Skip to main content Skip to search
06 Jun 2018
18 min 45 sec
Rinchen Dorji
Video Overview
Creators: 
penchela

According to Ap Dorji, the annual archery match, or Lodha, brings villagers home no matter where they currently live and work. Civil servants, armed forces and even monks return for the three day celebration, yet it is mostly viewed as entertainment. Young people are not learning the zhey and offering songs, though Ap Dorji is trying to encourage its conservation. The day begins with an alcohol offering followed by hot porridge and tea. The zhey is performed on the last day at the end of the match, before scarves are offered to the two individuals who will serve as the organizers for the next year's Lodha.

༉  དར་དཀར་ན་ལུ་ ལོ་མདའི་ལམ་སྲོལ་འདི་ རྒྱུན་མ་ཉམས་པར་ ལོ་ངོ་ལེ་ཤ་ཅིག་གི་རིང་ འགོ་འདྲེན་འཐབ་པའི་ཤུལ་ལུ་ དུས་ཚོད་ཀྱི་འགྱུར་བ་དང་འཁྲིལ་ཏེ་ ཨ་ཙི་རེ་མར་ཉམས་སུ་ཅིག་འགྱོ་དོ་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ན་གཞོན་ཚུ་གིས་ ལོ་མདའ་རྐྱབ་ནི་འདི་ སྤྲོ་བ་བསྐྱེད་ས་མཐོངམ་མས། ཏེ་ལོ་མདའི་སྐབས་ གཡུས་ཁའི་མི་ ས་གནས་ཁག་སོ་སོར་ལས་ཕར་ གཞུང་གཡོག་རྐྱབ་སྡོད་མི་དང་ ཚོང་ལཱ་འཐབ་མི་ དེ་ལས་དམག་སྡེའི་ནང་ ཕྱག་ཞུ་སྡོད་མི་ཆ་མཉམ་ར་ ལོ་མདའ་ཉིནམ་གསུམ་གྱི་སྐབས་སུ་ གཡུས་ཁ་སྤུངས་འཛོམས་འབདཝ་ཨིན་མས། སྤྱིར་བཏང་ལོ་མདའ་འདི་ ན་གཞོན་ཚུ་གིས་ སྤྲོ་སྟོན་གྱི་ལས་རིམ་བཟུམ་ཅིག་སྦེ་ བརྩི་འཇོག་འབདཝ་མ་གཏོགས་ ལོ་མདའི་སྐབས་སུ་རྐྱབ་སྲོལ་ཡོད་མི་གཞས་འདི་ ལྷག་ནི་ལུ་ སྤྲོ་བ་ཅིག་མ་བསྐྱེདཔ་ལས་ ཨཔ་རྡོ་རྗེ་གིས་ ལོ་མདའི་གཞས་དང་ གླུ་གཞས་ཚུ་གི་ཡིག་ཐོག་ལུ་ཕབ་བཞག་ནི་གི་མནོ་བསམ་བཏངམ་ཨིན་མས། ལོ་མདའ་འདི་ གཡུས་ལྷ་གཞི་བདག་ཚུ་ལུ་ མར་ཆང་གི་ཕུད་དྲངས་ཞིནམ་ལས་ འགོ་བཙུགས་དོ་ཡོདཔ་ད་ ཉིནམ་འདི་ དྲོ་པ་ཐུགཔ་ལས་འགོ་བཙུགས་ ཇ་དང་ཆང་ དེ་ལས་བཞེས་སྒོ་ཚུ་ གནམ་མེད་ས་མེད་མཆོག་སྒྲིག་བཀལ་ཏེ་ བརྩི་སྲུང་འབདཝ་ཨིནམ་མ་ཚད་ ཉིནམ་མཇུག་ལུ་ ལོག་ཤུལ་མམ་གྱི་འགོ་འདྲེན་པ་རྩ་བོ་གཉིས་ལུ་ ལེགས་དར་བཏགས་ཐོག་ལས་མཇུག་བསྡུཝ་མས།

Transcript search
No results found for this search
0 of 0
  • ཨཔ་རྡོེ། /Ap Dorji:
    ད་ ང་ར་གི་མིང་འདི་ རྡོ་རྗེ་སླབ་ཨིན་ལགས། ཏེ་རྫོང་ཁག་འདི་དར་དཀར་ན་ རྒེད་འོག་ལ་རྒྱབ་ གཡུས་འདི་བ་ལུང་ཨིན་ལགས། ད་ལོ་མདའ་ཟེར་མི་འདི་ མ་པ་དང་ཕུ་ལས་ར་ ཏེ་ང་བཅས་ར་གི་རོགས་ ཕམ་རྒསཔ་ཚུ་གིས་སྟོན་བཞག་བཞགཔ་ཨིན་མས་ལགས། ཏེ་ང་བཅས་ཀྱི་རྐྱངམ་ཅིག་མེན་ལགས།
  • ཨཔ་རྡོེ།/Ap Dorji:
