain to filter their blood.
  • དཀར་རྡོ་ Kardo
    གུ་རུ་རིན་པོ་ཆེ་གི་ཞབས་གཡོན་པའི་ཞབས་པར་འདི་ ཞབས་པར་འདི་འ་ནཱི་ཨིན་ལགས། ཏེ་ནཱ་ད་ལྟོ་སྤྱན་གྱིས་གཟིགས་ས་ལུ་ཨིན་ ཞབས་གཡོནམ་འདི་ཨ་ནཱ་བཀལ། དེ་ལས་ཞབས་གཡསཔ་འདི་ ཡར་རྡོགཔ་དྲེགས་ ཡར་སྨན་ཆུ་བྱག་ལུ་རྡོགཔ་དྲེགས་འབད་སྦེ་ ཏེ་དེ་ལས་ ཏེ་འ་ནཱི་རྡོ་གཉིས་གཅིག་ཁར་ཁ་བཏབ་རྐྱབ་མ་ཚུགས་འབད་སྦེ་ ཏེ་རང་འཐག་ཁ་འ་ནཱི་སྦེ་སློག་བཞག་འབད་སྦེ་ ཏེ་དེ་ལསན་ཏེ་ཁོང་གཉིས་ཁ་བཏབ་ ནམ་ཡང་རྐྱབ་ནི་མེད་པའི་དམ་བཅའ་གནང་། སྲིནམོ་འདི་མོ་རང་ཡང་དམ་བཏགས། ཏེ་དེ་ལས་ འདི་གི་དོན་ལུ་ཏེ་མཆོད་རྟེན་འདི་ཡང་ ཏེ་མོ་གི་ཁ་གནོན་སྦེ་གནང་།
    This is the foot print o Guru Rinpoche’s left feet. He landed his left leg here and the right one over the cliff of Manchu Jak. Then he disabled lid and millstone to get together and subjugated the demon. And then as a counterforce he built stupa.
  • དཀར་རྡོ་ Kardo
    ང་བཅས་ར་གི་ཁྱིམ་ནང་ལུ་ཕྱེ་འཐག་སྟེ་ར་འབད་རུང་ རང་འཐག་གི་གུ་ལུ་ཧོག་ཀ་གཉིས་འོང་བ་ལགས། ཁབ་ཏོ་ལྟག་དང་འོག་གི་བར་ན་སྐོར་ལུ་ ཨ་ནཱི་ཏ་ཀོ་ཆུང་ཀུ་ཅིག་བཙུགས་འབད་སྦེ་ ད་རེས་ནངས་པར་ ར་འཐག་འདི་འ་ནཱི་སྦེ་འཐག་དགོ་བ་ལ། དེ་ལས་ཁོང་ར་རོགས་ ང་བཅས་ར་ལྷོ་མཚམས་པ་གིས་འབད་བ་ཅིན་ ལྕགས་བཙུགས་ཏེ་སྦེ་ཨིན་ལགས། ཏེ་དཔེ་ཨ་ནཱི་ལྟར་དུ་འབད་ ཨ་ནཱི་རྡོ་འདི་རང་འཐག་གི་སྤྱིའུ་ཨིན་ལགས་ འ་ནཱི་ འ་ནཱི་རྡོ་འདི་ རང་འཐག་གི་སྤྱིའུ།
    Even at the home, when we grind the flour, on millstone there are two holes. And we fill this hole by small stick and grind. And southerner does it by putting metal within. Likewise this stone is used as funnel to the milestone.
  • དཀར་རྡོ་ Kardo
    རྡོ་གཉིས་གཅིག་ཁར་ཁ་བཏབ་རྐྱབ་མ་ཚུགས་པའི་དམ་བཅའ་གནང་། དེ་ལས་རང་འཐག་གི་སྤྱིའུ་འདི་ ཕར་ཟུར་ཁར་བཏོན་འབད་སྦེ་ ཏེ་འ་ནཱི་འབད་སྦེ་ ཏེ་དེ་ལས་རྡོ་གཉིས་གཅིག་ཁར་ཁ་བཏབ་མ་ཚུགས་པའི་དམ་གནང་ སྲིནམོ་འདི་མོ་རང་དམ་བཏགས་སྦེ་ ཏེ་ད་ལྟོ་ རང་འཐག་མའུ་འདི་འ་ནཱི་ཨིན། རང་འཐག་གི་སྤྱིའུ་འདི་འ་ནཱི་ཨིན། རང་འཐག་གི་ཁབ་ཏོ་འདི་ ཨ་ཡི་འབད་སྦེ་ཨིན་ལགས།
    He disabled lid and millstone to get together and kept the funnel in the side and subjugated the demon. It is millstone and above rock is its lid. And this is funnel.
  • དཀར་རྡོ་ Kardo
    ཏེ་ཨ་ཡི་ཁབ་ཏོ་འདི་གི་ཡར་རྒྱབ་ཁ་ལས་ ཨྱོན་གུ་རུ་རིན་པོ་ཆེ་གི་ཞབས་གཡས་པའི་ཞབས་པར་འདི་ ཨ་ནཱ་ཡོདཔ་ཨིན་ལགས།། །།
    And on the backside of the lid there is foot print of right leg of Guru rinpoche.