Skip to main content Skip to search
15 Feb 2017
2 min 24 sec
Rinchen Dorji
Video Overview
Creators: 
Dawa Tshering, Thinley Dorji

འབྱུང་རབས་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་ཁབ་ནང་ ཞབས་དྲུག་རིན་པོ་ཆེ་མཆོག་གིས་ རྫོང་གཞི་འགོ་ཐོག་དང་པ་འདི་ སེམས་རྟོགས་ཁ་རྫོང་བཞེངས་གནང་ཡོདཔ་ད་ འབྲུག་ལུ་ ཁྱིམ་གྱི་ རྟེན་འབྲེལ་རབ་གནས་་གནང་ནི་གི་ ལམ་སྲོལ་དང་པ་ འ་ནཱ་ལས་ཚུར་ དར་ཁྱབ་འབྱུང་བྱུམ་ཨིན་འོང་ནི་མས། ཨིན་རུང་ རྟེན་འབྲེལ་བརྩི་ནི་གི་ ལམ་ལུགས་འདི་ འབྲུག་རྒྱལ་ཁབ་ནང་  དུས་རབས་ལེ་ཤ་ཅིག་གི་ ཧེ་མ་ལས་་ཡོདཔ་ཨིན་པས།  ད་རེས་ནངས་པ་ ལམ་སྲོལ་འདི་ ཁྲོམ་ཁར་ གནམ་མེད་ས་མེད ཡོངས་གྲགས་མེད་རུང་ གཡུས་སྒོ་ཚུ་ནང་ལས་ཕར་ མ་ཉམས་པར་འདུག། གསར་འགྱུར་གྱི་དུས་དང་བསྟུན་ དང་ཕུགས་བཟུམ་སྦེ་ ད་རེས་ནངས་པ ལམ་སྲོལ་འདི་ལུ་ གནམ་མེད་ས་མེད་ གལ་ཆེ་ཏོག་ཏོ་སྦེ་ མི་བརྩི་དོ་ཡོདཔ་ལས་ ཡལ་འགྱོ་བའི་ཉེན་ཁ་འདུག། འ་ནཱི་ ལྕམ་སྒང་གཡུས་ཚན་ནང་ ཁྱིམ་རབ་གནས་ཀྱི་སྐབས་སུ་ཨིནམ་ད་ ཏེ་ཆོ་གའི་ཚིག་བྲིས་བྲིསཝ་དང་འཁྲིལ་བ་ཅིན་ ཁོང་གིས་ དང་པ་ར་ ལྷ་བསངས་བཏང་ཞིནམ་ལས་ ས་སླངས་རྟེན་འབྲེལ་བརྩི་ནི་ འདི་ལས་ སྤག་འཆམ་ནིའི་རྟེན་འབྲེལ་ནང་ གཡུས་ཁའི་ཨམ་སྲུ་ཚུ་གིས་ བཅའ་མར་གཏོགསཔ་ཨིན་པས། དེ་བསྒང་ ཁོང་ཆ་ཁྱབ་ཀྱིས་ ཤིང་གི་ལྟིར་ཤིང་རེ་འབག་སྟེ་ ཞབས་བྲོ་འཐེན་ཏེ་ སྤག་འཆམ་ཨིནམ་ད་ ལས་རིམ་འདིའི་ཤུལ་ལས་ ཁྱིམ་གྱི་ཇོ་བདག་གི་ གཉེན་ཉེའུ་དང་ ཁྱིང་ཚང་ཆ་ཁྱབ་ལུ་ རང་ལུགས་བང་ཅུང་ནང་ ལྟོ་དང་ ཇ་འདི་ཚུ་འབག་བྱིནམ་ཨིན་པས། ཏེ་ཁྱིམ་གྱི་རྟེན་འབྲེལ་བརྩི་སར་ ཇ་ཆང་ཟེར་ ལྟོ་དང་ཇ་འདི་ རྟེན་འབྲེལ་བརྩི་སྲུང་གི་སྐབས་སུ་ གནམ་མེད་ས་མེད་ ཁག་ཆེ་ཏོག་ཏོ་ཨིན་པས། 