    དང་ཕུ་ལས་ར་རོགས་ ཏེ་ང་བཅས་ཀྱི་ཕམ་ཚུ་གི་ ཕམ་ཚུ་གི་ངོ་བསྒང་ལས་ར་ ལོ་མདའ་ཟེར་ཏེ་སྦེ་ ང་བཅས་ར་ལོ་གཅིག་གི་ལོ་མདའ་འདི་ ཏེ་ད་ལོ་མདའ་རྐྱབ་དགོ་མི་གི་ མ་པ་ངོ་མ་དེ་ར་ ཏེ་ང་བཅས་ཀྱི་ནཱ་གཡུས་ཕྱོགས་ནང་ལུ་གནས་བདག་གཞི་བདག་ང་བཅས་ཀྱི་ ཏེ་ལོ་ཕྱུགས་རྟག་ལེགས་ ཆར་ཆུ་དུས་ལུ་འབབ་ མི་ནད་ཕྱུགས་ནད་ རྒྱུན་ཆད་དགོཔ་བཟུམ་ཅིག་འབད་བ་ཅིན་ གནས་བདག་གཞི་བདག་དེ་ལུ་ར་གསོལ་བ་བཏབ་དགོཔ་ལས་བརྟེན་ཏེ་སྦེ་ ཏེ་ལོ་བསྟར་གྱི་ལོ་མདའ་རྐྱབ་དགོ་མི་འདི་ གནསཔོ་ལུ་གསོལཝ་བཏབ་ཨིན་ཟེར་ཞུ་ནི་ལགས།
  • ཨཔ་རྡོེ།/Ap Dorji:
    མ་པ་ཁག་ཆེ་ཤོས་དེ་ར་ ད་འ་ནཱི་ལོ་ཟླ་ཟེར་སླབ་དགོ་མི་དེ་ར་ གནསཔོ་ཚུ་ལུ་གསོལཝ་བཏབ་ལས་བརྟེན་ཏེ་སྦེ་ ལོ་མདའ་ཟེར་ཞུ་ ངོ་མ་འདི་འ་ནཱི་ཨིན་ལགས། ཏེ་ད་ང་བཅས་ར་གི་ཕོ་རྒྱ་གིས་མདའ་རྐྱབ་ ཏེ་ཨམ་སྲུ་ཚུ་གིས་ཞབས་ཁྲ་རྐྱབ་སྦེ་ ཉིམ་གསུམ་འདི་ ད་ང་བཅས་ཀྱིས་ལོ་མདའ་འདི་ བརྩི་སྲུང་འ་ནཱི་སྦེ་འབདཝ་ཨིན་ཟེར་ཞུ་ནི་ཨིན། ད་ཉིམ་དང་པ་འདི་ལུ་མ་པ་ལུགས་སྲོལ་འདི་ཉིམ་གསུམ་ཆ་ར་ཅོག་ར་འཐད་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་ཨིན་དེ་འབད་རུང་ང་བཅས་ར་ ཨ་ནཱི་གནསཔོ་ཞུ་ཐངས་དེ་ཚུ་ ཏེ་ཉིམ་དང་པ་གི་དེ་ནང་ཞུ་མི་དེ་དང་ ཏེ་མ་པ་ བར་ན་སྐོར་ཞུ་མི་འདི་ཅོག་ར་འཐད་ ཟེར་ཞུ་ནི་ལགས། ཉིམ་དང་པ་གི་འདི་ནང་ལུ་ ཏེ་ང་བཅས་རྟེན་འབྲེལ་གྱི་ ཏེ་ལེགས་པའི་ལེགས་བཤད་རྐྱབ་སྟེ་སྦེ་ ཏེ་འགྱོ་ནི་ཡོད་ ཏེ་ཕྱི་རུ་གི་ལོག་སྟེ་ང་བཅས་གཞས་སྒོརཝ་ད་ལུ་ ཏེ་དེ་ནང་ལུ་ རང་རང་ས་ལུ་ རོགས་འབའ་ཅོ་(འབའ་ཐང་)དང་པའི་དང་པ་གི་ཚིག་ འོག་མ་འོག་མ་གི་ཚིག་ སོ་སོ་སྦེ་ཡོད་ཟེར་ཞུ་ནི་ལགས། ཏེ་དེ་ལས་ཉིམ་མཇུག་འབད་བའི་ཚེ་ལུ་ ཏེ་བཀྲིས་ཕབ་འབད་སྦེ་ ཏེ་མཇུག་ཨ་ནཱི་གིས་བསྡུཝ་ཨིན་ཟེར་ཞུ་ནི་ཨིན།
  • ཨཔ་རྡོེ།/Ap Dorji:
    ད་འགྱུར་བཅོས་ཐད་དུ་ཞུ་བ་ཅིན་ འགྱུར་བཅོས་འདི་གནས་མེད་ས་མེད་ལེ་ཤ་ཡར་སོ་ཡི་ཟེར་ཞུ་ནི་ལགས། ཏེ་འགྱོ་དགོ་མི་འདི་ མ་པ་ སྔོན་ཕ་མ་གི་ ང་བཅས་ལམ་ལུགས་སྲོལ་འདི་ཚུ་ ང་བཅས་ཀྱིས་སྤང་བཞགཔ་རྩ་ལས་མེན་ཟེར་ཞུ་ནི། ཏེ་འདི་དང་ཕུག་ཕ་མ་གི་ལམ་ལུགས་སྲོལ་འདི་ཚུ་དེ་སྦེ་ར་ཡོད། ཨིན་པའི་ཁ་ལུ་ང་བཅས་ར་གི་ ད་རེས་ཀྱི་དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ སྔོན་མ་འབད་བ་ཅིན་ ང་བཅས་རྐང་པ་གི་ལྷམ་བཙུགས་ནི་མེད་ལགས་ ཨོམ་སོ་ཡང་བཙུགས་ནི་མེད། རྐང་པར་ལྷམ་བཙུགས་ཨོམ་སོ་བཙུགས་པ་ཅིན་ ཏེ་དེ་ལས་གནམ་མེད་ས་མེད་ཟྭོ་ཆག་སྤྱིསམ་ཨིན་ལགས། ཏེ་ལྷམ་ཡང་བཙུགས་ནི་མེད་ ཨོམ་སོ་ཡང་བཙུགས་ནི་མེད།
  • ཨཔ་རྡོེ།/Ap Dorji:
    ཏེ་ད་ལོག་སྟེ་ང་བཅས་ཀྱིས་ བར་ན་སྐོར་ལས་ སྔོན་མ་ང་བཅས་ཀྱི་རྒྱལ་ཁབ་ཡར་རྒྱས་མ་འགྱོ་ནི་དེ་གིས་ འབའ་ཅོ་ནང་ལས་ཕར་ མདའ་རྐྱབ་ས་ལས་ཕར་དར་འཕྱར་ནི་ལོ་ ཏེ་དེ་ལས་ང་བཅས་ར་ བཀག་རི་ཕོག་མི་ལུ་དར་བཏགས་ནི་ལོ་འདི་ཚུ་མེད་ལགས། མེད་མི་འདི་ག་ཅིམ་ཟེར་བ་ཅིན་ དེ་བསྒང་ ཏེ་རང་རང་ས་ག་ར་ མི་ཉམ་ཆུང་འབད་ནི་དེ་གིས་ ང་བཅས་ཀྱིས་ཉོ་སྟེ་སྦེ་ གནམ་མ་མཐོངམ་ལས་བརྟེན་ཏེ་སྦེ་ འདི་ཚུ་སྔོན་མ་མེད་ཟེར་ཞུ་ནི།
  • ཨཔ་རྡོེ།/Ap Dorji:
