Skip to main content Skip to search
20 Jun 2018
5 min 20 sec
Ariana Maki
Video Overview
Creators: 
Penchela

Penjor, a villager from Bartsa Village in Karna, Dagana, gives an oral account of Bartsa village, which he heard from his grandparents. The establishment of the village was linked to shifting cultivation practices. Yearly, people used to move from there to land in Pasakha, to cultivate crops. People settled in Bartsa, but began to cultivate crops in Tashigang, where they would then spend part of the year. There was a demon resided in a canyon nearby Bartsa, causing destruction to people and animals. Villagers planned to subdue the demon with the help of a saint, and a local painter named Tshewang Dorji. They were successful, and brought peace to their village, Bartsa.

དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ བར་ཚྭ་གཡུས་ཚན་ལས་ དཔལ་འབྱོར་གྱིས་ ཁོ་རའི་ ཕམ་རྒས་ཤོས་ཚུ་ལས་ ཁ་རྒྱུན་སྦེ་གོ་མི་ བར་ཚྭ་གཡུས་ཀྱི་སྐོར་ལས་ ལོ་རྒྱུས་བཤདཔ་ཨིན་པས། བར་ཚྭ་གཡུས་ཚན་འདི་ པ་སངས་ཁ་གཡུས་ཚན་ལས་ མི་ཚུ་གིས་ ས་ནམ་ཞིང་ལཱ་འབད་ནིའི་དོན་ལུ་ སྤོ་ཤུགས་འབད་བའི་ཤུལ་ལུ་ ཆགས་ཡོདཔ་སྦེ་ཨིནམ་ད་ པ་སངས་གཡུས་ཚན་ནང་ ཞིང་ལཱ་འབད་ནི་ ལེགས་ཤོམ་མེདཔ་ལས་བརྟེན་ ལོ་ལྟར་བཞིན་དུ་ མི་ཚུ་གིས་ གོ་ལེ་གོ་ལེ་སྦེ་ ས་གནས་གཅིག་ལས་གཅིག་ལུ་ སྤོ་ཤུགས་འབད་ཡོདཔ་ཨིན་པས། དེ་ལས་ མི་ཚུ་གིས་ བར་ཚྭ་ལུ་ གནས་བཅགས་སྡོད་ཡོད་རུང་ ལཱ་འབད་སའི་ས་ཞིང་འདི་ བཀྲིས་སྒང་ཟེར་ས་ལུ་ཨིནམ་ད་ མི་ཚུ་གིས་ ས་ཞིང་གི་ལཱ་འབད་བ་ མར་བཀྲིས་སྒང་སོང་ཞིནམ་ལས་ ལོག་གཡུས་ཁར་ལོག་འོངམ་ཨིན་པས། བར་ཚྭ་གཡུས་ཚན་གྱི་ཟུར་ཁ་ ལུང་རོང་སྦོམ་ཅིག་ཡོདཔ་ད་ འདི་ནང་བདུད་ཆགས་ཏེ་ཡོདཔ་སྦེ་ ཡིད་ཆེས་བསྐྱེདཔ་ཨིནམ་ད་ བདུད་འདི་གིས་ མི་དང་སེམས་ཅན་ལུ་ གནོད་པ་ཆེ་དྲགས་ཡོདཔ་ལས་ གཡུས་མི་ཚུ་གིས་ བདུད་འདི་བཏུལ་ནི་གི་མནོ་བསམ་བཏང་ནུག། མི་ཚུ་གིས་ བར་ཚྭ་གཡུས་ཚན་ལས་ ལྷ་བྲིསཔ་ཚེ་དབང་རྡོ་རྗེ་བརྒྱུད་དེ་ བླམ་ཅིག་ལུ་གསོལཝ་བཏབ་སྟེ་ བདུད་དེ་བཏུལ་ཞིནམ་ལས་ གཡུས་ཁ་ལུ་ ཞི་བདེ་བྱུང་ཡོདཔ་ཨིན་པས། 