Transcript search
No results found for this search
0 of 0
  • དཀོན་མཆོག་རིན་ཆེན Kencho Rinchen
    ལགས་སོ། །
  • དཀོན་མཆོག་རིན་ཆེན Kencho Rinchen
    ད་ ང་བཅས་ར་ རྟེན་འབྲེལ་ཟེར་ འབྲུག་རྟེན་འབྲེལ་ལུ་ མངའ་བརྙེས་དགོ་མི་འདི་ དང་པ་ར་ ག་ཅིམ་ཟེར་འབད་བ་ཅིན་ ང་བཅས་ར་ བླམ་ངག་དབང་རྣམ་རྒྱལ་གྱིས་ ཏེ་ང་བཅས་ར་ འབྲུག་ལུ་ ཏེ་གནམ་མེད་ས་མེད་ ཏེ་རྫོང་གཞིས་དང་ ལྷ་ཁང་དགོན་སྡེ་ཁག་ལེ་ཤ་ཅིག་བཞེངས་ཡོདཔ་སྦེ་འབདཝ་ད་ལུ་ ཏེ་ང་བཅས་ར་ བླམ་གིས་ཡང་ ཏེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབད་ ཏེ་ནཱ་ལུ་ ཏེ་འབྲུག་རྟེན་འབྲེལ་ལུ་ མངའ་བརྙེས་སྦེ་ ཁོ་གིས་འབད་ མཛད་བཞག་བཞགཔ་འབད་ནི་དེ་གིས་ ཏེ་ང་བཅས་ར་ འདི་ནང་ལས་མར་འབད་ ཏེ་[བཤུས་པའི་ཞལ་གྱིས་?] ཏེ་རྟེན་འབྲེལ་དེ་ཚུ་ འ་ནཱ་ལས་མར་འབད་བརྩིས་སྦེ་འགྱོ་འགྱོཝ་མེད་ན་ མནོ་བའི་གི་ ང་ར་གི་བསམ་འཆར་ཅིག་ འདི་ཨིན་ཟེར་ཞུ་ནི།
  • དཀོན་མཆོག་རིན་ཆེན Kencho Rinchen
    ད་ གཅིག་འདི་ ང་བཅས་ར་ ཨ་ནཱི་ཞུ་དགོ་མི་འདི་ ཨ་ནཱི་ ག་ཅི་ ད་ང་བཅས་ར་ གཟའ་སྐར་བརྩི་བའི་སྐབས་འདི་ནང་ལུ་ ང་བཅས་ར་ ལྷ་བསང་ཁྲུས་གསོལ་བཏང་ ཏེ་དེ་ལས་ རབ་བྱུང་པ་ཅིན་ ཏེ་ད་བླམ་རེ་ཞུ་ ཏེ་འདི་ནང་ལུ་ དེ་སྦེ་ ཏེ་འབད་མ་ཚུགསཔ་བཟུམ་ཅིག་འབད་བ་ཅིན་ ཏེ་ད་ང་བཅས་ར་ གཡུས་ཁ་གི་ ཏེ་སློབ་དཔོན་ ཏེ་ཨ་ཙི་རེ་ ཨ་ནཱི་སྦེ་ སྡོམ་པ་ཚུལ་ཁྲིམས་དང་ལྡན་པ་རེ་ཡོད་སྦེ་འབད་བ་ཅིན་ འ་ནཱི་ཚུ་ཞུ་ཚུགསཔ་བཟུམ་ཅིག་འབད་བ་ཅིན་ དེ་ཡང་རབ་མས་ ཟེར་ཞུ་ནི།