    ཏེ་འདི་ང་བཅས་བར་སྐབས་ཅིག་ལས་ ཏེ་ད་ང་བཅས་ར་དུས་ཀྱི་འགྱུར་བ་འཁྲིལ་ཏེ་ མི་ཚུ་ག་ར་མནོ་ནི་ བསམ་མནོ་ཨ་ཙི་ལེགས་ཤོམ་སྦེ་དྲན་པ་བཏགས་འབད་ནི་དེ་གིས་ ཏེ་ད་མདའ་རྐྱབ་ས་ལུ་ འབའ་ཅོ་(འབའ་ཐང་)འདི་ཚུ་ག་ར་དར་གྱིས་བསྐོར་ ཏེ་དེ་ལས་ལོག་སྟེ་ བཀག་རི་ཕོག་མི་ཚུ་ལུ་ འདི་དང་བསྟུས་བསྟུན་པའི་དར་བཏགས་ དེ་ལས་ལོག་སྟེ་ ད་རེས་ནངས་པར་ སྔོན་མ་ཨོམ་སོ་དང་ལྷམ་བཙུགས་ནི་མེད་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་ད་དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ རོགས་གསོ་བའི་ཧོངས་ལས་ ཏེ་ང་བཅས་རྐངམ་སྟོངམ་སྦེ་འགྱོ་མི་བཏུབ་ རྐངམ་སྟོངམ་སྦེ་འགྱོཝ་བཟུམ་ཅིག་འབད་བ་ཅིན་ འདི་ནང་ལུ་འབུཔ་འདྲཝ་མ་འདྲཝ་རང་གི་རྐངམ་ལུ་ནང་ལུ་འཛུལ་ཞིན་ན་ ནད་མ་འདྲཝ་འཐོན་ནི་ཡོད་ཟེར་ ཏེ་རོགས་གསོ་བའི་ཧོངས་ལས་ དེ་སྦེ་བཀའ་གནངམ་ལས་བརྟེན་ ང་བཅས་ལོག་སྟེ་ང་བཅས་ལྷམ་བཙུགས་ ཨོམ་སོ་བཙུགས་འབད་སྦེ་ ཏེ་ད་འདི་དེ་སྦེ་འཆམ་དོ་ཟེར་ཞུ་ནི་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་གཞན་གྱི་ཐད་དུ་ ཞྭམོ་བཙུགས་ནི་ལོ་ ཏེ་ལམ་ལུགས་སྲོལ་སོ་སོ་ ཏེ་མ་འདྲཝ་ དོར་རྐྱང་གྱོན་ནི་ལོ་ བགོ་ལག་རྒྱན་མ་བཀལ་བའི་ལོ་ ཨམ་སྲུ་གི་འོན་ཇུ་མ་བཙུགས་པའི་ལོ་འདི་ཚུ་རྩ་ལས་རང་མེད་ལགས། འདི་ཚུ་ཕ་མའི་ལུགས་སྲོལ་སྦེ་ར་ཡོད་ལགས། ཏེ་ཨམ་སྲུ་གིས་དཀྱི་ར་གྱོན་ འོན་ཇུ་སྐོད་བགོ་གྱོན་ ཕོ་རྒྱ་ཚུ་གིས་བགོ་ལག་རྒྱན་བཀལ་ ཏེ་ནི་ལས་བཀབ་ནི་བཀབ་ ཨམ་སྲུ་གིས་ར་ཅུ་བཀབ་འབད་སྦེ་ར་ དང་ཕུ་གི་ལུགས་སྲོལ་འདི་དེ་སྦེ་ར་ བསྒྲིགས་ཏེ་ར་ཡོད་ཟེར་ཞུ་ནི་ལགས།
  • ཨཔ་རྡོེ།/Ap Dorji:
    ད་ ཆོས་དང་འབྲེལ་བ་འདི་མ་པ་ ད་ད་ལྟོ་ཚུན་ཚོད་ང་བཅས་ཀྱིས་ ཆོས་དང་འབྲེལ་བ་ཡོད་ཟེར་སླབ་སྟེ་ཡང་ཞུ་མི་ཤེས་པས་ ཟེར་ཞུ་ནི་ལགས། ཡོད་ཟེར་སླབན་ ད་ལྟོ་ཆོསཔ་གིས་ག་ནི་ཡང་འབད་འབདཝ་མེད་ལགས། ད་ཆོསཔ་གིས་འདི་རྩ་ལས་རང་འབད་ནི་མེད་ ཟེར་ཞུ་ལགས་ གནསཔ་འདི་ཚུ། ཏེ་ད་ང་བཅས་ཀྱི་ ད་ལྟོ་རོགས་སྔོན་མ་འབད་ཅིན་ ཏེ་ང་བཅས་ར་ད་ གཞས་དཔོན་ཟེར་འབད་དེ་འདུག་ལགས། ཏེ་དཔའ་བོ་ཚུ་གིས་ ཨ་ནཱི་གནསཔོ་སླབ་མི་འདི་ ཏེ་དཔའ་བོ་གིས་འབད་མཆོད་དེ་འདུག་ལགས།
  • ཨཔ་རྡོེ།/Ap Dorji:
    དཔའ་བོ་གིས་འབད་བྱཱར་མཆོད་གསོལ་མཆོད་ཚུ་དེ་སྦེ་ ཏེ་སྔོན་མ་འབད་བ་ཅིན་ ཏེ་བྱཱར་ལུ་བྱ་གཅིག་ ཟླཝ་དངམ་གཉིསཔ་སྐོར་ཆ་ལུ་ ཟླཝ་གསུམ་པའི་ནང་ལུ་བྱ་གཅིག་བཏང་དགོ་པས་ལགས། དེ་ལས་ཟླཝ་བརྒྱད་པའི་ནང་ལུ་ ང་བཅས་བྱཱ་འདི་སེར་བཀྱག་བཏང་ཉ་གུགཔ་ཅིག་ལས་ བྱ་གཅིག་བཏང་དགོ་པས་ལགས། དེ་ལས་ད་རུང་ བྱ་དཀར་བྱ་ནག་ཟེར་བཏང་དགོ་པས་ལགས། བྱ་དཀརཔོ་ཅིག་དང་ ཏེ་ནགཔ་ཅིག་བཏང་དགོ་པས་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་བྱ་དཀར་ཟེར་མི་འདི་ ཡར་ལས་མར་ཨ་ནཱི་གཞི་བདག་གི་བྱ་ཨིན་ཟེར་ ཏེ་པགས་ཀོ་བཤུབ་འབད་སྦེ་དཔྱངསམ་མས་ལགས། དཔྱངས་ཏེ་སྦེ་འདུག་ སྔོན་མ་ལུག་སྲོལ་ཨ་ནཱི་སྦེ་འདུག་ ཏེ་ལོག་སྟེ་སྦེ་ འདི་ཚུ་ང་བཅས་ཀྱིས་འདི་ཚུ་ག་ར་སྤང་འབད་སྦེ་ ད་འདི་ཚུ་ ཆོས་དང་འབྲེལ་བ་མེད་པའི་ལཱ་ཅིག་ཨིན་མས་ འདི་རྩ་ལས་ར་མི་བཏུབ་པས་ཟེར་ ཏེ་ང་བཅས་ཀྱིས་ད་འདི་ བྱ་གསད་ནི་ཚུ་ག་ར་སྤངས་ ཏེ་ག་ར་བཀག་ཆ་འབད་བཞག་ དེ་ལས་ལོག་ ཏེ་ད་ང་གིས་ ཏེ་ང་ར་གཞསཔ་སྦེ་འབད་ཞིན་ན་ གནསཔོ་འདི་ཚུ་ལུ་ ད་ང་གིས་ཚོགས་འབད་ཕུལ་འབད་སྦེ་ ཏེ་ཨ་ནཱི་སྦེ་གསོལ་དོ་ཟེར་ཞུ་ནི་ལགས། ཏེ་མ་པ་ ཆོས་དང་འབྲེལ་བ་འདི་ ཁོ་གནམ་མེད་ས་མེད་ཟེར་ཞུ་ནི་ལགས། མར་གྱི་འདི་ཆོས་དང་འབྲེལ་བ་མེདཔ་སྦེ་ར་ཨིན།