Transcript search
No results found for this search
0 of 0
  • དཔལ་འབྱོར་
    ཏེ་ད་ དང་ཕུ་ཕམ་ཚུ་གིས་སླབ་དོ་བཟུམ་འབད་ཅིན་ ཏེ་ང་བཅས་ར་གི་གཡུས་འདི་ ནཱ་ད་རེས་ཆགས་ཐངས་འདི་ ནཱ་བ་ཚཱ་ལུ་འབད་ཆགས་ཆི་ལགས། ཏེ་དང་ཕུ་ཏེ་མར་པ་ས་ཁ་ལས་འབད་འགོ་བཙུགས་ཏེ་འབད་ ཏེ་མ་ལས་འབད་ཞིང་སྤོ་ཡི་སྤོ་ཡི་འབད་ འ་ནཱི་འབད་ལོ་རེ་ནང་ལུ་ རྩེ་རི་ཚར་རེ་བརྫམ།
  • དཔལ་འབྱོར་
    ཏེ་འ་ནཱི་འབད་ དུས་ཅི་འདི་ནང་བརྫམ་ སང་ཕོད་ལྟག་ལུ་འ་ནཱི་འབད་ བཤུད་ཅི་བཤུད་ཅི་འོང་བརྫམ་སྟེ་འབད་ ཏེ་མར་ལས་ནཱ་ ད་རེས་ནཱ་ས་གནས་བ་ཚཱ་ལུ་ལྷོད་འདུག་ལགས། བ་ཚཱ་ལྷོད་པའི་བསྒང་ལས་ དེ་ལས་ཏེ་ནཱ་ལས་ཡར་ ཏེ་ཁ་ལ་ཁ་འབད་ ཏེ་ད་ཡར་ལྟ་ཐོག་མི་ཚོ་བས་ཟེར་འབད་ནི་དེ་གིས་ དེ་ལས་ཏེ་གཡུས་འདི་ནཱ་ཆགས་ཆགསཔ་ཨིན་མས་ ཟེར་ཞུ་ནི་ལགས།
  • དཔལ་འབྱོར་
    ཏེ་གཡུས་འདི་ ནཱ་ཆགས་སྦེ་འབད་འབདཝ་ད་ ཏེ་ཞིང་འདི་མར་བཀྲིས་སྒང་སླབ་ས་གི་ཞིང་དེ་ནང་ ཆུ་ཞིང་འདི་ཧེ་མ་ མར་རྐྱབ་རྐྱབ་འབད་ཏེ་མ་ལས་འབད་ དེ་ལས་ཏེ་ནཱ་བ་ཚཱ་ལུ་ གཡུས་འདི་ནཱ་བཅགས་ གཞིས་འདི་མར་འབད།
  • དཔལ་འབྱོར་
    ཏེ་དང་ཕུ་མར་འབདཝ་ད་ལུ་ འཛོམས་ཐང་ཁ་རང་ཟེར་ དང་ཕུ་རྫོང་གཞི་ཅིག་ཡང་བཞེངས་ཏེ་འདུག་ལགས། ཏེ་ད་ལྟོ་བར་ཡང་གྱང་ཁོག་འ་ནཱི་འབད་རང་ཡོད་ རྩིགཔ་དང་གྱང་ཁོག་དང་ དེ་ལས་ཏེ་ལཱ་འདི་མར་འབད་ དེ་ལས་སྡོད་ས་འདི་ས་གནས་འདི་ནཱ་འབད་ དེ་ལས་ན་ལས་མར་ཡར་དང་མར་རྐྱབ་འབདཝ་ད་ མར་འོག་ན་ལུངམ་སླབ་ས་གི་ལུངམ་དེ་ནང་ལུ་ལྷོདཔ་ད་ལུ།
  • དཔལ་འབྱོར་
    ཏེ་རི་འཚུབས་སྐྲག་འབད་ དེམ་འབད་ནི་དེ་གིས་ དེ་ལས་ཕོ་དང་མོ་ ཨམ་སྲུ་ཨ་ནཱི་འབད་ ཨམ་སྲུ་གཉིས་གཉིས་གསུམ་གསུམ་འབད་འགྱོ་ནི་མིན་འདུག་ལགས། ཏེ་འགྱོཝ་སྦེ་འབདཝ་ད་ ཨ་མི་ནང་གི་བདུདམོ་གཉིས་ཆ་གིས་ དེ་ལས་ཏེ་མི་འདི་ འ་ནཱི་འབད་འཐུ་ཡི་ར་ཟ་ ཏེ་འ་ནཱི་སྦེ་འབད་ནི་དེ་གིས་ དེ་ལས་ཏེ་བླམ་ཅིག་འདུག་ལགས་དང་ཕུ།
