Skip to main content Skip to search
05 Sep 2018
23 min
Samten Yeshi
Video Overview
Creators: 
Penchela

Dasho Zoedpoen Wangchuk gives an account of Khandro Sonam Pelden, the 12th century consort of Phajo Drugom Zhipo. According to her biography, Dasho Wangchuk said that Khandro Sonam Pelden was born in Wang Danglo and married Phajo Drugom Zhipo at 22. They saw each other from across a river, sang songs and walked to Changzam (now Lungtenzam, or destined bridge). Phajo tried to construct a stone bridge there; he made local spirits carry stones, but at dawn the spirits left the stones at Zeri. His 7 sons were thrown into the Wangchu river to reveal their fate. Khandro reached Nirvana on the 1st day of the 1st lunar month from Tango monastery, with relics left at Changgangkha by her four surviving sons.

Transcript search
No results found for this search
0 of 0
  • བསམ་གཏན་ཡེ་ཤེས་ Samten Yeshi
    ལགས་སོ་དྲགོས་ཨ་ནཱི་ད་ང་བཅས་ནཱ་ལུ་ བཅར་མི་ར་གཙོ་བོ་ར་ནཱ་གི་ད་མར་མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱི་གཟིམ་ཅུང་འདི་དང་འབྲལ་བ་ཡོད་པའི་གི་སྐོར་ལས་ད་མདོར་ན་མཁའ་འགྲོ་བསོད་ནམས་དཔལ་སྒྲོན་ཨཱ་ཡུམ་བསོད་ནམས་དཔལ་སྒྲོན་མོ་ར་གི་ རྣམ་ཐར་དང་དེ་ལས་མོ་ར་གི་ད་ཨཱ་་་བརྒྱུད་པ་འདི་ཚུ་ད་ལྟོ་ག་དེ་སྦེ་ནང་མི་གི་བརྒྱུད་པ་འདི་ཚུ་ད་ལྟོ་ག་དེ་སྦེ་ཡོད་ག་དང་དེ་ལས་ མོ་ར་གི་རྣམ་ཐར་མདོར་བསྡུས་ཅིག་ ནཱ་གིས་ག་མཁྱེན་མི་ཅིག་ཨཱ་་་གསུངས་བཀའ་དྲིན་བསྐྱང་གནང་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ལགས་སོ་ལགས་སོ་ད་འདི་ཁྱེད་ད་རེས་གཞོན་སྐྱེས་ཚུ་གིས་ཏེ་ ང་བཅས་ར་གི་ རྒྱལ་ཁབ་ཀྱི་ལམ་སྲོལ་འདི་ཚུ་ཏེ་ གནམ་མེད་ས་མེད་བདག་འཛིན་མཛད་ནི་གི་ ཐུགས་བཞེད་གནང་མི་འདི་ལུ་ཏེ་ ངེའི་ཁ་ཐུག་ལས་ཏེ་ གནམ་མེད་ས་མེད་བཀའ་དྲིན་ཆེ་ཟེར་ ཞུ་ནི།ཏེ་ འ་ནཱི་འབདཝ་ད་ཏེ་ད་ང་བཅས་ར་གི་ འབྲུག་རྒྱལ་ཁབ་འདི་ནང་ལུ་ཏེ་ ཡུམ་བསོད་ནམས་དཔལ་སྒྲོན་གྱི་ བརྒྱུད་པ་འདི་ཚུ་ཏེ་ དུམ་གྲ་ཅིག་མདོར་བསྡུས་ཙམ་ཅིག་རྒྱས་ཤིང་རྒྱས་པ་སྦེ་ང་གིས་ ཞུ་མ་མ་ཚུགས་རུང་ཏེ་ རྣམ་ཐར་དང་འཁྲིལཝ་ད་ཏེ་ མོ་གི་འདི་དུམ་གྲ་ཅིག་ཏེ་ མདོར་བསྡུས་ཅིག་ང་ར་གིས་ སེལ་ཏོག་ཏོ་སྦེ་ཞུ་གེ་ཟེར་ ཞུ་ནི་ཨིན།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་འདི་ཞུ་དགོ་མི་དོན་དག་འདི་ཡུམ་བསོད་ནམས་དཔལ་སྒྲོན་ཟེར་མི་དེ་ཏེ་ང་བཅས་ར་གི་འབྲུག་ལུང་པ་ལས་ཏེ་ད་ལྟོ་རྒྱ་ལས་མེན་བོད་ལས་མེན་ཏེ་ མོ་འབྲུགཔ་ཉག་རྐྱང་སྦེ་ར་སྐུ་འཁྲུངས་ཅིག་ཟེར་ ཞུ་ནི་ཨིན།ད་འཁྲུངསམ་ད་ལུ་མོ་གི་མཛད་བྱ་ཅིག་ཞུ་དགོ་པས་ཆོས་སྐུ་ཐམས་ཅད་གུ་ཡུམ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཟེར་མི་བཀའ་འགྱུར་བསྟན་འགྱུར་ནང་ལུ་ བརྒྱ་དང་སྟོང་སྦེ་གསུངས་ནི་ཡོདཔ་འདི་ད་ཀུན་གྱིས་ར་མཁྱེན་ཟེར་ ཞུ་ནི་ཨིན།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    འ་ནཱི་ཡུམ་ཆེན་པོ་ཟེར་མི་འདི་སྐུ་ཕྲེང་དང་པ་ར་མོ་ཨིན་ཟེར་ ཞུ་ནི་ཨིན་ལགས།ཏེ་ སྐུ་ཕྲེང་གཉིས་པ་འདི་ཏེ་ད་ང་བཅས་ཀྱི་ འཕགསཔ་སྤྱན་རས་གཟིགས་ཀྱི་ཏེ་ གསང་བའི་ཡུམ་ཏེ་ ཡི་གེ་དྲུག་མ་ཟེར་འཕགས་པ་ཡི་གེ་དྲུག་མ་ཟེར་མི་འདི་སྤྱན་རས་གཟིགས་ཀྱི་ གསང་བའི་ཡུམ་ཨིན་ལགས།ཏེ་ སྤྱན་རས་གཟིགས་ཀྱི་ཏེ་ ཁོ་གསང་བའི་ཡུམ་འདི་ཡི་གེ་དྲུག་མ་འདི་ཡང་ མོ་ཨིན་ལགས་སྐུ་ཕྲེང་གཉིས་པ་འདི།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་དེ་ལས་ སྐུ་ཕྲེང་གསུམ་པ་འདི་ག་དེ་སྦེ་འབྱུང་ཡི་ཟེར་བ་ཅིན་ཏེ་ སྐུ་ཕྲེང་གསུམ་པ་འདི་ཟ་ཧོར་རྒྱལཔོ་༼གཙུག་ལག་འཛིན་༽གྱི་ སྲསམོ་སྦེ་ མན་ད་ར་བ་འདི་མོ་ཨིན་ལགས་འ་ནཱི་སྐུ་ཕྲེང་གསུམ་པ་ཨིན་ལགས་ཏེ་དེ་ལས་ མོ་གི་སྐུ་ཕྲེང་བཞི་པ་གི་ཡང་སྲིད་འདི་ག་ཏེ་འབྱུང་ཡི་ཟེར་བ་ཅིན་ཏེ་ མོ་དགོངས་པ་ཆོས་ཀྱི་དབྱིངས་སུ་མ་བྱོནམ་ལས་ཏེ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དེ་ཏེ་རོགས་ཡར་བོད་ལས་སྐུ་འཁྲུངས་མས་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་དེ་ལས་ཏེ་མོ་ཡེ་ཤེས་མཚོ་རྒྱལ་མཇལ་བར་བྱོན་ནི་ཟེར་མནྜ་ར་བ་ཡར་འབྱོན་ཏེ་ ཡེ་ཤེས་མཚོ་རྒྱལ་གྱི་ ནུ་མ་གཡས་པ་ཐིམ་ཟེར་རྣམ་ཐར་ནང་ག་ནི་བ་སེལཝ་སྦེ་འདུག་ལགས།ཡེ་ཤེས་མཚོ་རྒྱལ་གྱི་ ནུ་མ་གཡསཔ་འདི་གུ་མོ་གི་ ཐུགས་འདི་ཕར་ཐིམ་ཅིག་ཏེ་ ཆུ་ལ་ཆུ་བྱ་ལྟ་བུ་རིག་པར་བྱ་ཟེར་དོ་བཟུམ་སྦེ་ཏེ་ ཕར་མོ་གི་ཐུགས་འདི་ཕར་ཐིམ་པའི་བསྒང་ལས་ཏེ་ ཡེ་ཤེས་མཚོ་རྒྱལ་འདི་ མོ་ཨིན་པས་ལགས།ཏེ་ འ་ནཱི་སྐུ་ཕྲེང་བཞི་པ་འདི་ཡེ་ཤེས་མཚོ་རྒྱལ་སྦེ་འབྱོན།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ ལྔ་པ་འདི་ག་དེ་སྦེ་ག་ཏེ་བྱོན་ཡི་ཟེར་བ་ཅིན་ཏེ་ མ་གཅིག་ལབ་ཀྱི་སྒྲོནམ་ཟེར་གཅོད་ཀྱི་ལྷ་སྦེ་ཏེ་ བོད་གངས་ཅན་གྱི་ལྗོངས་ནང་ལུ་ཏེ་ བརྒྱ་དང་སྟོང་ཁྲི་དང་འབུམ་སྦེ་ར་ཨིན་ས་ཅིག་རུང་ཏེ་ ང་བཅས་རའི་ནཱ་མ་གཅིག་ལབ་སྒྲོན་ཟེར་ཕ་དམ་པ་སངས་རྒྱས་ཀྱི་ གསང་བའི་ཡུམ་སྦེ་ཏེ་ མ་གཅིག་ལབ་སྒྲོན་དེ་ཡང་འ་ནཱི་སྐུ་ཕྲེང་ལྔ་པ་མོ་ཨིན་ལགས།ཏེ་ སྐུ་ཕྲེང་དྲུག་པ་འདི་ག་ཏེ་བྱོན་ཡི་ཟེར་བ་ཅིན་ཏེ་ད་ང་བཅས་ཀྱི་ འབྲུག་ལུང་པ་ལས་རྒྱ་བོད་ཧོར་གསུམ་ག་ཏེ་ལུ་ཡང་མ་འཁྲུངས་ཏེ་ ང་བཅས་ར་འབྲུགཔ་ཉག་རྐྱང་སྦེ་ཏེ་ འབྲུག་ལུང་པ་འཁྲུངས་ཅི་ཟེར་ ཞུ་ནི་ཨིན་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ འ་ནི་འབད་ནི་དེ་གིས་ ཡུམ་བསོད་ནམས་དཔལ་སྒྲོན་འདི་སྐུ་ཕྲེང་དྲུག་པ་ཏེ་ ག་ནི་བ་སེལཝ་སྦེ་ཏེ་ མར་ཝང་དྭངས་ལོ་ལས་འཁྲུངས་ཅི་ཟེར་ཏེ་ ཝང་དྭངས་ལོ་ལས་འཁྲུངས་ཞིནམ་ད་ཏེ་ མོ་གི་དགུང་ལོ་ཉི་ཤུ་རྩ་གཉིས་བཞེསཔ་ད་ལུ་ཏེ་ ཨ་ནཱ་ལུང་བསྟན་ཟམ་པ་ལུ་ཏེ་དེ་ལས་ ཕ་ཇོ་འབྲུག་སྒོམ་ཞིགཔོ་འདི་རྟོགས་ལྡན་ཕ་ཇོ་ཟེར་ཡང་ཞུཝ་ཨིན་འབྲུག་སྒོམ་ཞིགཔོ་འདི་ཏེ་ འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱི་ ལུང་བསྟན་འདི་ཏེ་ གཡུ་རལ་དམ་པ་སངས་རྒྱས་ཟེར་མི་འདི་འགྲོ་བའི་མགོན་པོ་གི་ སྐུ་ཚ་བོ་ཨིན་མས་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་འ་ནཱི་ཏེ་ཁམས་ཀྱི་ ཕྱོགས་ལས་ཚུར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཁམས་སྤྲུལ་སྐལ་ལྡན་ལས་འཕྲོ་ཅན་གཅིག་ཏེ་ ཕར་ལས་ཚུར་བྱོན་དོ་ཁོ་དང་ང་ད་རིས་མཇལ་བའི་ བསྐལ་བ་མིན་འདུག་ཏེ་ བསྐལ་བ་དག་པའི་ཞིང་ལུ་མཇལ་ནི་གི་ལུང་བསྟན་ཡོད་ཏེ་ད་ ད་རིས་ང་གིས་ཁྱོད་ལུ་ཏེ་ ཕུལ་མི་གི་གདམས་ངག་མཁའ་འགྲོ་མའི་གདམས་ངག་འདི་ཚུ་ག་ར་ཆ་ཚང་སྦེ་ཁོ་བདག་འཛིན་འབད་ཞིནམ་ད་ཏེ་ མར་ལྷོ་རོང་མུན་པའི་གླིང་ལུ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་ བསྟན་པ་རིན་པོ་ཆེ་འདི་ བཙུགས་པ་བཏང་ཟེར།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ལུང་བསྟན་འདི་ཁོ་ལུ་ཨིན་ཁོ་ར་གི་ཏེ་གསང་བའི་ཡུམ་འདི་ཡང་མར་སྐུ་འཁྲུངས་ཅི་ཟེར་དེ་བསྒང་ལས་ནཱ་ཡུམ་བསོད་ནམས་དཔལ་སྒྲོན་སྐུ་འཁྲུངས་ཆི་ནུག་ལགས། ཏེ་ འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་ཏེ་ འ་ནེ་སྦེ་ཞལ་ཆེམས་གནང་འབད་སྦེ་ཏེ་ འབྱོན་སོང་ཡི་ཏེ་ཞིང་ཕེབས་སོང་འདུག་ཟེར་ཏེ་ འགྲོ་བའི་མགོནཔོ་གཙང་པ་རྒྱ་རས་ཀྱི་ མཚན་འདི་ཐོས་པའི་བསྒང་ལས་ཁོ་སྙིང་གི་འཕྲོ་བསལ་ཏེ་འདི་ཏེ་ ཁམས་ཀྱི་ཕྱོགས་ལས་ཚུར་ཁམས་དོག་ཁམས་ཟེར་མི་ནང་ལས་ཚུར་འབྱོན་ནུག་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་འབྱོན་ལྷ་ས་ལྷོད་པའི་བསྒང་ལས་ཏེ་ འགྲོ་བའི་མགོནཔོ་གཙང་པ་རྒྱ་རས་ཞིང་ཕེབས་སོང་ཡི་ཟེར་ཏེ་ ཁོ་ར་ཡང་གནམ་མེད་ས་མེད་ཐུགས་དྲན་མེད་ངང་ལུ་ཤོར་ཏེ་ ཨིན་རུང་ད་ང་འབྲུག་ར་ལུང་ལུ་ ཚར་གཅིག་བྱོན་ར་བྱོན་དགོ་པས་ངེའི་གི་རྩ་བའི་བླམ་འདི་ བཞུགས་བཞུགས་པའི་ཤུལ་ཅིག་འོང་ཏེ་ད་ཁོ་རའི་གི་ཏེ་ག་ཅི་ར་མཛད་མཛད་པའི་ཤུལ་ཅིག་འདི་ མཇལ་བར་འགྱོ་ར་འགྱོ་དགོ་པས་ཟེར་ཏེ་ ར་ལུང་ལུ་ཏེ་ ལཱ་ཁག་སྦེ་ར་བྱོན་ཡི་ཟེར།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་བྱོནམ་ད་ གཡུ་རལ་དམ་པ་སངས་རྒྱས་ཀྱིས་ལུང་བསྟན་འཕྲིན་ལས་གཟིགས་འབད་སྦེ་ཏེ་ཡར་ལས་མར་ང་བཅས་ར་གི་ཆོས་ལུགས་གདམས་ངག་འདི་ཚུ་ཁོ་ར་རོགས་རྫོགས་ཆེན་ཨིན་མས་ལགས་རྫོགས་ཆེན་རྙིང་མ་ཨིན་མས་ཏེ་རྙིང་མ་མེན་པ་ཅིན་འདི་ ཁོ་ལྕམ་མི་བཞེས་བ་ལགས་ འབྲུག་སྒོམ་ཞིགཔོ་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་བཙུགས་མི་ཡང་ཁོ་ཨིན་ལགས།བཀའ་རྙིང་ཟུང་དུ་སྒྲིག་པའི་གི་ཆོས་འདི་ འགོ་བཙུགས་ཏེ་སྦེ་ལོ་ངོ་བརྒྱད་བརྒྱ་གསུམ་ཅུ་སོ་ལྔ་དེ་ཅིག་འགྱོ་ཡི་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ད་རིས་བར་ལུ་ཡང་མེད་ཆུ་དང་ཨོམ་ལྟ་བུ་སྦེ་ བཀའ་རྙིང་ཟུང་འབྲེལ་འདི་འབྲུག་སྒོམ་ཞིག་པོ་གིས་ མཛད་གནང་གནངམ་ཨིན་ཏེ་ལྷོ་རོང་མུན་པའི་གླིང་ཟེར་ཏེ་ འ་ནཱ་ལས་མར་ལུ་ལྷ་འདྲེ་འདྲེ་སྲིན་ཐམས་ཅད་དམ་ལ་བཏགས་ཏེ་དེ་ལས་ ནེ་བསྒང་ལས་བླམ་ཁག་ལྔ་པའི་ནང་ལས་ཏེ་ང་བཅས་ར་གི་ཏེ་ བླམ་ཆ་ཁྱབ་ཏེ་ཨ་ནཱི་བོན་ཆོས་བོན་གནག་ཆ་ཁྱབ་འདི་ག་ར་ཏེ་དེ་དང་བསྟུནམ་སྦེ་ཏེ་ མ་རུང་པར་ཁོང་ར་དམག་རྐྱབ་ཏེ་ བོན་གནག་འདི་ཚུ་བླམ་ལྷག་པ་ལོ་ཟེར་མི་ཚུ་ག་ར་ཏེ་ཁོང་གི་ཆོས་ལུགས་འདི་ཚུ་བརླག
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ བོན་དཀར་འདི་ཚུ་བཞག་ང་བཅས་ར་གི་ད་རིས་ནཱ་ལྷ་གསོལ་བོན་གསོལ་ཨ་ཙི་ཅིག་འབད་ནི་ཡོད་མི་གི་ སྲོལ་འདི་བོན་དཀར་འདི་ཨིན་ལགས།ཏེ་ འ་ནཱི་གི་ལམ་ལུགས་འདི་ མ་བཏུབ་བཏུབ་སྦེ་འབྲུག་སྒོམ་ཞིག་པ་གིས་ ཆ་མཉམ་ཏེ་མ་བཏུབ་བཏུབ་སྦེ་མཛད་གནང་ཡི་ཏེ་ཡར་རྟ་མགོ་ལུ་རྟ་མགོ་གི་གནས་འདི་ཡང་ སྒོ་ཕྱེ་མི་འདི་ཏེ་ད་འབྲུག་སྒོམ་ཞིགཔ་ཨིན་ལགས།ཏེ་དེ་ལས་ ཡར་ལས་མར་སྦེ་འབྱོན་ཏེ་ མར་ཝང་སེང ྒེ་ཕུག་ཟེར་མི་དེ་ཁར་བཞུགས་ནུག་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་སེངྒེ་ཕུག་བཞུགསཔ་ད་ལུ་ཏེ་དེ་ལས་ མར་ལས་མཁའ་འགྲོ་ལྔ་དེ་ཅིག་ཏེ་ ཡར་སྒྲུབ་ཕུག་ནང་ལུ་ཏེ་ད་ཡས་ནང་ལུ་གྲུབ་ཐོབ་གཅིག་འདུག་མཇལ་མྱོང་དགོ་པས་ཟེར་ཏེ་ ཁོང་མར་གྱི་ ད་རིས་མར་ཝང་ཆུམ་རྡོ་གི་ཏེ་ འ་མར་ལས་ཏེ་བུམོ་ལྔ་དེ་ཅིག་ཡར་མཇལ་བར་སོང་སོངམ་མས་ལགས་ཏེ་ སེང ྒེ་ཕུག་བཞུགས་ནུག་ཟེར་ཏེ་ འ་ནཱི་བཞུགསཔ་ད་ཏེ་ ཁྱེད་ག་ལས་སྨོ་ཟེརཝ་ད་ཏེ་ ང་བཅས་མར་ཝང་ཆུམ་རྡོ་ལས་ཨིན་ཟེར་ཨའོ་ཏེ་ད་རིས་ལེགས་ཤོམ་མས་ཟེར་ཏེ་མཁའ་འགྲོ་ལྔ་པའི་གྲས་ལས་ཏེ་ དམ་ཚིག་གཙང་ཏོག་ཏོ་གཅིག་ལུ།
  • དྲ་གོས་མཛོད་དཔོན་དབང་ཕྱུག་Dasho Zoepoen Wangchuk
    ཏེ་ དམ་རྫས་རུལབུ་ཅིག་གནང་ཡི་ཟེར་མས་ལགས་འབྲུག་སྒོམ་ཞིག་པ་གིས་རྒྱ་གར་ནང་གི་ཕ་དམ་པ་སངས་རྒྱས་ཆོས་འབད་ས་གནསཔོ་གཉའ་བར་འོང་དོ་འ་ནཱི་ཁྱོད་ཟ་ཞིནམ་ད་ཏེ་ འབྲེལ་བ་ག་དང་ཡང་མ་འཐབ་ཁྱོད་གཙང་ཏོག་ཏོ་སྦེ་སྡོད་གནང་ཟེར་འ་ནེ་སྦེ་བཀའ་གནང་ཡི་ཟེར་རྣམ་ཐར་ནང་གསལ་ཏོག་ཏོ་སྦེ་འ་ནེ་སྦེ་འདུག་ལགས་ཏེ་ འ་ནཱི་ག་དེ་སྦེ་ཨིན་ན་ཟེར་བ་ཅིན་དམ་ཅན་སློང་ལྡན་རྒྱལཔོ་ཟེར་མི་འདི་འ་མར་ལས་འཁྲུངས་འཁྲུངསམ་ཨིན།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    འདིའི་ཡུམ་འདི་འབྲུག་སྒོམ་ཞིག་པོ་གི་ཕྱག་ལས་གནང་མི་གི་རིལབུ་འདི་གིས་སྦེ་དམ་རྫས་ལས་བརྟེན་འཁྲུངས་འཁྲུངསམ་འབད་ནི་དེ་གིས་དམ་ཅན་སློང་ལྡན་རྒྱལཔོ་ཟེར་མི་འདི་རྒྱ་གར་ནང་གི་ ཕ་དམ་པ་སངས་རྒྱས་ཀྱི་ སྤྲུལ་པ་ཨིན་ལགས།འ་ནཱི་འ་མར་ལས་འཁྲུངས་ཅི་ཟེར་ཞུ་ནི་ཨིན་ལགས་ཝང་ཆུམ་རྡོ་ལས་ཏེ་དེ་ལས་ བུམོ་ཚུ་གིས་ཏེ་ད་མར་ཝང་དྭངས་ལོ་ལུ་ཏེ་ བསོད་ནམས་དཔལ་སྒྲོན་ཟེར་མི་ཅིག་ཡོད་ཏེ་ མོའི་རྩ་བའི་བླམ་འདི་ཁམས་ཀྱི་ཕྱོགས་ལས་བྱོན་དོ་ར་ཟེར།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་གབ་ཆ་ར་(?)ཏེ་ མོ་ཞབས་ཁྲ་ཅིག་ར་རྐྱབ་རུང་ག་གིས་ར་མནའ་མ་ཞུ་རུངབྱོན་མ་བཏུབ་པར་ཡོད་ཏེ་ག་དེ་སྦེ་ཨིན་ན་ནཱ་གྲུབ་ཐོབ་འདྲས་མེན་ན་ཟེར་ཞུཝ་ད་མ་ཤེས་ཟེར་གསུངས་འབད་སྦེ་ཏེ་ ཁོང་ཆ་ཁྱབ་སྐུ་རྒྱབ་ཐལཝ་ཅིག་ཏེ་དེ་ལསནི་ ཁོ་ར་མར་འབྱོན་ནུག་ལགས།ཏེ་ ཝང་སི་མུ་ཟེར་མི་འདི་ཆུ་ཕར་ཁར་ལོག་ལས་ཏེ་དེ་ལས་འ་ཕར་ལས་ཚུར་གླུ་རྐྱབ་ནུག་ལགས་ཡུམ་བསོད་ནམས་དཔལ་སྒྲོན་ཚུར་ཐགས་འཐག་སྟེ་ བཞུགས་བཞུགསཔ་མས་ལགས་འཐག་ཤིང་རྩ་བར་མར་གཟིམ་ཅུང་གི་མར་གསལ་ཏོག་ཏོ་སྦེ་ཡོད།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ འ་ནཱ་ལས་འབད་བའི་ཤུལ་ལསནི་ ཏེ་མོ་གླུ་ལེན་མཇལ་ཏེ་ཏེ་ཁྱོད་སངས་རྒྱས་ཀྱི་སྤྲུལ་པ་ཨིན་པ་ཅིན་ད་དུས་ཚད་རནམ་ཨིན་ཟེར་ང་དགྲའི་ཁ་ལུ་དགྲ་ཚུའི་ཁ་ལུ་ཚུད་ནི་འབད་དོ་ཟེར་དེ་བསྒང་ལས་མནའ་མ་ཞུ་མི་ག་ཐོབ་རྐྱབ་ཏེ་མོ་གནམ་མེད་ས་མེད་སྐུ་ན་མཛེས་ཤིང་མཛེས་པ་ཡོད་ནི་དེ་གིས་ཏེ་ ང་ཕར་དང་ཚུར་ཤོར་ནི་འབད་དོ་ཟེར་ཏེ་ད་ཁྱོད་ཀྱི་ ད་དུས་ལུ་འབབ་ཨིན་བྱོན་དགོ་ཟེར་ཏེ་ ཚ་ངེར་བཏོན་འབད་བའི་ཤུལ་ལསནི་གླུ་ལེན་མཇལ་འབདཝ་ཅིག་ ཏེ།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ མོ་འཐག་ཤིང་ནང་ལས་ཐོན་ཡར་བཞེངསམ་ཅིག་མདུན་གྱི་ནམ་མཁའ་ལས་མར་མཚན་ལྡན་གྱི་ཌ་རུ་མ་གཅིག་ལབ་སྒྲོན་གྱི་ཕྱག་མཚན་འདི་ཏེ་ ཡར་ལས་མར་འཕུར་ཏེ་སྦེ་ མོ་གི་ཕྱག་ལུ་ཕོག་ཏེ་ མོ་གི་གར་འཆམ་རྐྱབ་ཟེར་ཏེ་ རྣལ་འབྱོརམ་རྐྱབ་དོ་བཟུམ་སྦེ་ཆུ་ཚུར་ཁ་ལས་ནག་རི་ཐང་ལས་སྦེ་ཨ་ནཱ་ད་རིས་གུང་བློན་བླམ་རྡོ་རྗེ་གི་ནཱ་ལས་ཡར་སྦེ་ནཱ་ལས་ཡར་སྦེ་ལམ་ཚུར་ཁར་ལས་ཡར་སྦེ་བྱོན་ཏེ་སྦེ་མར་ལས་ཡར་བྱོན་ཡུམ་གྱིས་ནཱ་ལས་ཕར་གླུ་རྐྱབ་ཏེ་ད་ངེའི་ཁྱོད་སངས་རྒྱས་ཀྱི་སྤྲུལ་པ་ངོ་མ་ཨིན་པ་ཅིན།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་དུས་ཚོད་རན་ཆི་ཡི་ཏེ་ བྱོན་ཤིག་ཟེར་འབདཝ་ད་ཏེ་དེ་ལས་ རྟོགས་ལྡན་འབྲུག་སྒོམ་ཞིགཔོ་འདི་གར་འཆམ་རྐྱབ་ཟེར་ཕར་ལས་ཡར་ཚ་ལུང་མ་ཕད་ལས་སྦེ་རྣམ་སྲས་གླིང་ལས་སྦེ་ཕར་ལས་སྦེ་བྱོནམ་མས་ལགས།ཏེ་ ཡུམ་བསོད་ནམས་དཔལ་སྒྲོན་ཆུ་ཚུར་ཁའི་ལོག་ལས་སྦེ་ནཱ་ནག་རི་ཐང་ཟེར་ཏེ་ ལམ་འ་མར་ལས་ཡར་སྦེ་བྱོན་སྦེ་དེ་བསྒང་གཞུང་ལམ་ཡོད་བ་ལགས་ཏེ་ འ་ནཱི་ཁར་ལྷོདཔ་ད་ཏེ་ ལྕང་ཟམ་ཟེར་ ལྕང་གི་ནོར་གཞི་འགྱོ་ས་གི་ ལམ་མས་ལགས་ཨ་ནཱི་ཟམ་འདི་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ལྕང་ཟམ་ཟེར་མི་དེ་ཁར་ལུ་མཇལ་འཕྲད་གནང་ཏེ་དེ་ལས་མོ་ཕར་འབྲུག་སྒོམ་ཞིགཔོ་གིས་ཕྱག་དབང་སོང་ཏེ་ཨ་མི་ནང་གྲུབ་ཕུག་གཅིག་ཡོད་བ་ལགས་ད་རེས་སྐུ་རྗེས་ཕྱག་རྗེས་འདི་ཚུ་ག་ར་བཞག་སྟེ་ཡོད་ལགས་འ་མི་ནང་ལུ་ག་ནི་བ་གསལཝ་སྦེ་རྡོ་སྦོམ་གཅིག་གུ་ལུ་སྐུ་གཟུགས་པུ་ར་(ག་ར་)གི་པར་སྦེ་ཡོད་ལགས།ཏེ་འ་མི་ནང་བཞུགས་འབད་སྦེ་ཏེ་དེ་ལས་ ལོག་ཤུལ་ཤུལ་ད་ང་བཅས་རའི་ལུགས་སྲོལ་ལས་སྦེ་འབད་བ་ཅིན་མཇལ་འཕྲད་དང་པ་ར་འ་མི་ནང་གནངམ་མས་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་དེ་ལས་ འབྲུག་སྒོམ་ཞིག་པོ་ཁྱོད་ལོ་ག་དེ་ཅིག་སོང་ཡི་ཟེརཝ་ད་ང་ལོ་ཁལ་གཅིག་གཉིས་ཡར་སོང་ཡི་ཟེར་མོ་ར་གིས་ཞུ་ནུག་ལགས།མོ་ལོ་ཁལ་གཅིག་གཉིས་བཞེསཔ་མས་ལགས་ཏེ་འ་ནི་བསྒང་ཨ་མར་དང་པ་ར་ལུང་བསྟན་ཟམ་པ་ཏེ་ མཇལ་འཕྲད་གནང་གནངམ་ཨིན་ཏེ་ ང་བཅས་གཉིས་ཕྱད་ཚུགས་པའི་ ལུང་བསྟན་འདུག་ཟེར་ཟམ་དེ་གི་མིང་ཡང་ ལུང་བསྟན་ཟམ་ཟེར་ཏེ་ སླབ་གེ་ཟེར་ཏེ་ འ་ནཱ་ལས་མར་འབྲུག་སྒོམ་ཞིག་པ་གིས་བཏགས་ཏེ་ལོ་བརྒྱད་བརྒྱ་གསུམ་ཅུ་སོ་ལྔ་དེ་ཅིག་འགྱོ་ཡི་ལགས།
  • བསམ་གཏན་ཡེ་ཤེས་Samten Yeshi
    ལགས་སོ་འདི་གི་ཧེ་མ་འདི་ ལྕང་ཟམ་ཟེར་ཨིན་ན?
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ལྕང་ཟམ་ཟེར་ཨ་ནཱི་ལྕང་འདི་ནོར་གཞི་འགྱོ་ས་གི་ཟམ་ཨ་ནཱི་བ་ཟམ་གཅིག་ཡོདཔ་མས་ལགས།འ་ནེམ་ཅིག་མས་ལགས་ཏེ་དེ་ལས་ ལུང་བསྟན་ཟམ་པ་ལུ་ད་ལུང་བསྟན་དང་འཁྲིལ་ཏེ་སྦེ་རྡོ་ཟམ་གཅིག་བཙུགས་དགོ་པས་ཟེར་རྡོ་ཟམ་འདི་ཧེ་མ་འཐེན་ཏེ་ཨ་ཡར་གྱི་རི་འདི་གུ་ལུ་རྡོའི་ཟམ་ལྕགས་དེ་ཚུ་ལྡིང་རི་བཟུམ་སྦེ་ཡོད་ལགས།ཡར་ཡར་ཕར་ཨ་ནཱི་ཡར་ང་བཅས་ར་གི་༼སྤུམ་དར་་་༽ཟེར་མི་གི་ དར་འ་ནཱི་ནང་ལས་གཏེར་བཞེས་ལྷ་སྲིན་སྡེ་བརྒྱད་ཚུ་ཆ་མཉམ་འུར་ལཱཔ་སྦེ་བཀོལ་ཡར་ལས་མར་སྦེ་འཐེན་འ་ཡར་ནང་བསྐྱེལ་བཞག་ཡི་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་འ་ནཱི་ཁར་ལྷོདཔ་ད་གཟི་རི་ཕྱུགམོ་ཟེར་གཅིག་ཡོད་བ་ལགས་གཡུས་འདི་འ་ཡར་ནང་གཟི་རི་ཟེར་སླབ་ཨིན་ཏེ་ འ་ན་ལས་ ཏེ་ད་བླམ་ཡར་རི་ཁར་ཤིང་ཆ་གནང་པར་འབྱོན་སོང་ཡི་ད་གསོལཝ་གསོལ་ཇ་ཅིག་འབག་དགོ་པས་ཟེར་ཏེ་ ཨ་ནཱི་སྒང་ཏོ་འདི་གུ་གསོལཝ་གསོལ་ཇ་དྲངས་ཏེ་གཟི་རི་ཕྱུག་མོ་གི་ནཱ་ལས་ཡར་ཞབས་ཏོག་བསྙེན་བཀུར་འབད་འབདཝ་ད་ཏེ་བྱཔོ་འབོ་ད་ཏེ་ཏེ་བྱ་འབོ་པའི་བསྒང་ལས་ ལྷ་སྲིན་སྡེ་བརྒྱད་ཚུ་ག་ར་ཡར་སོང་འབད་སྦེ་ཏེ་ རྡོ་འདི་ད་ལྟོ་འ་ཡར་ར་ལུས་ཏེ་ཡོད་ལགས།གཏེར་བཟུམ་སྦེ་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    འཛམ་བུ་གླིང་གི་གཏེར་ཨིན་ལགས།ཨ་ཡར་ཨ་ཞེ་བསོད་ནམས་ཀྱི་ གཟིམ་ཅུང་དེ་མགོ་ཕྲང་སྟེ་ཨ་ཡར་ཨ་ཡར་གྱི་ རི་དེའི་གུ་ཡོད་ལགས།ཨ་ནི་ཁར་སྦོ་ལོགས་ཁར་ར་ཡོད་ལགས་འ་ནཱི་ཁར་ར་ཡོད་ལགས་རྡོ་ཨ་ནཱི་ཟམ་ལྕགས་བཟུམ་སྦེ་གཞན་རྡོ་ཟམ་ཆུ་ཕར་ཁར་དང་ ཚུར་ཁར་མཐུད་སྦེ་བཙུགས་ནི་སྦེ་ འ་ནེ་སྦེ་བཟོ་བཟོཝ་མས་ལགས་ཏེ་ འ་ནཱི་འབདཝ་ལས་བརྟེན་ཏེ་འབྲུག་སྒོམ་ཞིག་པ་གིས་ ང་བཅས་གཉིས་ཕྱད་པའི་ལུང་བསྟན་འདུག་ཟེར།
  • བསམ་གཏན་ཡེ་ཤེས་ Samten Yeshi
    ཡར་ག་ཏེ་ཧོངས་མ་ཨིན་ན་ལགས་འ་ནཱི?
