Skip to main content Skip to search
16 Feb 2017
6 min 6 sec
Video Overview
Creators: 
Sonam Tobgye, Sangay Tshomo

མོང་སྒར་རྫོང་ཁག་ ལྕགས་ས་མཁར་ ཡེ་སྟོང་བྱར་ཤིང་སྦོག་ཏོར་ལས་ བཀྲིས་རྡོ་རྗེ་གིས་ ཁོ་རའི་བཟའ་ཚན་གྱི་ རྩིས་པ་ཕ་ཇོའི་སྐོར་ལས་ བཤད་པ་རྐྱབ་ཨིན་པས། ཁོ་གིས་འབད་བ་ཅིན་ རྩིསཔ་ཇ་པོ་འདི་ བོད་ཀྱི་ལྷ་སྲས་གཙང་མ་ལས་སྦེ་ དར་ཁྱབ་བྱུང་སྟེ་ རྒྱུད་པ་འདི་ཚུ་གིས་ རྫེས་སུ་འཇུགཔ་ཨིན་པས། ཤུལ་ལས་ རྒཔོ་ཚེ་དབང་རིག་འཛིན་དང་ ཚོགས་སློབ་ཕུན་ཚོགས་ལུ་ རྩིསཔ་བཀྲིས་རྡོ་རྗེ་གིས་ གསོལཝ་བཏབ་སྟེ་ ཕ་ཇོ་འདི་ མ་འབདཝ་ད་དཀའ་ངལ་བྱུང་མི་ཚུ་ སླབ་སྟེ་ ཕ་ཇོ་གསོལ་ནི་འདི་ ཁོ་གི་མི་རྒྱུད་ལས་ མི་སེར་ཚུ་གིས་ རྩིས་ལེན་དགོཔ་སྦེ་ སླབ་ད་ མི་སེར་ཚུ་གིས་ཡང་ ཁས་ལེན་སྟེ་ རྩིས་ལེན་ཞིནམ་ལས་ ག་ར་རྩིས་པ་དང་ ཕ་ཇོ་ཨིན་ཟེར་མས།