  • དཔལ་འབྱོར་
    ཏེ་ད་བླ་མའི་གི་མཚན་འདི་ང་གིས་ཞུ་མི་ཤེས་པས་ལགས། ཏེ་ཕམ་ཚུ་གིས་སླབ་དོ་བཟུམ་འབད་བ་ཅིན་ བསླབ་བྱ་བྱིན་དོ་བཟུམ་འབད་བ་ཅིན་ཏེ་བླམ་དེ་གིས་འབད་ ད་བདུདམོ་ཚུ་དམ་བཏགས་དགོ་པས་ ད་གནས་སྐབས་ག་དེ་འབད་དྲག་ག་ཟེར་འབདཝ་ད་ དེ་ལས་ ལྷ་བྲིསཔ་ཚེ་དབང་རྡོ་རྗེ་སླབ་མི་ཅིག་ཡོདཔ་མས་ལགས།
  • དཔལ་འབྱོར་
    དེ་ལས་ཨ་ནཱི་ལྷ་བྲིསཔ་དེ་ལུ་ བསྟུན་གྲོས་འབད་བླམ་དེ་གིས་ ད་མི་འདི་ང་བཅས་མི་འདི་རབ་ཆད་ར་ཆད་མས་ ཨ་མི་ནི་གི་བདུད་ ལུང་མའི་ནང་གི་བདུད་དེ་གིས་ ད་གནས་སྐབས་ཅིག་བཏོན་དགོ་པས་ ད་ཨ་མི་ལུངམ་ བྲག་སྦོམ་དེ་ནང་ལུ་ ཏེ་བྱག་ཕུག་ཡང་བྱག་དེ་ཡང་ཨོ་ཏོག་ཏོ་ཅིག་འདུག་ ད་འ་ནཱ་ལུ་ ཁོང་སྡོད་ས་འདི་འོག་ལུ་འབད་ བྲག་འདི་ལྟག་ལུ་འབད་འབདཝ་ད་ལུ་ ཏེ་དེ་ནང་ལུ་ལུང་བསྟན་ཅིག་ཡང་ཡོདཔ་མས།
  • དཔལ་འབྱོར་
    ད་ཁོང་བདུད་ཚུ་དམ་བཏག་དགོ་པས་ ད་ཁྱོད་ཀྱིས་སྤྱན་རས་གཟིགས་ཅིག་བཞེངས་བཀའ་དྲིན་བསྐྱང་དགོ་པས་ཟེར་འབདཝ་ད་ དེ་ལས་ལྷ་བྲིསཔ་དེ་གིས་ཡང་ཁ་བཟེད་ ཨ་དེ་སྦེ་འབད་བ་ཅིན་ བཏུད་པས་ཟེར་ ཏེ་འ་ནཱི་འབད་ཁ་བཟེད་སྦེ་ དེ་ལས་ཏེ་བླམ་དེ་དང་ དེ་ལས་ཨ་ནཱི་ལྷ་བྲིསཔ་ཚེ་དབང་རྡོ་རྗེ་ཟེར་མི་འདི་ དེ་ལས་ཏེ་འགྱོ་འགྱོཝ་མས་ལགས།
  • དཔལ་འབྱོར་
    ཏེ་འགྱོཝ་སྦེ་འབདཝ་ད་ལུ་ ཏེ་མར་ལམ་ཁ་གི་འ་ནཱི་ལམ་གི་རྡོ་སྦོམ་དེ་གུ་ ཏེ་སྤ་་་་ བདུདམོ་ཚུ་ཉིམ་བསྲོ་ཤིག་བལྟ་འ་ནཱི་འབད་སྡོད་ནུག་ཟེརཝ་མས་ལོ། དེ་ལས་ཁོང་གཉིས་ཡར་ཚལ་མ་ནང་ཙང་བཏང་ བླམ་དེ་དང་ལྷ་བྲིསཔ་གཉིས་ ཡར་ལས་ཕར་འབད་འགྱོ་སྦེ།
  • དཔལ་འབྱོར་
    ཕར་ལས་འ་ནཱི་རྡོ་དེ་གུ་ཡར་ལས་ སྤྱན་རས་གཟིགས་ཀྱི་ཞལ་ ཁོད་སྟོད་ཡར་ལྟབ་བཅདཔ་འདི་བཞེངས་ཚརཝ་ཅིག་ ཏེ་ཡར་ལས་ཁོང་གཉིས་བློ་ཅིག་གསལཝ་ཅིག་ དེ་ལས་ཏེ་མར་ལྟ་ ཁོང་མར་ལས་ཡར་ལྟཝ་ཨིན་ཟེར་ཅིག་ ཁོང་བདུདམོ་གཉིསཔོ་དེ་ མར་ལས་མར་ རྡོ་གུ་ལས་མར་བཏའ་ལྷོད་སྦོག་ (གང་རྐྱལ་སྦེ་) དེ་ལས་ཏེ་གཉིས་ཆ་ར་ ཏེ་དམ་འ་ནཱི་འབད་བཏགས་བཏགསཔ་ཨིན་ཟེར་ དེ་ལས་བླ་མ་གིས་བཀའ་དང་དམ་བཏགས་ འ་ནཱི་འབད་བཏགས་བཏགསཔ་ཨིན་ཟེར་ ཏེ་དང་ཕུ་ཕམ་ཚུ་གིས་འ་ནཱིམ་ཅིག་བཤད་ནི་འདུག་ལགས།། །།