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ འ་ནཱ་ལས་སྦེ་ཕྲང་ཡར་མདོ་སྡེ་ནང་བྱོན་ཏེ་དེ་ལས་ ཡར་ལྕགས་རི་གི་མཇུག་ལུ་ སྲས་བདུན་སྟབས་ཅིག་དུ་འཁྲུངས་སྐྱེས་སྟབས་ཅིག་ནང་འཁྲུངས་འཁྲུངསམ་ཨིན་ལགས།ཏེ་དེ་ལས་ སྲསམོ་འདི་ཧེ་མ་ལས་འཁྲུངས་ཚར་ཡི་ལགས་ནཱ་ལུང་བསྟན་ཟམ་པ་བཞུགས་པའི་བསྒང་ལས་ཀྱི་སྲསམོ་འདི་ཧེ་མ་ལས་འཁྲུངས་ཚར་ཡི་རྒས་ཤོས་འདི་ར་སྲསམོ་འདི་ཨིན་ལགས།ཏེ་སྲས་བདུན་འདི་ཚལ་ལུ་བཤམ་བཟུམ་སྦེ་ སྟབས་ཅིག་དུ་སྐྱེས་སྟབས་ནང་འཁྲུངས་འཁྲུངསམ་ཨིན་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་དེ་ལས་ ལོག་ཤུལ་ཤུལ་ཏེ་ད་རིས་ང་གིས་ཏེ་ད་ཨ་ལུ་ཨིན་ན་ག་ཅི་ཨིན་ན་མི་ཤེས་པས་ཏེ་མ་འདྲཝ་ཅིག་ཤའི་སྒྲིལ་གོང་བཟུམ་ཅིག་ཨ་ནེ་སྦེ་སྐྱེས་ཡི་ཟེརཝ་ད་ཏེ་འབག་ཤོག་ཟེར་ཏེ་ཁོ་རའི་ཕྱག་ལུ་བཤེད་ཏེ་ལྗིད་ལྕི་ལན་གསུམ་འཇལ་ཟེར་ལྗིད་ཡོད་མེད་བལྟ་བལྟཝ་ཨིན་ཟེར་མས་ལགས་ཏེ་འ་ན་ལས་བུ་མང་པོ་འདུག་ཟེར་བུ་ལེགས་ཤ་འདུག་ཟེར་བུ་ལེགས་ཤ་འདུག་ཟེར་གསུངསམ་མས་ལོ་ཏེ་ལོག་ཁ་ཕྱེ་གཟིགས་འབདཝ་ད་སྲས་བདུན་སྟབས་ཅིག་དུ་འ་ནེ་སྦེ་འཁྲུངས་འཁྲུངསམ་ཨིན་ཟེར་ཞུ་ནི་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    འཁྲུངས་ས་གི་གྲུབ་ཕུག་དེ་ཡང་ ད་ལྟོ་ཡར་ལྕགས་རི་གི་མཇུག་ལུ་ག་ནི་བ་གསལཝ་སྦེ་ཡོད་ཏེ་འ་ནི་འབདཝ་ལས་བརྟེན་ཏེ་ཏེ་དེ་ལས་ཏེ་ སྲས་འདི་ཚུ་ག་ར་ཆུང་ཀུ་སྦེ་འབདཝ་ད་ཏེ་དེ་ལས་མདོ་སྡེ་ནང་མར་ཆུ་བཤགས་པའི་ཟེར་ན་ཧིང་ཞེ་ཧིང་ཏེ་མར་drama(འཁྲབ་སྟོན་)ཅིག་ཡང་རྩེ་ཡི་བ་ལགས་འ་ནཱི་བཟུམ་སྦེ་ར་ཨིན་ཏེ་འ་ནཱ་མར་ཆུ་བཤགས་འབདཝ་ད་ཏེ་ད་འདུལ་བྱ་ཞིང་ཁམས་ཡོད་པ་ཅིན་ང་ཆོས་འབད་ས་ལུ་ཁྱོད་གསོཝ་མི་བདེན་ཟེར།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཁྱོད་ཁྱོད་ར་གི་ཞིང་ཁམས་ཏེ་ཁྱེད་ར་གི་འདུལ་བྱ་དང་འཁྲིལ་ཏེ་སྦེ་རང་ས་ར་གི་ས་གནས་ནང་བྱོན་ཤིག་ཟེར་ཏེ་ཞིང་ཁམས་མེད་མི་ཚུ་ལོག་སྟེ་ར་ཁྱོད་ར་ཡར་བདེ་བ་ཅན་གྱི་ཞིང་ཁམས་ལུ་བྱོན་ཤིག་ཟེར་ཏེ་ སྲས་གསུམ་ལོག་སྟེ་ར་ཡར་འབྱོན་སོང་ཡི་ཟེར་མས་ལགས།ཏེ་དེ་ལས་ སྲས་གཞན་མི་ཚུ་ཧེ་མ་ཆུ་བཤགསཔ་ད་ཏེ་དེ་ལས་ཡུམ་དང་ སྲསམོ་འདི་ཕར་ཡུམ་བསོད་ནམས་དཔལ་སྒྲོན་གྱི་ལྡུམ་ར་ཟེར་ད་ལྟོ་ཡར་ཚུལ་ཁྲིམས་མེ་ཏོག་ཤར་མི་ཅིག་ལྕགས་རི་གི་ ཆུ་ཕར་ལོག་ཡོད་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    འ་ནཱི་ག་ནི་བ་གསལཝ་སྦེ་ཡོད་ཏེ་འ་ནཱ་ལུ་སྐུ་རྩེད་གནངམ་ད་ཤཝ་ཕོ་མོ་གཉིས་ཤ་ཕྲུག་གཅིག་ཏེ་བླ་མ་གིས་རྫུ་འཕྲུལ་བཏོན་བཏོནམ་འདྲས་ཁོང་མ་སྨད་གཉིས་འ་ནཱ་གཟིགས་བཞུགས་སྡོད་པའི་བར་ན་ནཱ་གི་སྲས་ཚུ་ཆ་མཉམ་བཞུགས་གྲལ་བཅདཔ་དེ་བཅད་ཏེ་ཆུ་བཤགས་ད་ནུག་ཏེ་དེ་ལས་ ཕར་ལས་ཚུར་འོང་པའི་བསྒང་ལས་ཏེ་ངེའི་རིན་པོ་ཆེ་མངོན་པ་ཐལ་སོངམ་འདྲས་ཟེར་གནམ་མེད་ས་མེད་བཤུམ་ཏེ་མོ་ཨ་ཎིམོ་སྦེ་མི་བཞུགས་ཟེར་རས་གཟན་འཕུད་ནི་ཟེར་བཀའ་གནང་འབདཝ་ད།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    དེ་བརྒྱུད་རིམ་མེན་སྨ་རེས་ཧིང་མ་དུང་ཅུང་བཟུམ་སྦེ་(?)མར་འགྱོ་རུང་གཅིག་ཡར་འགྱོ་རུང་གཅིག་ཨིན་ཟེར་འདི་ཁྱོད་འབད་ཐག་མི་ཆོད་ཟེར་ཏེ་ཁྱོད་ར་འཚོལ་ནི་འདི་ཁྱོད་ར་འཚོལ་ཟེར་ཏེ་ ཡར་ལས་མར་ཏེ་ཆུའི་མཐའམ་ད་བཤུམ་ཅི་བཤུམ་ཅི་སྲསམོ་འདི་ཡར་ཡབ་དང་བཞག་ཏེ་འཚོལ་འོངམ་ད་དང་པ་ར་ཨ་ནཱི་རྟ་མགོ་ལྕགས་རི་གཉིས་ཀྱི་བར་ན་ལུ་མཆོད་རྟེན་གཅིག་ཡོད་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    འ་ནི་ཁར་ལུ་ ཁྱབ་འགྱོ་ས་ཟེར་ཞུཝ་ཨིན་ཏེ་ད་ད་མ་པ་འདི་ཁྱད་མིན་འདུག་བ་ལགས་མང་ཤོས་ཀྱིས་འ་ནཱ་ལུ་རྡོ་འདི་གུ་ལུ་ཏེ་ད་༼གུརམོ་༽ཅིག་རྐྱབ་འབད་སྦེ་བླམ་གཅིག་གནམ་མེད་ས་མེད་གསལ་ཏོག་ཏོ་སྦེ་འ་ནི་ཁར་གསུང་སྐད་ཅིག་འཐོན་ཡི་ཟེར་མས་ཏེ་ ཡུམ་བསོད་ནམས་དཔལ་སྒྲོན་གྱིས་ ཡར་བྱོན་སྦེ་འབདཝ་ད་ཁོ་ར་གི་སྲས་དང་པ་འདི་འ་ནཱི་སྲས་དབང་ཕྱུག་ཟེར་མི་འདི་འ་ནཱི་ཁར་ལས་བཞེས་བཞེསཔ་ཨིན་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ གཞན་དང་པ་གཉིས་པ་ཕྱེ་བ་ལུ་ཚལ་ལུ་བཤམ་བཟུམ་སྦེ་number (ཨང་)འདིནི་མེད་ཕྱེ་མི་ཚུགས་པས་བ་ལགས་ཏེ་དེ་ལས་ཡར་ལས་མར་སྦེ་ཁོ་སྲས་དབང་ཕྱུག་ཕྱག་ལུ་ཁྱིད་དེ་སྦེ་ནཱ་ལས་མར་བྱོན་ཏེ་དེ་ལས་ མར་བྱ་གནག་ཟམ་པ་ཟེར་མི་འདི་ཏེ་བྱ་གནགཔོ་གཅིག་གིས་སྦེ་སྲས་འདི་བདག་འཛིན་འབད་དེ་སྦེ་ཏེ་ ཨ་ནཱི་ཡར་གཙུག་ལག་ཁང་རྙིངམ་ད་ལྟོ་མ་བཏུབ་བཏུབ་སྦེ་ཡོད་ལགས།གྱང་ཁོག་སྦོམ་སྦེ་ཡོད་པ་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ འ་ནི་བྱ་འདི་གིས་བདག་འཛིན་འབད་དེ་སྦེ་ཏེ་ འ་ནཱི་སྲས་ང་བཅས་ཀྱི་ དམ་པ་ཟེར་མི་འདི་ཡ་ཡར་ཁར་བཞུགས་བཞུགསཔ་མས་ལགས།སྲས་སང་བདག་གར་སྟོན་ཟེར་མི་འདི་ འ་ནི་ཁར་བཞུགས་བཞུགསཔ་མས་ལགས།ཏེ་ འ་ནི་བྱ་གནགཔོ་འདི་གིས་ བདག་འཛིན་འབད་དེ་སྦེ་ཏེ་ སང་བདག་གར་སྟོན་ཟེར་མི་འདི་འ་ནཱི་ཁར་བཞུགས་བཞུགསཔ་མས་ཏེ་ནཱ་ལས་མར་སྦེ་སྲས་གཉིསཔོ་ཕྱག་ལུ་བཙུགས་ཁྱིད་འབདཝ་ད།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ སྲས་གསུམ་པ་འདི་ ཨ་ནཱ་ལྕང་སྒང་ཁ་ཏེ་ སེམས་ཅན་ཨ་ནཱི་ང་བཅས་འབད་བ་ཅིན་ ཨ་ནཱི་བོང་ཀུ་བཟུམ་སྦེ་ལྕང་བཟུམ་ཅིག་འདུག་བ་ལགས་ཏེ་ འ་ནཱི་ལྕང་བཟུམ་འདི་གིས་ བདག་འཛིན་འབད་ཏེ་དེ་གུ་ཆིབས་ཏེ་སྦེ་ཨ་ནཱི་སྒང་ཏོ་དེ་གུ་དེ་བསྒང་སྒང་ཏོ་ལོ་སྤོ་ཏོ་ལོ་ཟེར་འ་ནེ་སྦེ་སླབ་འབད་དོ་བ་དང་ཕུ་ལུགས་སྲོལ་ལས་ཏེ་སྒང་ཏོ་གུ་ཏེ་ འ་ནཱི་ཁར་བདག་འཛིན་འབད་བཞུགསཔ་ད་ཏེ་སྒང་དེ་གུ་ལས་ཟུན་ཏེ་ ལྕང་སྒང་ཁ་ཟེར་སེམས་ཅན་ལྕང་བཟུམ་ཅིག་གིས་ཏེ་འ་ནཱི་གུ་ལུ་བསྐྱེལ་ད་འདི་ཏེ་ སྲས་ཉི་མ་འདི་འ་ནཱ་ཨིན་ལགས་ལྕང་སྒང་ཁ།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་དེ་ལས་ སྲས་གཅིག་ད་རུང་འཚོལ་བྱོནམ་ད་ལུ་ཏེ་ ཨ་ཡར་བྱ་ཁ་གོང་མ་ཟེར་མི་ཅིག་ཡོད་ལགས་བདེ་ཆེན་ཆོས་གླིང་གི་ཕོ་བྲང་གི་མར་མཇུག་ལས་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་གྱི་ གཟིམ་ཅུང་འདི་གི་འོག་ལས་འ་མི་ནང་ལུ་ལྷ་ཁང་གཅིག་ཡོད་ལགས་གཡུས་ཕུད་རྡོག་གཅིག་གཉིས་ཅིག་ཡོད་བ་ལགས་འ་ནཱ་དང་ཕུ་ལྷ་ཁང་གཅིག་ཡོད་ད་རེས་ཁོང་ལྷ་ཁང་ཚབ་མ་གཅིག་ཡང་བཞེངས་ད་ནུག་ཏེ་ སྔོན་མ་ཚར་གཅིག་མེ་བཞེས་ད་ཡི་བ་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ འ་ནཱ་ལུ་བྱ་དཀརཔོ་གཅིག་གུ་ཆིབས་ཏེ་བྱ་དཀར་གོང་མོ་ཟེར་སླབ་ཨིན་ལགས་སྲས་གཅིག་གདན་ས་འ་ནཱི་ཁར་བཟུང་སྟེ་སྦེ་ཏེ་འ་ནཱི་ཁར་ལུ་སྲས་བླ་མ་ཟེར་མི་འདི་འ་ནི་ཁར་ལུ་ཏེ་ བཞེས་བཞེསཔ་མས་ལགས་ཏེ་ སྲས་བླ་མ་འདི་ འ་ནཱི་ཁར་ལས་བཞེས་འབད་ཞིནམ་ད་ཏེ་ སྲས་བཞིཔོ་འདི་ཏེ་ ཕྱག་ལུ་ཁྱིད་འབད་སྦེ་ཏེ་ ཡར་བྱོནམ་འབདཝ་ད་ཏེ་ སྲས་གསུམ་འཚོལ་མ་ཐོབ་ཟེརཝ་ད་ཏེ་ ཁྱོད་ཟམོ་བུད་མེད་ཚུ་འདོདཔ་ཆེ་ར་ཆེ་བས་འདོདཔ་ཆེ་མ་དྲག
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ད་ ཁོང་གསུམ་འཚོལ་དགོན་ཁྱོད་འཚོལ་མི་ཐོབ་བདེ་བ་ཅན་གྱི་ཞིང་ཁམས་ལུ་མེ་ཏོག་པདྨའི་གྲངས་སུ་ཐལ་སོང་ཡི་ཁྱོད་ཀྱིས་ཁོང་གསུམ་འཚོལ་མི་ཐོབ་ད་དེ་བས་ཡོད་མི་འདི་ར་བདག་འཛིན་འབད་ད་ཟེར་ བཀའ་གནང་ཡི་ཟེར་སྲས་བཞིཔོ་དེ་གི་བཏུབ་པས་ད་ཡོད་མི་འདི་བདག་འཛིན་འབད་ཟེར་ཏེ་འ་ནཱི་ལྷོ་མོན་ཁ་བཞི་ཕྱོགས་བཞི་ལུ་རྒྱལཔོ་བཞི་བཀལ་ཡི་ཟེར་མས་ཆོས་ཀྱི་རྒྱལཔོ་བཞི་འ་ནཱི་སྲས་བཞིཔོ་འདི་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ འ་ནཱ་ལས་མར་བརྒྱུད་མི་འདི་གིས་ཕར་ཤར་ཕྱོགས་བཀྲ་ཤིས་སྒང་མེན་ཚད་མེ་རག་སག་སྟེང་ལས་ཕར་ར་འདུག་ལགས་ཁོ་ར་གི་གདུང་རྒྱུད་ལས་གདུང་རྒྱུད་གདུང་རྒྱུད་ལས་ཤར་ལས་ཕར་ཡང་ཡོད་སྤ་རོ་ལས་ཕར་ཡང་ཏེ་ སྤ་རོ་རྫོང་གི་མར་ཕ་དྲུང་དྲུང་ལོ་ཟེར་མི་ཚུ་ཡང་འབྲུག་སྒོམ་ཞིག་པའི་ སྲས་ཀྱི་རྒྱུད་པ་ཨིན་ལགས།འ་ནཱི་ཚུ་ཆ་མཉམ་ཧེ་མ་རྒྱུད་གདུང་བཤདཔ་ད་འབྲུག་སྒོམ་ཞིག་པའི་རྒྱུད་པ་ར་ཨིན་ཏེ་ ཡུམ་བསོད་ནམས་དཔལ་སྒྲོན་གྱི་ཁུངས་འདི་ཏེ་འ་ནེ་ཅིག་ཏེ་ དྭངས་འཕྲོས་འཕྲོས་སྦེ་ཡར་སོང་ཡི།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    མོ་ར་གི་གཟིམ་ཅུང་འདི་ཡང་ག་ནི་བ་གསལཝ་སྦེ་དྭངས་ལོ་ལུ་ཡོད་ཏེ་ མོ་གི་ཁྱིམ་ནང་གི་ཧེ་མ་གི་རིགས་དང་ཁོང་གི་མི་དེ་འདི་ ངོས་བཟུང་པ་ལཱ་ཁག་རྐྱབ་ནི་མས་ཟེར་མ་པ་ནང་ན་གི་ཁྱིམ་ནང་སྡོད་མི་གི་མི་དེ་འདི་ང་བཅས་ཤེས་པའི་བསྒང་ར་འདུག་ལགས།ཏེ་ ཡོདཔ་ད་ལུ་ཁོང་གཞིས་ཁག་གཉིས་ཡོད་དེ་ཁོང་བུམོ་སྤུན་ཆ་གཉིས་ཡོད་ཏེ་ ཨ་ཞེམོ་འདི་ ཨ་ཙི་ཅིག་གསལ་ཏོག་ཏོ་ཡོད་ནི་དེ་གིས་ཕར་གླིང་མཁར་ཟེར་ དགུན་ས་འདི་ཕར་བཞུགས་དོ་མས་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    གླིང་ཁ་གི་གཞིས་ཁ་འདི་དང་ཁྱིམ་གཟིམ་ཅུང་འདི་ སྐལ་བགོ་སྦེ་ཏེ་ནཱ་དྭངས་ལོ་གི་འདི་ ཨ་ཙི་ཕྲང་སུ་ཅིག་ཨིན་དོ་མས་ཏེ་ ནཱ་གི་འདི་གཞིས་ཁ་ཡང་ཆུང་སུ་ཅིག་འབད་ནི་དེ་གིས་ཏེ་ ཁོང་ར་སྤུན་ཆ་གཉིས་བགོ་བཤའ་རྐྱབ་འབད་སྦེ་ཏེ་ ང་བཅས་ཤེས་པའི་བསྒང་ལས་ ཁོང་ར་ཨམ་སྲུ་ཚུ་གུ་ལས་མར་འཛུལ་སོང་ནུག་ལགས།ཧེ་མ་གི་རྒྱུད་པ་སྐུ་རུས་གདུང་རྒྱུད་འ་ནཱི་ཚུ་འདི་ག་ནི་བ་གསལ་ཏོག་ཏོ་སྦེ་ མི་ཤེས་པས་ཟེར་ ཞུ་ནི་ཨིན་ལགས།ལོ་ངོ་བརྒྱད་བརྒྱ་ལྷགཔ་ཅིག་ཡར་སོང་ནུག་ཏེ་ འ་ནཱི་འབདཝ་ལས་བརྟེན་ཏེ་ དུས་ཚོད་འདི་རིང་ར་རིང་སོང་ནུག་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ འབྲུག་སྒོམ་ཞིག་པ་གིས་ཏེ་ད་ཡར་གྱི་ཐུགས་དམ་བཞུགས་པའི་སྐབས་སུ་གི་སྲུང་དང་འཁྲིལཔ་ད་ཏེ་ད་ང་བཅས་ཁ་ཐུག་ལས་ ཡུམ་བསོད་ནམས་དཔལ་སྒྲོན་ཟླཝ་དང་པའི་ ཚེས་བཅོ་ལྔ་ལུ་རྟ་མགོ་གནས་ལས་འཇའ་ལུས་གྲུབ་བྱོནམ་ཨིན་ལགས།ཏེ་ འཇའ་ལུས་གྲུབ་ད་མོ་གི་འཇའ་ལུས་གྲུབ་ཐངས་འདི་དང་ གཞན་གྱི་འདི་མ་འདྲ་ལགས་མོ་གི་འདི་འཇའ་ལུས་ཕོ་ཆེན་ཟེར་མི་འདི་ གྲུབ་ཨིན་ལགས།དབུ་ཞྭ་དབུ་སྐྲ་ཕྱག་སེན་ཞབས་སེན་ ན་བཟའ་ག་ར་ཏེ་ མདུན་གྱི་ནམ་མཁའ་བསྣམས་འབྱོན་སོང་ཡི་ཟེར་ཞུ་ནི་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ ཡར་ལྕང་སྒང་ཁ་གི་ མོ་རའི་སྐུ་འདྲ་ནང་ཡོད་མི་འདི་སྲས་ཉི་མའི་ཕྱག་ལུ་ ཚུད་མི་ཚུ་ཡར་བཙུགས་ཏེ་ཡོདཔ་མས་ལགས་ཏེ་ད་གཞན་ཏེ་ མོ་སྟབས་ཅིག་དུ་སྦེ་མདུན་གྱི་ནམ་མཁའ་ལུ་ ཟླཝ་དང་པའི་ཚེས་བཅོ་ལྔ་ དྲོ་པ་ཉི་མའི་རྩེ་དང་འཁྲིལ་འབྱོན་ཡི་ཟེར་མས་ལགས་ཆུ་ཚོད་བདུན་དེ་ཅིག་ཁར་ཕོགཔ་མས་ལགས་འ་ནཱི་བསྒང་འཇའ་ལུས་གྲུབ་བྱོན་འབདཝ་ད་ཏེ་ འབྲུག་སྒོམ་ཞིག་པོ་གི་ སྲས་བཞིཔོ་འདི་མྱ་ངན་འབད་བཤུམ་འབདཝ་ད་ཏེ་ མ་བཤུམ་མཁའ་འགྲོམ་མཁའ་འགྲོ་གླིང་ལུ་བྱོན་པ་ཁྱེད་སྡུག་བསྔལ་འབད་དགོཔ་མེད།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ དེ་བ་དེ་འདི་ ཡུམ་བཞུགས་སུ་དེ་ཁར་ལྟ་མ་ཁྱེད་ར་ཡང་ཏེ་ མི་ཚེ་འདི་འགྱོ་དགོ་བ་འགྱོ་བའི་ཚེ་ཡུམ་གྱི་ ཞབས་སར་སྐྱེས་བཅུག་ཟེར་བའི་སྨོན་ལམ་ཡང་ལས་ཡང་དུ་བཏབ་འགྱོ་དགོ་པ་ཅིན་ཁྱེད་ཀྱི་ཨའི་བཟུམ་སྦེ་ ང་གིས་ཡང་འགྱོ་ཚུགསཔ་ཟེར་འབྲུག་སྒོམ་ཞིག་པོ་གིས་ འ་ནེ་སྦེ་བཀའ་གནང་ཡི་ཟེར་མས་ཁོ་འདི་གན་བྱོན་མི་ཚུགས་བ་ ཡུམ་བྱོན་ཚུགས་མི་གི་བཟོ་མི་ར་ཁོ་ར་མས་ཏེ་ཆོས་ཀྱི་གདམས་ངག་འདི་ཚུ་ཡུམ་ནཱ་ཉག་རྐྱང་མས་ཏེ་སྨོ་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ནཱི་འ་ནེམ་ཅིག་འཇའ་ལུས་གྲུབ་ཚུགས་མི་འདི་ རྟོགས་པ་དང་ལྡན་མི་འདི་འབྲུག་སྒོམ་ཞིགཔོ་ཁོ་ར་ཨིན་མས་ཏེ་ཏེ་འབྲུག་སྒོམ་ཞིག་པ་གིས་ འ་ནེ་སྦེ་བཀའ་གནང་ཡི་ཏེ་ཁྱེད་སྡུག་བསྔལ་མ་འབད་ཤིག་ཟེར་ཏེ་དེ་ལས་ཏེ་ང་གིས་ཏེ་དགོངས་པ་ཆོས་དབྱིངས་དུ་ སེམས་ཅན་གྱི་འགྲོ་དོན་སྦེ་བཞག་ནི་ཟེར་ དེ་སྦེ་ཏེ་ ཡར་ཐུགས་རྗེ་བྲག་དེ་ཡང་ཁོ་གི་ གདན་ས་ཨིན་ལགས།འཕགསཔ་སྤྱན་རས་གཟིགས་ཀྱི་ གྲུབ་ཆུ་བཏོན་ས་བཏོན་ཡས་ནང་ལུ་ཏེ་ཡུམ་བསོད་ནམས་དཔལ་སྒྲོན་གྱིས་ ཁྱིམ་སྐོར་རྐྱབ་བྱག་དོང་སྤེད་གྲུབ་ཆུ་བཏོན།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    རྟོགས་ལྡན་འབྲུག་སྒོམ་ཞིག་པ་ཕྱག་མཁར་རྐྱབ་གྲུབ་ཆུ་བཏོན་ག་ནི་བ་གསལཝ་སྦེ་ཡོད་ལགས།ཏེ་ རྡོའི་ཟམ་རྐྱབ་ནི་འདི་ཡང་ ཨ་ནཱ་རི་ཁར་ལུ་མ་བཏུབ་བཏུབ་སྦེ་ཡོད་ལྡིང་རི་བཟུམ་སྦེ་ག་ནི་བ་གསལཝ་སྦེ་ཡོད་ཏེ་དེ་ལས་ ཁོ་ར་དགོངས་པ་རྫོགསཔ་ད་ལུ་ཡང་ཏེ་ད་ང་ལོ་བཅུ་ཕྲག་ཉི་ཤུ་གི་རྒྱབ་ལས་ངེ་གི་བུ་ཕྲན་ཚུ་ཆ་མཉམ་འབྲུག་ལུང་པ་ལོག་འཐོན་འོང་འ་ནཱི་བསྒང་ལས་ ང་ར་ཡང་འཐོན་འོང་ཟེར་ འབདཝ་ད་ལུ་ཏེ་༼གི་ལི་༽ང་གིས་ ཟླ་ཐོ་བསྟན་རྩིས་ནང་ལུ་ ལེགས་ཤོམ་སྦེ་ཚར་གཅིག་བལྟ་ཡི་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    བལྟཝ་ད་ལུ་ང་གིས་ ཡར་ལས་མར་རིམ་པ་བཞིན་དུ་སྦེ་མཇལཝ་ད་ ཟླ་ཐོ་བསྟན་རྩིས་ནང་མཇལཝ་ད་ཉིས་བརྒྱ་བཅུ་མི་གཅིག་ལུ་ ངག་དབང་ཆོས་རྒྱལ་སྐུ་འཁྲུངསམ་མས་ལགས་འ་ནཱི་ཁོ་ར་གི་ ཐུགས་སྤྲུལ་མས་ལགས་ཉིས་བརྒྱ་བཅུ་མི་ལྔ་ལུ་ ཆོས་རྗེ་འབྲུགཔ་ཀུན་ལེགས་སྐུ་འཁྲུངས་མས་ལགས་ཉིས་བརྒྱ་བཅུ་ཐམ་ལུ་ གཏེར་སྟོན་པདྨ་གླིང་པ་སྐུ་འཁྲུངསམ་མས་ཏེ་ པད་གླིང་འདི་ཁོ་ར་ཨིན་ཟེར་ཏེ་ རྒྱུད་འདི་འ་ནེ་སྦེ་བཤདཔ་མས་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཧེ་མ་ཏེ་ནཱ་བུ་ཕྲན་ཆ་མཉམ་དར་ཞིང་རྒྱས་ཧིང་བལྟཝ་ད་ཁོ་རའི་སྐུ་རུས་རང་མས་སྲས་སྲས་བརྒྱད་བརྒྱད་དགུ་དགུ་རེ་སྟབས་ཅིག་དུ་བྱོན་བཏུབ་པས་ལགས།ཏེ་ འ་ནེ་སྦེ་འབྱོན་འོང་ཟེར་ཏེ་ད་ང་བཅས་ཀྱི་ ཁ་ཐུག་ལས་ངག་དབང་ཆོས་རྒྱལ་ལས་བརྒྱུད་པའི་བསྒང་ལསནི་ཏེ་ངག་དབང་ཆོས་རྒྱལ་གྱི་ སྲས་འདི་ངག་གི་དབང་ཕྱུག་མས་ངག་གི་དབང་ཕྱུག་སྲས་འདི་ མི་ཕམ་དབངཔོ་མས་སྲས་གཞན་འདི་ལེགས་ཤ་བརྩི་ནི་འདུག་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    མི་ཕམ་དབང་པོའི་སྲས་འདི་ཏེ་ ཡབ་བསྟན་པའི་ཉིམ་མས་ལགས་ཡབ་བསྟན་པ་ཉི་མའི་སྲས་འདི་ཞབས་དྲུང་བདུད་འཇོམས་རྡོ་རྗེ་མས་ལགས་ད་ལྟོ་ཕར་ཡོད་མི་སྐུ་ཤ་རློནམ་འདི་སྤྱན་རས་གཟིགས་ཟེར་རུང་ཡང་བཏུབ་པས་གུ་རུ་ཟེར་སླབ་རུང་ཡང་ ཁོ་ར་རང་མས་ལགས་དེ་ལས་ཁོ་ལུ་གདུང་རུས་ཞུ་དགོ་ཟེར་ཏེ་སྦེ་ ལྕམ་ཕུལ་ཡི་ལགས་ལྕམ་ཕུལཝ་ད་ལུ་ མར་འཁྲུངས་ས་རང་སེམས་རྟོགས་ཁ་ཨིན་མས་ལགས་སྲས་འཇམ་དཔལ་རྡོ་རྗེ་འཁྲུངསམ་མས་ལགས།འ་མི་ནང་།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ སྲས་འཇམ་དཔལ་རྡོ་རྗེ་ལས་ཡང་ གདུང་རུས་ཞུ་དགོ་ཟེར་ཏེ་སྦེ་ལྕམ་ཕུལ་ནུག་ལགས་ང་བཅས་འབད་བ་ཅིན་སྐུ་རུས་ཞུ་དགོ་ཟེརཝ་ད་ཏེ་དེ་ལས་ ལོག་ཤུལ་ཤུལ་འབད་བའི་བསྒང་ལསནི་ཏེ་ སྲསམོ་མཚོ་སྐྱེས་རྡོ་རྗེ་འཁྲུངས་འབད་སྦེ་ཏེ་ མ་འཁྲུངས་པས་ལགས།ཏེ་ ཧེ་མ་གི་རྒྱུད་གདུང་འདི་ འ་ནེ་སྦེ་ཨིན་པས་ལགས།ཏེ་ད་ང་བཅས་ཀྱི་ ཁ་ཐུག་ལས་ངག་དབང་ཆོས་རྒྱལ་འདི་ཕོ་རྒནམ་མས་ལགས་ཆོས་རྗེས་འབྲུགཔ་ཀུན་ལེགས་འདི་ནུ་གཅུང་ཨིན་མས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ ཆོས་རྗེས་འབྲུགཔ་ཀུན་ལེགས་ལས་མར་རྒྱུད་པའི་བསྒང་ལསནི་ད་ལྟོ་ཕར་སྲས་གདུང་སྲས་བསྟོད་པའི་ས་ལས་ངག་དབང་བསྟན་འཛིན་འཁྲུངསམ་མས་ལགས་ཆོས་རྗེས་འབྲུགཔ་ཀུན་ལས་ཀྱི་ སྲས་ངོ་མ་ཨིན་མས་ངག་དབང་བསྟན་འཛིན་གྱི་སྲས་འདི་ ཚེ་དབང་བསྟན་འཛིན་འཁྲུངསམ་མས་ལགས།ཚེ་དབང་བསྟན་འཛིན་གྱི་སྲས་འདི་ སྟག་ཚང་ཁར་གྱི་ ཨོ་རྒྱན་རིན་པོ་ཆེ་སྐུ་ཤ་རློནམ་འདི་རྒྱལ་སྲས་བསྟན་འཛིན་རབ་རྒྱས་འཁྲུངསམ་མས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    རྒྱལ་སྲས་བསྟབ་འཛིན་རབ་རྒྱས་ལས་ཏེ་ད་སྐུ་རུས་ཞུ་དགོ་པས་ཟེར་ཏེ་འབད་བའི་བསྒང་ལསནི་ཏེ་ སྲསམོ་རྗེ་བཙུནམ་ཟེར་མི་འདི་ འཕུར་ཏེ་སྦེ་ད་ལྟོ་ཡར་རྟ་མགོ་རྫོང་ཁར་ལུ་རྗེ་བཙུན་མའི་གི་ གྲུབ་ཕུག་དང་བླ་མཚོ་དང་ ག་ར་ཡོད་དགོ་མི་དོན་དག་འདི་ཏེ་ རྒྱུད་བསྡུས་འདི་འ་ནེམ་འཚམས་ཅིག་ཨིན་པས་ཏེ་ བཤད་དགོན་བཤད་ཡང་མི་ཚར་བས་ཏེ་ ད་རིས་མདུར་བསྡུས་ཙམ་ཅིག་སྦེ་ཞུ་ཏེ་ མར་གྱི་གཟིམ་ཅུང་འདི་ཡང་ག་ནི་བ་གསལཝ་སྦེ་ཏེ་ད་མར་ཆུའི་མཐའ་མ་ཨིན་ཟེར་སླབ་རུང་ཆུ་གིས་ཡང་མ་འབག་པས་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཏེ་ མེ་གིས་ཡང་མ་བཞེས་པས་ཏེ་ ང་བཅས་རའི་འགྲོ་བ་འབྲུག་རྒྱལ་ཁབ་གཅིག་གི་རྟེན་ཁྱད་སྦེ་ད་གཙུག་ལག་ཁང་བརྒྱ་དང་སྟོང་ཁྲི་དང་འབུམ་མཆོད་རྟེན་ག་དེམ་ཅིག་ཡོད་མི་འདི་ཏེ་ འ་མི་དེ་གིས་ཏེ་ ཐུགས་སྨོན་ལས་བརྟེན་ཏེ་ རྒྱས་ཤིང་རྒྱས་ད་ནུག་ཟེར་ངེའི་ཁ་ཐུག་ལས་སེམས་ཁར་འ་ནི་འཆར་ནི་དེ་གིས་ད་མི་འདི་གྱང་ཁོག་ལུ་འགྱུར་སོང་པ་ཅིན་ང་བཅས་འབྲུག་རྟེན་འབྲེལ་ལུ་ མི་བཏུབ་པས་མནོ་ཏེ་ ང་རྩ་འགེངས་རྒྱུ་མེད་རུང་བླུགས་ཏེ་དེ་ལས་ ཏེ་མས་འདི་ཉམས་གསོ་སྔར་བཞིན་དུ་དང་ཕུ་ག་ཨིནམ་སྦེ་འབད་དེ།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    ཀ་ར་ཡང་མ་ཕུལ་ཚོན་ཡང་མ་ཕུལ་ལྕགས་ཤོག་ཡང་མ་བཀབ་ང་བཅས་ཀྱི་བསྒྲུབས་ཏེ་ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ནཱནི་ད་དང་ཕུ་གི་ཁྱིམ་ཚུ་ག་ར་བརྡལ་ཚར་ཡི་ཏེ་ག་ར་ཏེ་ད་རིས་ཀྱི་ཏེ་རོགས་རིག་གསར་གྱི་ཚན་རིག་ཀྱི་མཁས་པ་འདི་ཚུ་གི་building(སྒྲིང་ཁྱིམ་)ཨིན་པས་ཏེ་འ་མེས་ཚུ་ད་དང་ཕུ་གི་ལོ་བརྒྱད་བརྒྱ་སུམ་བཅུ་དེ་ཅིག་མོ་འཁྲུངས་ཏེ་ར་ཡར་སོང་ནུག་སོ་བཅུ་སོ་ལྔ་དེ་ཅིག་ཏེ་ ངེའི་ཁ་ཐུག་ལས་འབད་བ་ཅིན་ད་ལོ་སྟོང་ཕྲག་གཅིག་འདི་ འགྱོ་ནི་མས་ཟེར་ཞུ་ནི་ཨིན་ལགས།
  • དྲགོས་མཛོད་དཔོན་དབང་ཕྱུག་ Dasho Zoepoen Wangchuk
    གཟིམ་ཅུང་འདི་ས་འདི་ machine(འཕྲུལ་ཆས་) ནང་བཙུགས་ check (དབྱེ་ཞིབ)རྐྱབ་རུང་ཡང་འཐོན་ནི་མས་པ་ལགས་ཤིང་འདི་སྤོག་ check (ཞིབ་དཔྱད་)རྐྱབ་རུང་ཡང་འཐོན་ནི་མས་མོ་ར་གཟིམ་སའི་གི་ཨེན་ཏ་ད་ལྟོ་ཁྲ་མེད་འཁྲུལ་མེད་དེ་ནང་ལུ་ག་ནི་ཡང་སྐྱོན་མེད་པ་ཡོད་ནི་དེ་གིས་ཏེ་ འབྲུག་རྒྱལ་ཁབ་ཀྱི་ ནང་རྟེན་བཟུམ་སྦེ་ཡོད་ཟེར་ཏེ་ མར་གྱི་འདི་ད་དྭངས་འཕྲོས་འཕྲོས་སྦེ་ཞུ་དགོ་པ་ཅིན་ཏེ་ མར་གཟིམ་ཅུང་ནང་ར་བྱོན་ཏེ་ གྲུབ་ཕུག་དང་ མ་བཏུབ་བཏུབ་སྦེ་གསལ་ཏོག་ཏོ་སྦེ་ཏེ་ ལོ་རྒྱུས་རྒྱུད་དང་ནཱི་འདི་ཚུ་གི་འདི་ད་རིས་ངེའི་ཁ་ཐུག་ལས་མདོར་བསྡུས་ཙམ་ཅིག་འ་ནཱི་ཞུ་ནི་ཟེར་ ཞུ་ནི་ཨིན་ལགས།
  • བསམ་གཏན་ཡེ་ཤེས་ Samten Yeshi
    ལགས་སོ།བཀྲིན་ཆེ་ལགས།