Skip to main content Skip to search
15 Feb 2017
1 min 52 sec
Rinchen Dorji
Video Overview
Creators: 
Dawa Tshering, Thinley Dorji

In Bhutan, nomads travel from place to place herding their yaks. There is an old tradition in the Himalayan regions to adorn these animals with beautiful ornaments. Gyelpo from the Janguthang village in the Gasa District discusses the ornaments used on yaks, especially those found in his region. The ornaments include a rope of bells hung on their necks, a bell, a garland of the small bells, and tail ornaments. 

 

Transcript search
No results found for this search
0 of 0
  • རྒྱལ་པོ Gyelpo
    ལྷ་དར་དགའཝ་ཟེར་མི་འདི་ ཏེ་ད་ ང་བཅས་ཀྱི་ མ་པ་གཡག་འདི་དེ་ ཕར་བོད་ལས་ཨིན་པས་བ་ལགས། གཡག་འདི་ བོད་ལས་འབདཝ་ད་ ཕར་ལས་ ང་བཅས་ནཱ་ དཔོན་གྱི་ནོར་ཡོད་དོཝ་མས་ཟེར། ཡོད་དོཝ་མས་བ་ལགས། ཏེ་ཕར་ལས་ཚུར་ ནོར་ནི་བཏོན་ཏེ་ བདའ་འོངམ་ད་ལུ་ ཏེ་འ་ནཱིའི་གྲལ་ཁ་ལུ་ གཡག་འདི་ཡོད་དོཝ་མས་ལགས།
  • རྒྱལ་པོ Gyelpo
    དཔོན་གྱི་ནོར་འདི་བདའ་འོངམ་ད་ལུ། ཏེ་དཔོན་གྱི་ནོར་དེ་བདའ་འོང་སྟེ་ ཏེ་ད་ ནོར་དཔོན་དེ་ ཨ་ཕར་ སྲོས་ གཡག་གསར་ འ་ནཱི་དོམ་ཚང་ཟེར་མི་འདི་ལུ་ ཏེ་ཨམ་དངོས་གྲུབ་དཔལམོ་ ཟེར་མི་ཅིག་འདུག་བ་ལགས། འ་ནཱི་གི་བུ་ ཀུན་ལེགས་ཟེར་མི་ཅིག་འདུག འ་ནཱི་གིས་ བདའ་འོང་འོངམ་མས།
  • རྒྱལ་པོ Gyelpo
    ཏེ་འ་ནཱི་གིས་ དཔོན་གྱི་ནོར་འདི་འཚོ་མི་ནོར་དཔོན་འདི་ ཁོ་ཨིན་མས་བ་ལགས། ཁོང་འབདཝ་ད་ ཏེ་ཁོ་གིས་ཕར་ལས་ཚུར་བདའ་སྟེ་ ནཱ་འོང་། ཏེ་རྩྭ་ཟ་ས་ལོ་ ཆུ་འཐུང་ས་ལོ་ཟེར་ ལམ་འགྱོ་ཐངས་དང་ འ་ནཱི་ཚུ་གི་སྐོར་ལས་ ཏེ་ནཱ་ ཏེ་མི་རོགས་ མཁས་དྲགས་ནཱི་ཚུ་གིས་ ཏེ་ཁ་བཤད་བསྒྱུར་ཏེ་ ཏེ་ནཱི་ལས་ གཡག་ནཱི་ལུ་ བཤད་པ་རྐྱབ་རྐྱབ་མས་ལགས།
  • རྒྱལ་པོ Gyelpo
    ཏེ་གཡག་འདི་ ཨ་ནཱི་སྦེ་ ལྷ་དར་དགའཝ་ཟེར་ ཏེ་མ་པ་གཡག་འདི་ཡང་རོགས་ ཡོངས་གྲགས་ཅན་ཅིག་ར་ཨིན་དོཝ་མས་ལགས། གཡག་འདི་ ཨ་ནཱི་ནོར་འདི་ཆ་ཁྱབ་འདི་ གུ་རུབ་(སྡེ་ཚན་)འདི་འགྱོཝ་ད་ གཡག་འདི་ ཨ་ནཱི་ ང་བཅས་ རྟ་བདའ་མ༌སོངམ༌འདྲཝ་ཅིག་འབད་བ་ཅིན་ [ཤོ་གྲལ་?]འབད་ར་ འགྱོ་དོཝ༌མས༌བ༌ལགས།
  • རྒྱལ་པོ Gyelpo
    ཁོ་ ཧེ་མ་དང་པ་ལམ་འདི་འཚོལ་ཏེ་ ཁོ་གིས་ར་འགྱོ་དགོ་དོཝ་མས་ལགས། འ་ནཱི་འབད་ནི་འདི་གིས་ ཏེ་ལྷ་དར་དགའཝ་གི་ མིང་གཏམ་ཐོན་དགོ་མི་ཁུངས་འདི་ འ་ནཱི་ཨིན་མས་ལགས།། །།