  • ཨཔ་རྡོེ།/Ap Dorji:
    ཏེ་ནཱི་འབདཝ་ད་ འབའ་ཅོ་(འབའ་ཐང་)ལྟགམ་དང་འོགམ་ཟེར་ཡོད་བ་ལགས། མར་འོག་མ་འདི་ ཆོས་དང་འབྲེལ་བ་མེདཔ་ཅིག་ར་ཨིན་ལགས། མར་གྱི་འདི་གནསཔོ་ ང་བཅས་ན་གི་གནསཔོ་ངོ་མ་ར་ཨིན་ལགས་ ན་གཡུས་ཁ་གི་གཡུས་ལྷ་ཟེར་མི་འདི་ཨིན་ལགས། ཏེ་ཡར་འབའ་ཅོ་(འབའ་ཐང་)ལྟགམ་གི་འདི་འབད་བ་ཅིན་ ཏེ་འདི་ཆོས་དང་འབྲེལ་བ་ཡོད་ལགས། ཆོས་དང་འབྲེལ་བ་ཡོད་མི་འདི་ ཡར་བོད་ལས་ར་ཞུ་དགོ་ལགས། བོད་ལས་ར་ ཏེ་ཡར་ལས་མར་གངས་ཆེན་བོད་ཀྱི་ ཡར་བོད་ལས་ར་ཞུ་དགོ་ལགས།
  • ཨཔ་རྡོེ།/Ap Dorji:
    ཡར་ལས་མ་ར་ཞུ་ ཏེ་སྔོན་མ་ལས་ར་རོགས་ཞབས་དྲུང་གིས་བརྩམས་བཞག་བཞགཔ་མས་ལགས་ ཡར་བོད་ལས་ར་ཞུ་དགོ་ལགས། བོད་ལས་མར་འབད་ཞུ་ཞིན་ན་ རྟ་ལོག་དགོན་པ་ལས་མར་ཞུ་དགོ་ལགས་ ག་ར་ཞུ་སྦེ་ དེ་འདི་ཏེ་ཆོས་དང་འབྲེལ་བ་ཡོདཔ་ཅིག་ཨིན་ཟེར་ཞུ་ནི་ལགས། ཏེ་ཆོས་དང་འབྲེལ་བ་མེད་མི་འདི་ མར་འབའ་ཅོ་(འབའ་ཐང་)འོགམ་འདི་ཨིན་ལགས། ལྟགམ་འོགམ་ཟེར་ཡོད་བ་ལགས་ ཏེ་མར་གྱི་འདི་འབད་བ་ཅིན་ ཆོས་དང་འབྲེལ་བ་མ་པ་ར་མེད་ལགས། ཏེ་ཡར་གྱི་འདི་འབད་བ་ཅིན་ཆོས་དང་འབྲེལ་བ་ཡོད་ཟེར་ཞུ་ནི་ལགས།
  • ཨཔ་རྡོེ།/Ap Dorji:
    ད་ ད་ལྟོ་ཚུན་ཚོད་ང་བཅས་ཀྱིས་ཤེས་དྲན་ཏེ་འདི་ ཏེ་མ་པ་ལོ་མདའ་འདི་ང་བཅས་ན་ལུ་ ལོ་མདའ་འདི་མ་རྐྱབ་བཟུམ་ཅིག་འབད་བ་ཅིན་ ང་བཅས་གནོད་པ་ཡོད་ལགས། གནོད་པ་ཡོད་མི་འདི་ག་ཅིམ་ཟེརན་ ཏེ་ད་ང་བཅས་ར་གི་སྒོ་ཁར་ལུ་སེམས་ཅན་ ཨ་ནཱི་རི་ཁ་གི་སེམས་ཅན་སྟག་གཟིག་འཐོན་ཏེ་སྦེ་ སྒོ་ཁ་གི་ཕགཔ་དང་རོ་ཁྱི་ཚུ་ཡང་འཐུ་འབག་འགྱོ་ནི་ཡོད་ལགས། ཏེ་ནཱི་ལས་ང་བཅས་ར་གི་ ད་ལོ་ཐོག་འདི་ལུ་གནོད་པ་སྦོམ་སྐྱེལཝ་ཨིན་ལགས། ལོ་མདའ་འདི་མ་ཚུདཔ་བཟུམ་ཅིག་འབད་བ་ཅིན་ རྒྱ་རེད་འདི་ལྕངམ་ལྕུག་ལངམ་ཅིག་སེརཝ་རྐྱབ་འབད་སྦེ་ སེརཝ་གིས་དྭངས་སང་ས་མེདཔ་བཏང་ད་ རྒྱ་རེད་འདི།
  • ཨཔ་རྡོེ།/Ap Dorji:
    ཏེ་བྱཱ་ན་འཐན་ར་བསྡུ་རནམ་ད་ སེརཝ་རྐྱབ་འབད་སྦེ་ ཏེ་བྱཱ་ག་ར་ས་ཁར་བུད་ནི་ཡོད་ལགས། ཏེ་མུ་གེ་ལེ་ཤ་འཐོན་ནི་ཡོད་ལགས་ དེ་ལས་རི་དབག་གི་སེམས་ཅན་དེ་ཚུ་གིས་ གནམ་མེད་ས་མེད་གནོད་པ་སྐྱེལཝ་ཨིན་ལགས། ལོ་མདའ་འདི་མ་རྐྱབ་བཟུབ་ཅིག་འབད་བ་ཅིན། ཏེ་ལོ་མདའ་འདི་ལེགས་ཤོམ་སྦེ་གསོལ་ཁ་ཕུལ་འབད་བ་ཅིན་ ཏེ་ང་བཅས་ན་ལུ་ ལོ་ཕྱུགས་རྟག་ཏུ་ལེགས་ ཆར་ཆུ་དུས་སུ་འབབ་ ང་བཅས་མི་ནད་ཕྱུགས་ནད་ལོ་ གནམ་མེད་ས་མེད་མུ་གེ་རྩ་ལས་ར་མི་འོང་ལགས་ ཐོག་ལུ་འབད་རུང་མི་འོང་ལགས། ཏེ་ག་ཅི་རང་འབད་རུང་ལེགས་ཤོམ་སྦེ་འགྱོ་བཏུབ་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་ད་ ཏེ་ང་བཅས་ཀྱི་མི་གནགཔ་གོང་འཕེལ་ཟེར་སླབ་རུང་ ད་འ་ནཱི་འདི་ སྔོན་མ་ཕ་མ་སྟོན་མི་འདི་ང་བཅས་ཀྱིས་ ཏེ་མ་བརྗེད་པར་འབད་ ཏེ་དེ་བ་དྲགཔ་འབད་མ་ཚུགས་པའི་བསྒང་ལས་(དེ་བ་དྲགཔ་འབད་མ་ཚུགས་རུང་) འ་ནཱི་བཟུམ་ཅིག་འདི་ ང་བཅས་ཀྱིས་ ནམ་ཅིག་ར་འབད་རུང་འགྱུར་བ་མེད་པའི་ ཏེ་ད་ང་བཅས་ར་ཆ་ཁྱབ་འཛོམས་འབད་སྦེ་ ཏེ་ད་ལས་ཕར་ད་ འདི་འགྱུར་བ་མེད་པའི་གི་ ང་བཅས་དཔེ་ཆ་ཅིག་འབྲི་དགོ་པས་མནོ་སྟེ་ཡོད་ལགས།
