Skip to main content Skip to search
21 Jun 2018
2 min 8 sec
Ariana Maki
Video Overview
Creators: 
Sonam Chophel, Duptho

Samten Wangmo from Shingkhar-Tongla in Jamkhar Gewog, Trashiyangtse Dzongkhag narrates an account of doma (the areca nut). Chewing doma is popular throughout Bhutan. It is believed that the areca nut was included as an auspicious substance in the Zhugdrel ceremony of Zhabdrung Ngawang Namgyal (1594-1651), the religious figure who unified Bhutan. Eating doma is an important aspect of everyday cultural practices in Bhutan.

 

བཀྲ་ཤིས་གཡང་རྩིས་ ཤིང་ཁར་གཏོང་ལ་ལས་ཨིན་མི་བསམ་གཏན་དབང་མོ་གིས་ རྡོག་མའི་ལོ་རྒྱུས་ཚུ་ བཤད་འདི་ཡོདཔ་ཨིན་མས། ད་རེས་ནང་པ་ རྡོག་མ་པ་ནི་བཟའ་ནི་འདི་ ང་བཅས་རའི་ རྒྱལ་ཁབ་ནང་ དར་ཁྱབ་སོང་འདི་ཡོདཔ་ཨིན་མས། འདི་ཡང་ལམ་སྲོལ་བཟུམ་འབད་ར་ འགྱོ་འདི་ ཡོདཔ་ཨིན་མས།  རྡོག་མ་པ་ནི་འདི་ ཞབས་དྲུང་ངག་དབང་རྣམས་རྒྱལ་གྱི་སྐབས་ལུ་ ཞུ་འབྲལ་ཕུན་སུམ་ཚོགས་པ་ནང་ལུ་  ཡང་ཚུད་འདི་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • པདྨ་མཚོ་མོ་ Pema Tshomo
    ཏེ་ རྡོག་མ་དང་པ་ཎེ་སྐོར་ལས་ཨིན་ལགས། དང་ཕུ་ཨམ་མོ་རེངསམོ་ཅིག་སྡོད་ཅི་ལོ་ལགས། ཏེ་རོགས་ཡར་བླམ་གི་ཕྱག་དབང་ལུ་འགྱོ་ནི་ཟེར་ བླམ་ཞབས་དྲུང་གི་ཕྱག་དབང་ལུ་འགྱོ་ནི་འབད་འབདཝ་ད་ལུ།
  • པདྨ་མཚོ་མོ་ Pema Tshomo
    ཕྱག་མཇལ་ག་ཅི་ཡང་མིན་འདུག་ལོ་ལགས། གཞན་མི་ཚུ་ མར་དར་ཚི་བཅིངས་འབག་སྦེ་འགྱོཝ་ད་ མོ་ག་ནི་ཡང་མིན་འདུག་ལོ་ལགས། ཏེ་མེདཔ་ལས་བརྟེན་བྱ་ཐབས་མེད་པར་ མོ་མཇུག་ལས་འབད་ཨ་ཝ་ཅིག་བསྡམས་འབག་འགྱོ་ཡི་ལོ་ལགས།
  • པདྨ་མཚོ་མོ་ Pema Tshomo
    འགྱོ་སྦེ་ བླ་མའི་ཕྱག་དབང་ལུ་འགྱོ་ཡི་ལོ་ལགས། ཕྱག་དབང་ལུ་འགྱོཝ་ད་ལུ་ ཏེ་མོ་མ་པ་ལས་རང་ བླམ་གིས་ཐུགས་སྨོན་གནང་གནངམ་མས་ལགས། གཞན་མི་ཚུ་ རོགས་རྒྱུ་ཡོད་ནི་དེ་གིས་ རྒྱུ་གནམ་མེད་ས་མེད་བཅའ་སྒྲིག་རྐྱབ་སྦེ་འགྱོ་ཡི་ལོ་ལགས། འགྱོ་སྦེ་ ཏེ་མོ་གི་འདི་ཨ་ཝ་འབག་འགྱོ་སྦེ་ དེ་ལས་བླམ་གི་ཕྱག་དབང་བཅར་ཡི་ལོ་ལགས།
  • པདྨ་མཚོ་མོ་ Pema Tshomo
    ཏེ་བཅརཝ་ད་ལུ་ ཏེ་ད་ལྟོ་པཱན་དང་རྡོག་མ་ཟཝ་ད་ལུ་ རྡོག་མ་ལས་ཨ་ཝ་གི་དྲིམ་མནམ་འོང་ཟེར་ ཨིན་མས་ལོ་ལགས། མོ་གི་ཕྱག་མཇལ་ཨ་བ་འབག་ནི་དེ་གིས་ལགས། པཱན་དང་རྡོག་མ་ ག་ར་གིས་ར་བཟའ་འོང་ཟེར་ ཐུགས་སྨོན་དེ་སྦེ་གནང་ཡི་ལོ་ལགས་གུ་རུ་གིས(བླམ་ཞབས་དྲུང་གིས)།
  • པདྨ་མཚོ་མོ་ Pema Tshomo
    ཏེ་ཁྱོད་ཀྱི་འདི་ ག་ཅི་ཡང་བཟའ་འོང་སྨེ་ཁྱོད་ཀྱི་ མ་པ་ལས་རང་བྱ་ཐབས་མེད་པའི་ལཱ་ཟེར་ མ་པ་ལས་རང་མེད་པ་ལས་བརྟེན་ཨ་ཝ་འབག་འོང་འོངམ་ཨིན་ཟེར་ བླམ་གིས་དེ་སྦེ་གཟིགས་ཏེ་ དེ་ལས་ད་ལྟོ་ཆེ་འབྲིང་ཆུང་གསུམ་ག་ར་གིས་རང་རྡོག་མ་ཟཝ་ད་ལུ་ རྡོག་མ་ལས་ཨ་ཝ་གི་དྲིམ་མནམ་འོང་ལོ་ པཱན་དང་རྡོག་མ་ཟཝ་ད་ལུ།
  • པདྨ་མཚོ་མོ་ Pema Tshomo
    འ་ནཱི་ཨ་བ་དྲིམ་མནམ་མི་གནད་དོན་འདི་ བླམ་གིས་ མ་པ་ལས་རང་མེད་པའི་ནང་ལས་ འབག་འོང་འོངམ་ཨིན་མོ་གི་ ཐུགས་སྨོན་དེ་སྦེ་གནང་སྟེ་ ཆེ་འབྲིང་ཆུང་གསུམ་ག་ར་གིས་ར་བཟའ་འོང་ཟེར་ དེ་སྦེ་ཨིན་པས་ལགས། འ་ནཱིམ་ཅིག་ཨིན་ལགས།། །།