Skip to main content Skip to search
01 Sep 2018
4 min 46 sec
Ariana Maki
Video Overview
Creators: 
Sherig Dentshog

Dorji Tshering from Lauri village in Samdrupjongkhar district narrates an account of the Ugyen Samdrup Choling temple and its sacred relic, a conch shell (seashell) from the remains of Dangling Lake. The relic was revealed by a spiritual master called Sonam Chogyal when he was 57 years old. According to Phurpa, another narrator, it is believed that all sentient beings can be lifted from all six realms into heaven, if they were to hear the sound of the conch shell. The community is planning to build a residence for the conch shell and to display it to the public once per year.

༉  ལའུ་རི་གཡུས་ཚན་ལས་ རྡོ་རྗེ་ཚེ་རིང་དང་ཕུརཔ་རྡོ་རྗེ་གིས་  ཨོ་རྒྱན་བསམ་གྲུབ་ཆོས་གླིང་ལྷ་ཁང་དང་དྭངས་ལིང་མཚོ་ཤུལ་ལས་ཐོན་མི་ ནང་རྟེན་དུང་དཀར་གྱི་ལོ་རྒྱུས་བཤད་དེ་ཡོདཔ་ད་ དུང་དཀར་འདི་ བླམ་བསོད་ནམས་ཆོས་རྒྱལ་ དགུང་ལོ་ ༥༧ སྦེ་བཞུགསཔ་ད་མཚོ་ཤུལ་ལས་ཐོབ་ཐོབ་ཅིག་ཨིན་མས། ད་རུང་ གསལ་བཤདཔ་ཕུར་པ་རྡོ་རྗེ་དང་འཁྲིལ་བ་ཅིན་ དུང་དཀར་འདིའི་གསུང་སྐད་གོཝ་ཙམ་གྱིས་ འཁོར་བ་ནང་གནས་པའི་སེམས་ཅན་ཆ་མཉམ་ འཁོར་བ་ལས་འགྲོལ་ཚུགས་ནི་ཨིནམ་ལས་ ནང་རྟེན་བྱིན་ཅན་ཅིག་ཨིནམ་སྦེ་བརྩིཝ་ཨིན་མས། ཏེ་གཡུས་ཁའི་མི་ཚུ་གིས་ དུང་དཀར་འདི་བཞུགས་སུ་གསོལ་ནིའི་དོན་ལུ་ ལྷ་ཁང་ཅིག་བཞེངས་ནི་དང་ དུས་བཟང་གི་སྐབས་ལུ་ དུང་དཀར་འདི་མི་དམངས་ལུ་མཇལ་ཁ་གནང་ནིའི་བསམ་འཆར་ཚུ་ཡང་ཡོདཔ་ཨིན་པས།

Transcript search
No results found for this search
0 of 0
  • རྡོ་རྗེ་ཚེ་རིང་ Dorji Tshering
    ལགས་སོ། ཏེ་ད་ནཱ་ དུང་དཀར་བྱུང་བའི་བྱུང་ཐངས་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཏེ་ད་ནཱ་ཨྱོན་བསམ་གྲུབ་ཆོས་གླིང་ཉམས་གསོ་ཞུ་འབདཝ་ད་ལུ་ ནཱ་གཙོ་འཛིན་བསོད་ནམས་ཆོས་རྒྱས་ཟེར་མི་གིས་ ཁོ་གིས་འ་ནཱི་བཟུམ་གཏེར་བཞེས་ཏེ་འདུག་ ཟེར་ཞུ་ནི་ལགས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཁོ་འདི་ དགུང་ལོ་ག་དེམ་ཅིག་འགྱོ་ཡི་ཟེར་བ་ཅིན་ དགུང་ལོ་ ༥༧ ཕེབས་ཏེ་ཡོད་ཟེར་ཞུ་ནི་ལགས། ཏེ་ད་ཁོ་ར་བཞུགས་ཏེ་སྡོད་སྡོདཔ་འབད་བ་ཅིན་ ཁོ་གིས་ཁ་གསལ་ཧིང་གསལ་སྦེ་ཞུ་ནི་སྡོད་སྡོདཔ་འོང་ ཏེ་ང་གིས་གནམ་མེད་ས་མེད་ཅིག་ཞུ་མི་ཤེས་པས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཨིན་ཏེ་འབད་རུང་ ནངས་པར་གནངས་ཚེ་ ང་བཅས་ནཱ་ཨྱོན་བསམ་གྲུབ་ཆོས་གླིང་འདི་ བཞེངས་ཚར་ཞིནམ་ལས་ ཏེ་འ་ནཱི་འདི་ གཏེར་བཟུམ་སྦེ་ ཏེ་ང་བཅས་ཀྱི་ ཡང་ཅིན་ལོ་གཅིག་ལུ་མཇལ་ནི་ཨིན་ན་ ཡང་ན་ལོ་གསུམ་ལུ་མཇལ་ནི་ཨིན་ན་ འ་ནཱི་གཏེར་བཞེས་མི་ཁོ་ཨིན་པས། ཁོ་གིས་ག་དེ་སྦེ་བཀའ་གནངམ་ཅིག་ དེ་སྦེ་མཇལ་ནི་ཡོདཔ་ཅིག་འབད་ནི་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ལགས་སོ། ཏེ་ད་ལྟོ་ མཁས་མཆོག་གིས་གོ་སྐབས་གནང་མི་ལུ་ གནམ་མེད་ས་མེད་བཀའ་དྲིན་ཆེ་ཟེར་ཞུ་ནི་ལགས། ད་ལྟོ་ནཱ་རྡོ་རྗེ་སློབ་དཔོན་གྱིས་ཞུ་བ་ཕུལ་དོ་བཟུམ་སྦེ་རང་ཨིན་ཟེར་ཞུ་ནི།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ང་གི་མིང་འདི་ ཕུར་པ་རྡོ་རྗེ་ཟེར་ཞུ་ནི་ལགས། ཏེ་འདི་གི་སྐོར་ལས་ནཱ་ དུང་དཀར་འདི་བྱུང་བའི་བྱུང་ཐངས་སྐོར་ལས་ང་གིས་ ཨ་ཙི་ཅིག་ཞུ་ཕུལ་ནི་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    འདི་ང་བཅས་རའི་ ལའུ་རི་ལྷ་ཁང་ ཨྱོན་བསམ་གྲུབ་ཆོས་གླིང་ ཧེ་མ་ཕ་མ་བཟངམོ་ཚུ་གིས་བཞེངས་བཞག་མི་ ཉམས་ཆག་ཤོར་ཏེ་ ད་རེས་གནམ་ལོ་ ༢༠༡༤ གི་ལོ་ལུ་ ང་བཅས་རའི་ལྷ་ཁང་ཉམས་ཆག་ཤོར་མི་འདི་ ཉམས་གསོ་ཞུ་དོ་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    འདིའི་སྐབས་ལུ་ ང་བཅས་རའི་ལྷ་ཁང་གི་ རྡོ་ཚུ་ ང་བཅས་རའི་སྦོ་ལོགས་ཁ་ལས་ དྭངས་ལིང་མཚོ་ཟེར་ས་ལས་བཏོན་དོ་ཟེར་ཞུ་ནི་ལགས། བཏོནམ་ད་ལུ་ གཙོ་འཛིན་བསོད་ནམས་ཆོས་རྒྱས་ཟེར་མི་གིས་ འགོ་འདྲེན་ཐོག་ལས་ ང་བཅས་ར་ནཱ་ལྷ་ཁང་ཉམས་གསོ་ཞུཝ་ད་ལུ་ རྡོ་བཏོན་འབག་འོངམ་ད་ལུ།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཏེ་དེ་ནང་གཏེར་ངོ་མ་སྦེ་ འ་ནཱི་དུང་དཀར་བྱུང་སྟེ་འདུག་ཟེར་ཞུ་ནི་ལགས། ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ར་ཆོས་ལུ་དབུ་ཚུགས་བསྐྱེད་དེ་ དག་སྣང་བསྐྱེད་ཏེ་ ཉམས་སུ་བླངས་ཏེ་ འདི་བཟུམ་ལྷ་ཁང་ བསྟན་པའི་ཁ་གསོ་འདི་ ང་བཅས་ཀྱིས་འབདཝ་ད་ལུ་ དེ་བཟུམ་སྦེ་ ནཱ་དྭངས་ལིང་མཚོ་ལས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ང་བཅས་ར་ནོར་བུ་བཟུམ་སྦེ་ འདི་བཟུམ་སྦེ་ནཱ་དུང་དཀར་གཅིག་བྱུང་སྟེ་འདུག་ཟེར་ཞུ་གེ་ ཏེ་འདི་གི་རྒྱུ་མཚན་དེ་ཡང་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་རའི་ལུང་པ་གི་རྟེན་བཟུམ་ཅིག་ མ་འོངས་པ་ལུ་ ཕྱི་རྒྱལ་ཁབ་ལས་འབྱོན་ཏེ་འབད་རུང་།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ག་འབད་རུང་ ནཱ་གཡུས་ཁ་ ལུང་པའི་མི་ ང་བཅས་ར་ནཱ་སྤྱི་འོག་གི་ཨིན་རུང་ ནཱ་ང་བཅས་ར་རྒེད་འོག་ ས་གནས་རྫོང་ཁག་གི་མི་ སོ་སོ་ག་ཏེ་ལས་འབྱོན་ཏེ་འབད་རུང་ ང་བཅས་ཀྱི་འ་ནཱི་འདི་ སྒྲོམ་ཅིག་བཟོ་བཞག་སྦེ།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཏེ་ད་ལོ་བསྟར་ལུ་ ཡང་ཅིན་ཟླཝ་དང་པ་དུས་ཆེན་སྦོམ་ ཚེས་བཅོ་ལྔ་ནང་ཨིན་རུང་ ང་བཅས་ར་མཇལ་ནི་ཡོདཔ་ཅིག་ དེ་ལས་འ་ནཱི་མཇལཝ་ད་ཡང་ ང་བཅས་ར་འ་ནཱི་ གཏེར་ངོ་མ་ཐད་རེ་བ་རེ་ཨིན་མས་ཟེར་ཞུ་གེ།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་ལས་འ་ནཱི་འཕུ་དགོ་མི་ཡང་ ང་བཅས་ར་མི་ག་ར་འབད་རུང་ ཚེ་འདས་འགྱོ་མི་ མི་ཤི་མི་ག་ར་ དམྱལ་བ་ ཚ་དམྱལ་ གྲང་དམྱལ་ནང་ ག་ཏེ་སྡོད་དེ་ཡོད་རུང་།
  • ཕུར་པ་རྡོ་རྗེ་ Phurpa Dorji
    འ་ནཱི་དུང་དཀར་འཕུཝ་ཙམ་གྱིས་ སྐད་གོཝ་ད་ལུ་ ང་བཅས་ར་ད་ ཡར་ དམྱལ་བ་ ཡི་དྭགས་ བཀྲེས་སྐོམ་ ལྷ་ ལྷ་མིན་ ག་ཏེ་སྐྱེས་ཡོད་རུང་ ང་བཅས་ར་ཟངས་མདོག་དཔལ་རི་ཞིང་ཁམས་ལུ་འགྱོ་ནི་བཟུམ་ཅིག་འོང་ནི་མས་ཟེར་ བསམ་བློ་བཏང་དོ་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    འདི་དང་གཅིག་ཁར་ འ་ནཱི་འདི་ལོ་རེ་ལུ་ཚར་རེ་ཚར་རེ་ཅིག་ མཇལ་ནི་ཡོདཔ་ཅིག་ ཏེ་ཁོ་གི་ཕོ་བྲང་གཅིག་བཞེངས་ཏེ་ བཞག་ནི་ཟེར་མནོ་དོ་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཏེ་འ་ནཱི་འདི་ད་ལྟོ་ དུང་དཀར་ གསུང་སྐད་ག་བཟུམ་ཅིག་འདུག་ག་ ང་གིས་འཕུ་སྟེ་ཕུལ་གེ་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ལགས་སོ། བཀའ་དྲིན་ཆེ།། །།