  • ཨཔ་རྡོེ།/Ap Dorji:
    དཔེ་ཆ་ཅིག་བྲིས་འབད་སྦེ་ ད་ལས་ཕར་ལོག་སྟེ་ ང་བཅས་ཕམ་ཚུ་མེད་པའི་ཤུལ་ལུ་ ཁོང་བུ་ཚུ་དེ་ཚུ་གིས་ འ་ནཱི་དཔེ་ཆ་འདི་བལྟ་ཞིན་ན་སྦེ་ འགྱུར་བ་མེདཔ་ཅིག་འབད་ ང་བཅས་ཀྱི་གཡུས་ལྷ་དགྲ་ལྷ་འདི་ ང་བཅས་རྒྱལ་ཁབ་ཀྱི་ཨིན་ལགས་ དང་པ་ལུ་རྒྱལ་ཁབ་ལུ་ཨིན་ གཉིས་པ་ལུ་ང་བཅས་ཀྱི་གཡུས་ཕྱོགས་འདི་ནང་གི་ ཏེ་ད་ལོ་མཆོད་བཟུམ་ཅིག་ཨིན་ལགས་ ཕན་ཐོགས་སྦོམ་སྦེ་ཡོད། ཏེ་ད་ལོ་མདའ་གི་བཤད་པ་སྦེ་ཞུ་དགོ་པ་ཅིན་ སྔོན་མ་འབད་བ་ཅིན་ ཏེ་ད་ང་བཅས་ནོར་བསད་དེ་ཨིན་མས་ལགས། ནོར་རྡོག་གསུམ་གསུམ་རེ་གསད་དགོ་པས་ལགས།
  • ཨཔ་རྡོེ།/Ap Dorji:
    སྔོན་མ་སྔོན་མ་ང་བཅས་ཀྱིས་ཤེསཔ་ཅིག་ཁ་ལུ་ ནོར་རྡོག་གསུམ་གསུམ་རེ་གསདཔ་མས་ལགས། ནི་ལས་ལོག་སྟེ་སྦེ་ ང་ཡར་དམག་མི་ནང་ལས་ལོག་ལྷོདཔ་ད་ར་ ནོར་བསད་དེས་ལགས། ནོར་བསད་དེ་ར་གནསཔ་དེ་ དེ་སྦེ་ར་མཆོད་དེས་ལགས་ ནོར་རྡོག་གསུམ་གསུམ་བསད་དེ། ཏེ་ལོག་ང་ལྷོད་ཞིན་ན་ ད་དེ་སྦེ་མི་བཏུབ་པས་ཟེར་ ད་ནོར་འདི་ཨ་ཙི་ཙི་མ་པ་ར་མི་བཏུབ་པས་ཟེར་ ཏེ་ང་བཅས་ང་གིས་ཕགཔ་གུ་བཀལ་ཡི་ལགས། ཏེ་ཕགཔ་གུ་བཀལ་ ཕགཔ་གསུམ་གསུམ་གུ་བཀལ་ཡི།
  • ཨཔ་རྡོེ།/Ap Dorji:
    ཏེ་ནཱི་ལས་ལོག་སྟེ་ འགྲོས་ཀྱིས་འགྲོས་ཀྱིས་བཏང་སྟེ་ དེ་སྦེ་ཡང་མི་བཏུབ་པས་ཟེར་ ཡར་ལས་མར་རོགས་ མཁན་པོ་གིས་མ་བཏུབ་བཏུབ་སྦེ་ར་བཀའ་གནང་དེས་ ད་ང་བཅས་ཀྱི་རྒྱལ་ཁབ་འདི་ནང་ལུ་ ཆོས་ལྡན་གྱི་རྒྱལ་ཁབ་ཨིན་ ཆོས་ལྡན་གྱི་རྒྱལ་ཁབ་འདི་ནང་ལུ་ འ་ནཱི་སྦེ་དམར་བསད་འབད་བ་ཅིན་ ང་བཅས་ར་ འདི་ལུ་གནོད་པ་མ་གཏོགས་ཅིགཔོ་ ཕན་པ་རྩ་ལས་ར་མེད་ ཟེར་བཀའ་གནངམ་ལས་བརྟེན་ཏེ་སྦེ་ ཏེ་ང་བཅས་ཀྱི་ཤེས་མི་མཐོང་མི་ཚུ་གིས་ཧ་གོ་སྟེ་སྦེ་ མི་མ་ཤེས་མི་ཚུ་ལུ་གོ་བ་རེ་སྤྲོད་འབད་སྦེ་ ཏེ་ད་ལོག་སྟེ་སྦེ་ ཕགཔ་གུ་བཀལ་ཡི་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་ཕགཔ་དེ་ཡང་ལོག་སྟེ་སྦེ་ ཏེ་ལོ་གཅིག་ནང་ལུ་ཕགཔ་གཅིག་མར་ཕབ་ གཉིས་གུ་བཀལ་ ལོག་སྟེ་སྦེ་ད་རུང་ ལོ་གཅིག་ནང་ལུ་ ཏེ་གཉིས་མར་ཕབ་གཅིག་གུ་བཀལ་ ཏེ་ལོག་ན་ཧིང་གཞེས་ཧིང་འབད་བའི་བསྒང་ལས་ གཅིགཔོ་དེ་ཡང་བཏོག་བཏང་འབད་སྦེ་ ཏེ་ང་བཅས་ར་གུང་པ་རེ་ལས་ཏི་རུ་ལྔ་བརྒྱ་རེ་ལྔ་བརྒྱ་རེ་བསྡུ་འབད་སྦེ་ ཏེ་ཕར་ཉོ་ཚོང་རྐྱབ་འབད་སྦེ་ ཏེ་ང་བཅས་ར་ནཱ་ལས་འཐོན་ཁུངས་ཡོད་མི་ང་བཅས་ནཱ་ལས་བཏོན་ འཐོན་ཁུངས་མེད་མི་འདི་ ཏེ་མར་ཁྲོམ་ཁ་ལས་ཉོ་འབད་སྦེ་ ང་བཅས་ལོ་མདའ་འདི་ ཏེ་འ་ནཱི་སྦེ་གསོལ་དོ་ཟེར་ཞུ་ནི་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་སྔོན་མ་འབད་བ་ཅིན་ དམར་བསད་རྐྱབ་སྟེ་ར་ལོ་མདའ་མཆོདཔ་མས་ལགས་ གནསཔ་འདི། ཏེ་མ་པ་ གནསཔ་མཆོདཔ་ཨིན་ཟེར་སླབ་རུང་ གནསཔ་ལུ་ག་ནི་ཡང་དྲངས་ནི་མེད་ལགས་རོགས། འ་ནཱི་ག་ར་མི་ཟཝ་མས་ལགས་ ཏེ་ང་གིས་མཆོད་བལྟ་བའི་བསྒང་ལས། ཏེ་འ་ནཱི་འབད་ནི་དེ་གིས་ ང་བཅས་གནསཔ་ལུ་འདི་ རོགས་ག་དེ་སྦེ་ར་འབད་རུང་བཏུབ་པས།