  • དཀོན་མཆོག་རིན་ཆེན Kencho Rinchen
    ཏེ་ནཱི་མེན་ཏེ་འབད་རུང་ཡང་ ཏེ་ཡུདཔ་ཅིག་ཧ་ལམ་ ཏེ་ད་ང་བཅས་ར་ ཏེ་གཡུས་ཁ་གི་མི་གནགཔ་གི་ ང་བཅས་ར་གི་རྣམ་རྟོག་སེལ་ཚུགས་པའི་གི་ ཏེ་ད་བླམ་སློབ་དཔོན་ཅིག་ཡོད་དེ་འབད་རུང་ཡང་ འ་ནཱེ་ཚུ་ ཞུ་འབད་སྦེ་ ང་བཅས་ར་ ཏེ་ང་བཅས་ར་ལྷ་བསང་བཏང་ ཁྲུས་གསོལ་འབད་ ཏེ་དེ་ལས་དེ་དང་ཅིག་ཁ་ལུ་ ཏེ་ང་བཅས་ར་གནསཔོ་དེ་ཚུ་ལུ་ ཏེ་ད་གསོལ་ཁ་དེ་ཚུ་ཕུལ་འབད་སྦེ་ འ་ནཱི་སྦེ་འབད་མི་འདི་ ག་ཅིམ་ཟེར་འབད་བ་ཅིན་ ལྷ་བསང་བཏང་ བཏང་སྟེ་འབད་དགོ་མི་འདི་ ང་བཅས་ར་ ག་ཅིམ་ཟེར་བ་ཅིན་ དེ་ནང་གི་ ཏེ་ད་ཁྱིམ་རྐྱབ་ས་ལུ་ ཏེ་ད་ང་བཅས་ར་ གྲབ་གྲིབ་རེ་ཞུགས་ འ་ནཱི་བཟུམ་སྦེ་ འབད་བའི་སྐབས་འདི་ནང་ལུ་ ཏེ་ལྷ་བསང་བཏང་ ཁྲུས་གསོལ་འབད་ འབད་བ་ཅིན་ ཏེ་གྲབ་གྲིབ་དེ་ཚུ་ཡང་དག་
  • དཀོན་མཆོག་རིན་ཆེན Kencho Rinchen
    ཏེ་དེ་ལས་ ཡུལ་ལྷ་འདི་ཚུ་ལུ་ ཏེ་ད་ནཱ་ལས་ཕར་ལུ་ གསོལ་མཆོད་དེ་ཚུ་ཡང་ཕར་དྲངས་འབད་སྦེ་ གནས་བདག་གཞི་བདག་དེ་ཚུ་ལུ་ཡང་ གསོལ་མཆོད་དྲངས་ ཏེ་དེ་ལས་ ང་བཅས་ར་ གཡུས་ཁ་གི་ ཏེ་ཡུལ་ལྷ་དེ་ཚུ་ལུ་ཡང་ ཏེ་གསོལ་མཆོད་དེ་ཚུ་ དྲངས་སྦེ་འབད་བའི་གནས་སྟབས་འདི་ནང་ལུ་ ང་བཅས་ར་ ག་ཅིམ་ཟེར་འབད་བ་ཅིན་ ཏེ་ཁྱིམ་རྐྱབ་སའི་ས་གོ་དེ་ནང་ལུ་ དེ་ལས་མི་ལུ་ ཧེང་ལཱ་རྡུང་ལཱ་ཕོག་ནི་ དེ་ལས་ཨ་ནཱི་གི་ ག་ཅི་གུ་ཅིག་འབད་ནི་ ཏེ་ང་བཅས་ར་ ཏེ་མི་གི་ ཕར་དང་ཚུར་གྱི་ཁ་རམ་ཕོག་ནི་ འ་ནཱི་དེ་ཚུ་ལུ་ ཏེ་རྐྱེན་བཟློག་ཐབས་ལུ་ ང་བཅས་ར་ ཏེ་ཡུལ་ལྷ་ལུ་གསོལ་ཁ་ཕུལ་ ལྷ་བསང་ཁྲུས་གསོལ་བཏང་སྦེ་ འབད་དགོ་མི་གི་ ཏེ་རྒྱུ་མཚན་འདི་ འདི་ལས་ཨིན་ཟེར་ ཞུ་ནི་ཨིན་ལགས།། །།