  • ཨཔ་རྡོེ།/Ap Dorji:
    ཏེ་རོགས་ ཆང་ཕུད་ཅིག་ལས་ག་ནི་ཡང་དྲངས་ནི་མིན་འདུག ཏེ་འ་ནཱི་འགོ་བཙུགསཔ་ད་ཚོགས་ཅིག་དྲངས་ནི་ཡོད་ལགས་ ཚོགས་ཅིག་ཕུལ་ནི་ དེ་ཡང་ གནསཔ་ལུ་ཟེར་ ཕར་སོ་སོ་ག་ནི་ཡང་མེད་ལགས་ ཡར་དཀོན་མཆོག་ཟེར་ ཡར་དཀོན་མཆོག་ལུ་ཅིག་ཕུལ་ནི་ཡོད་ ཏེ་དེ་ལས་ལོག་ ང་བཅས་ར་ཕར་གནསཔ་ཟེར་ གནསཔ་ཨ་ཙི་སོ་སོ་ཅིག་བཅད་འབད་སྦེ་ འ་ནཱི་མ་གཏོགས་ཅིགཔ་གུ་ལུ་ མར་གྱི་སྐུ་མདུན་ལུ་མ་པ་ག་ནི་ཡང་ཕུལ་ནི་མེད་ལགས་ ཆང་ཕུད་ཅིག་ར་ཨིན།
  • ཨཔ་རྡོེ།/Ap Dorji:
    ཏེ་འ་ནཱི་འབདཝ་ལས་བརྟེན་ཏེ་ ང་བཅས་འ་ནཱི་བཏོག་བཏང་ད་རུང་ཁྱད་མིན་འདུག་ཟེར་ཏེ་སྦེ་ ཏེ་ང་བཅས་ཀྱི་དམར་མཆོད་འདི་ཚུ་ གསད་ནི་ཚུ་ག་ར་བཏོག་བཏང་འབད་སྦེ་ ཏེ་ད་ལྟོ་ང་བཅས་ར་ ཏེ་ཨ་ནཱི་ང་བཅས་ བྱ་རྒྱུད་གུ་བཀལ་ཏེ་སྦེ་ ལོ་མདའ་འདི་རྐྱབ་དོ་ལགས། ཏེ་ད་ཤི་ཤ་རེ་འཐོནམ་བཟུམ་ཅིག་འབད་བ་ཅིན་ ཏེ་ང་བཅས་ཤ་འདི་ཉོ་ ཤི་ཤ་འདི་ཉོ་འབད་སྦེ་ འ་ནཱི་སྦེ་བཏངམ་ཨིན་ལགས་ ཏེ་ཤི་ཤ་མ་འཐོནམ་བཟུམ་ཅིག་འབད་བ་ཅིན་ ཏེ་ང་བཅས་ད་ ཏེ་ཨེ་མ་ཧོནམ་དང་དར་ཚིལ་ དེ་ལས་ཀེ་བ་ ཏེ་དེ་ལས་ང་བཅས་སྒོང་རྡོག་རེ་ཉོ་འབད་སྦེ་ ལོ་མདའ་འདི་འ་ནཱི་སྦེ་ར་གསོལ་དོ་ཟེར་ཞུ་ནི་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་མ་པ་ ཏེ་མང་ཤོས་ཀྱིས་ར་སླབ་མས་ ཏེ་ད་སྤྲོ་བ་མིན་ནུག ཤ་མེད་ཞིན་ན་སྤྲོ་བ་མིན་ནུག་ཟེར་ ཏེ་ཨིན་ཏེ་ར་འབད་རུང་ང་བཅས་ ཤེས་མི་མཐོང་མི་ཧ་ལམ་ཅིག་གཅིག་ཁར་བསྡོམས་པའི་འཕྲལ་ལས་ ད་དེ་སྦེ་མི་བཏུབ་པས་ཟེར་ ཏེ་འ་ནཱི་སྦེ་ད་ ད་ད་ལས་ཕར་ལོག་མ་བཏུབ་བཟུམ་ཅིག་འབད་བ་ཅིན་ ང་བཅས་ཀྱིས་ད་ ཁྲོམ་ཁ་ལས་ཨིན་རུང་ཉོ་ འབད་ནི་མ་གཏོགས་ཅིགཔ་གུ་ ཏེ་ང་བཅས་གཡུས་སྒོ་ནང་ལུ་ ད་དམར་བསད་འབད་དེ་འདི་ གནསཔ་མཆོད་ནི་དེ་དང་ ཏེ་ད་ལོ་མཆོད་བཏང་ནི་དེ་ཚུ་ ཏེ་བཀག་རང་བཀག་ད་ཡི་ཟེར་ཞུ་ནི་ལགས།
  • ཨཔ་རྡོེ།/Ap Dorji:
    བཀག་ཆ་འབད་ར་འབད་ད་ཡི་ ད་ཏེ་ག་ར་གིས་འདི་གུ་གནས་ཡང་གནས་ད་ཡི་ལགས་ གཅིག་འདི་འ་ནཱི་ཨིན་ལགས། ཏེ་ད་ ད་ལས་ཕར་གྱི་ཐད་དུ་འདི་ ད་འདི་ང་བཅས་ཀྱིས་འགྱུར་བ་མེདཔ་སྦེ་ར་ ཏེ་ད་ང་བཅས་ར་དཔེ་ཆ་ཅིག་བརྩམས་ཏེ་སྦེ་ ད་འདི་དཔེ་ཆ་ཅིག་བྲིས་བཞག་སྦེ་ ལོག་སྟེ་ནམ་ཅིག་ར་འབད་རུང་ ཏེ་ཨ་ལོ་ཚུ་གིས་ཨ་ནཱི་དཔེ་ཆ་བལྟ་སྟེ་སྦེ་ གནསཔ་འདི་ཏེ་ལོ་བསྟར་བཞིན་དུ་མ་ཆད་པར་འབད་གསོལ་ནི་ཡོདཔ་ཅིག་ ཏེ་ང་བཅས་ཀྱིས་ཨ་ནཱི་བསྟུན་གྲོས་རྐྱབ་དོ་ཟེར་ཞུ་ནི་ལགས་ ད་ལྟོ་ཚུན་ཚོད་ཀྱི་ ད་ཀི་བལྟབ་དང་འདི་ཚུ་ང་བཅས་ཀྱིས་ག་ནི་ཡང་འབྲི་མ་ཚུགས་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་ག་ར་ང་བཅས་ར་ཁོང་ལས་བཏོན་བཏོནམ་ཨིན་ལགས། ཏེ་ད་ལས་ཕར་འབད་བ་ཅིན་ང་བཅས་ཀྱིས་ཀི་བལྟབ་བྲིས་འབད་སྦེ་ ཏེ་ང་བཅས་ཀྱི་བུ་ཚུ་ཚུ་ལུ་རྩིས་སྤྲོད་ནི་གི་ ཏེ་ཀི་བལྟབ་ཅིག་འབྲི་ནི་འབད་ ང་བཅས་ཨ་ནཱི་སྦེ་འབད་དོ་ཟེར་ཞུ་ནི་ལགས། ད་སྤྲོ་བ་འདི་ཡོད་ལགས་ སྤྲོ་བ་འདི་ང་བཅས་ནཱ་གི་ཨ་ལོ་ཚུ་ ཁ་ཙ་ཁ་ཉིནམ་ དམག་མི་ཨ་ལོ་ན་ཧིང་དམག་གསར་ནང་ཚུད་མི་ཚུ་ཡང་ངལ་གསོ་ཞུ་འབད་སྦེ་ ཏེ་ད་ང་བཅས་ལོ་མདའ་མཆོདཔ་ཨིན་ཟེར་ འོང་ནུག་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་ད་དགེ་སློང་ནང་སྡོད་མི་ཚུ་གིས་ཡང་ ཏེ་ཕར་དང་ཚུར་གཞུང་གཡོགཔ་རྐྱབ་མི་ཚུ་གིས་འབད་རུང་ སྤྲོ་བ་འདི་ཡོད་ལགས་ ཉིནམ་གསུམ་འདི་ ཨ་ལོ་ཚུ་ག་ར་ འདི་ནང་ག་ཐོབ་རྐྱབ་སྟེ་རྒྱུགས་འོངམ་ཨིན་ལགས། ད་ཚེས་གཅིག་ལུ་ཁོང་ ད་ལྷོད་ཚུགས་པ་ཅིན་གནམ་གང་ལུ་ལྷོད་ཁོང་གིས་ ཏེ་གནམ་གང་ལུ་ལྷོད་མ་ཚུགས་མི་ཚུ་གིས་ ཚེས་གཉིས་ལུ་འདི་ཨིན་ཅི་མིན་ཅི་ལྷོད་རང་ལྷོད་འོང་ལགས། ཏེ་ང་བཅས་ནཱ་ ཚེས་གཅིག་ལུ་ལོ་གསར་འབད་ ཏེ་ཚེས་གཉིས་ལུ་ མདའ་རྐྱབ་ས་གི་སྤང་འདི་ཚུ་སེལ་ ཏེ་དར་དེ་ཚུ་སྒོར་བཞག་པའི་འཕྲོ་ལས་ ཏེ་ཚེས་གསུམ་གྱི་དྲོ་པ་ ཏེ་ཧ་སག་འགོ་བཙུགས་དགོ་བ་ལགས།
  • ཨཔ་རྡོེ།/Ap Dorji:
    འ་ནཱི་འབད་ནི་དེ་གིས་ ཏེ་ཚེས་གཉིས་ལུ་ཁོང་གིས་ ག་ལས་འབད་རུང་བསྐོར་འཐོན་འོང་ལགས། ཏེ་ད་ཕར་ལས་ཚུར་ལས་ཚུ་ག་ར་འོང་དོ་ལགས་ འོང་དེས། ཏེ་འ་ནཱི་འབད་ནི་དེ་གིས་ ཏེ་སྤྲོ་བ་འདི་ ཡོད་ར་ཡོད་ལགས། ཏེ་ལོ་བསྟར་གྱི་ང་བཅས་ར་གི་ད་ ད་དར་དཀར་ན་འབད་བ་ཅིན་ ང་བཅས་ཚེས་བཅུ་བཟུམ་ཅིག་ རྫོང་ཁག་རྫོང་ཁང་འབད་རུང་ ཚེས་བཅུ་བཟུམ་ཅིག་དང་ ང་བཅས་ར་གཡུས་སྒོ་འདི་ནང་ལུ་ད་ ཨ་ནཱི་ལོ་མདའ་འདི་ ལོ་བསྟར་གྱི་ལོ་མདའ་འབད་ནི་དེ་གིས་ ཏེ་འདི་སྤྲོ་བ་ག་ར་ཡོད་ལགས།
  • ཨཔ་རྡོེ།/Ap Dorji:
    ད་ལོ་མདའ་གི་མ་པ་ ཉིནམ་དང་པ་འདི་ནང་ལུ་ང་བཅས་ ད་ཏེ་ཡར་འབའ་ཅོ་(འབའ་ཐང་)ལྟག་མ་ལས་གཞས་འདི་ ཕྱི་རུ་ཡར་ལས་སྒོརཝ་ཨིན་ལགས། ཏེ་དྲོ་བ་གི་འདི་ང་བཅས་ ད་ལེགས་བཤད་རྐྱབ་ནི་ཡོད་ལགས། ལེགས་བཤད་རྐྱབ་འབད་སྦེ་ ཏེ་ད་ཕྱི་རུ་གི་འདི་ལོག་སྟེ་ཏེ་གནསཔོ་ཞུ་ནི་ཚུ་ག་ར་ ཕྱི་རུ་ཞུཝ་ཨིན་ལགས། ཕྱི་རུ་གཞལ་སྒོརཝ་སྦེ་ལོག་ ཡར་འབའ་ཅོ་(འབའ་ཐང་)ལྟག་མ་ལས་འབདཝ་ད་ ཏེ་དང་པ་ར་ ཡར་བོད་ལས་ཞུ་དགོ་ལགས།
  • ཨཔ་རྡོེ།/Ap Dorji:
    ཡར་བོད་གངས་ཆེན་བརྒྱད་ཀྱི་ཆོས་སྲུང་ཞུ་དགོ་ལགས། དེ་ལས་ཡར་ལས་མར་ མར་ཨ་ནཱི་ ད་ང་བཅས་ ར་ལུང་གནས་ཀྱི་གདན་ལས་ཞུ་དགོ་ལགས། བོད་ར་ལུང་གནས་ཀྱི་གདན་ས་ལས་ ཏེ་[དྲོ་རྒྱལ་བསམ་གེ་རེ་?]འབྱོན་ཟེར་ འ་ནཱི་གི་གནསཔ་དེ་ཞུ་དགོ་ལགས། དེ་ལས་སྤྱི་གཞི་གླང་ཀ་གླང་སྟོད་ལས་སྤྱི་གཞི་བླམ་དང་དཀོན་མཆོག་ཞུ་དགོ་ལགས། ཏེ་ད་ལྟོ་ནཱ་དམངས་ཀྱི་ཨ་པ་སླབ་མི་འདི་སྤྱི་བཞི་དཀོན་མཆོག་འདི་ཁོང་གིས་བསྟེན་དོ་ལགས། འ་ནཱི་ད་ལྟོ་ཡར་ཚོགས་ཕུལ་དགོ་མི་འདི་འ་ནཱི་ཨིན་ལགས།
  • སངས་རྒྱས་སྒྲོལ་མ་/Sangay Dolma:
    ཏེ་ཚེ་རིངམོ་ཡང་ཡར་ཡོད་བ་ལགས་ཁོང་གི་ཡར་ལུ་ འ་ནཱི་འབད་ནི་དེ་གིས་ ཡར་ལས་ཞུ་དགོ་ལགས། ཏེ་དེ་ལས་ལོག་སྟེ་ཡར་ལས་སོང་ཞིན་ན་ ཡར་རྟ་ལོག་ལས་མགོནམ་ཀུན་ཏུ་བཟངམ་ཞུ་དགོ་ལགས། ཡར་རྟ་ལོག་དགོན་པ་ལས་དཔལ་ཀུན་ཏུ་བཟངམ་ཞུ་དགོ་ལགས། ཏེ་ང་བཅས་ཀྱི་འབའ་ཅོ་(འབའ་ཐང་)ལྟག་མ་ཞུ་དགོ་མི་འདི་འ་ནཱི་ཞུ་དགོ་ལགས་ ཁོང་བཞི་ཞུ་དགོ་ལགས་གནསཔ།
  • ཨཔ་རྡོེ།/Ap Dorji:
    ཏེ་དེ་ལས་ད་ མར་འབའ་ཅོ་(འབའ་ཐང་)འོག་མ་འདི་ནང་ལུ་ ཏེ་ང་བཅས་ནཱ་གི་གནསཔོ་ངོ་མ་འདི་འ་ནཱ་ཞུཝ་ཨིན་ལགས། ནཱ་གི་གནསཔ་འདི་མ་པ་གངས་བཙན་བཟུམ་ཅིག་ཨིན་ལགས། ཏོ་ཁོ་ཡར་གངས་ཆེན་བོད་ཀྱི་ ཁོ་གི་བཞུགས་ས་འདི་ཡར་གངས་ཆེན་ལུ་ཨིན་མས་ལགས། ཏེ་ད་ཨ་ནཱི་ཡར་ལས་ཞུ་ཞིན་ན་ ཏེ་དེ་ལས་མར་མཚོ་སྨནམོ་ཞུ་དགོ་ལགས། དེ་ལས་ཚེ་རིངམོ་ཞུ་དགོ་ལགས། ཏེ་མར་གྱི་འདི་ འ་ནཱིམ་ཅིག་ར་ཨིན་ལགས་ཚིག
  • ཨཔ་རྡོེ།/Ap Dorji:
    ད་གནསཔ་ ཁོ་བཙན་ཅིག་ཨིན་མས་བ་ལགས། ཡར་རི་གུ་ལུ་སྡོདཔ་ཨིན་ཟེར་ གངས་ལས་ཁོ་ཞུ་དགོ་ལགས། ཏེ་ཡར་རི་མགུ་གངས་ལུ་གསད་ས་ཟེར་ཁོ་ཞུ་དགོ་ལགས། ཁོ་བཞུགས་ས་འདི་ཡར་ལས་འབད་ནི་དེ་གིས་ བཙན་ཨིན་མས་བ་ལགས་མ་པ། ཏེ་དེ་ལས་རི་མཇུག་མཚོ་ལུ་གཏད་ས་ཟེར་མར་ལས་མཚོ་སྨནམ་ཞུ་དགོ་ལགས། དེ་ལས་བར་དུང་གི་འཁོར་ལོ་འཁྱིལ་ས་ཟེར་ ཏེ་འ་ནཱི་དུང་གི་འཁོར་ལོ་འཁྱིལ་ས་ལུ་ ཚེ་རིངམོ་ཞུ་དགོ་ལགས། འ་ནཱི་གསུམ་འདི་ཨིན་ལགས་མར་གྱི་འདི།
  • ཨཔ་རྡོེ།/Ap Dorji:
    ཏེ་ཡར་གྱི་འདི་དང་མར་གྱི་འདི་ ཚིག་སོ་སོ་ཨིན་ལགས་ མར་གྱི་དང་མར་གྱི་འདི་མི་འདྲ་ལགས། ཡར་གྱི་འདི་ཡར་ལས་ར་བོད་ལས་ར་ཞུ་དགོ་ལགས། ད་ཉིམ་དང་པམ་གི་ཚེ་ མ་པ་ཨིན་རྒྱུ་འདི་ཚེས་གསུམ་ལུ་འགོ་བཙུགསཔ་ཨིན་ལགས། ཉིམ་དང་པ་གི་ཚེ་འབདཝ་ད་ མ་པ་དྲོ་པ་ཨ་ཙི་དང་པ་འབདཝ་ད་ཨ་ཙི་ཕྱི་འོང་ལགས། ཏེ་བྱ་ཐེངས་དངམ་ཟེར་སླབ་མམ་ ཏེ་ཡུདཔ་ཅིག་ གནམ་ནངསམ་ད་ལས་འགལ་མི་སྤུངས་འབད་མི་ཚུགས་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་གནམ་ནངསམ་ལས་འགལ་ ཏེ་ཆུ་ཚོད་དྲུག་ལྔ་དེ་ཅིག་ལས་མི་སྤུངས་ཆི་འོང་ལགས། ཏེ་འདིའི་ནངས་པར་ཉིནམ་གཉིས་པ་འབད་བའི་ཚེ་འདི་ ཏེ་དྲོ་པ་ཆུ་ཚོད་ ཏེ་བྱ་དངམ་འབོཔ་ཅིག་ཧུ་ཐེངས་གཅིག་རྐྱབ་དགོ་ལགས། ཏེ་ཁོང་སྤྱི་དཔོན་ཟེར་ གཉིས་བཏོན་ནི་ཡོད་བ་ལགས་ ཨ་ནཱི་མདོ་དམ་ཟེར་གཉིས་བཏོན་ནི་ཡོད་ལགས། ཏེ་ད་ང་བཅས་རྫོང་ཁ་ནང་འབད་བ་ཅིན་སྐུ་དྲུང་བཟུམ་ཅིག་འབད་ ཁོང་ཉིནམ་གསུམ་འདི་ ཏེ་ཟྭོ་ཆག་ཆགཔ་རེ་འབག་སྦེ་ཁོང་གཉིས་བཏོན་ནི་ཡོདཔ་ཨིན་ལགས་མདོ་དམ་ཟེར།
  • ཨཔ་རྡོེ།/Ap Dorji:
    ཏེ་འ་ནཱི་མདོ་དམ་གཉིས་ཆ་སྟེ་ ཏེ་བདག་འཛིན་འབད་འོང་ལགས། ཏེ་གཞསམ་ཚུ་མ་ཚང་རུང་ཟྭོ་ཆག་ཕུར་ ཏེ་མདའ་རྩེདཔ་མ་ཚང་རུང་ཁོང་གིས་ཟྭོ་ཆག་ཕུརཝ་འབད་དོ་བ་ལགས། ཏེ་འ་ནཱི་བྱ་ཐེངས་དངམ་འབོཔ་ཅིག་ཧུ་རྐྱབ་འོང་ལགས་ འ་ནཱི་བསྒང་བཞེངས་བརྡ་ཨིན་ལགས། ད་རང་རང་སོའི་ཁྱིམ་ནང་ལས་ལོངས་ཟེར་བའི་རྟགས་ཨིན་ལགས། ཏེ་ཧུ་ཐེངས་གཉིས་རྐྱབ་འོང་ལགས་ ཧུ་ཐེངས་གཉིས་འབད་བའི་བསྒང་ལས་ ཡར་ལྷོད་དགོ་ལགས། དེ་བསྒང་ལས་ཞལ་བསིལ་ཟེར་བའི་རྟགས་ཨིན་ལགས་ རང་སའི་ཁ་ལག་འཁྱུ་ ནཱ་ཤོག་ཟེར།
  • ཨཔ་རྡོེ།/Ap Dorji:
    ཡར་བྱ་ཐེངས་གཉིས་འབདཝ་ད་ ཡར་འདུ་རུག་རུ་ཚངམ་ཅིག དེ་ལས་ལོག་ བྱ་ཐེངས་གསུམ་འབདཝ་ད་ ཧུ་ཐེངས་གསུམ་རྐྱབ་འོང་ དེ་བསྒང་ལས་མར་ཆང་དྲངསམ་ཨིན་ལགས། བྱ་ཐེངས་གསུམ་འབད་བའི་བསྒང་ལས་ དེ་ལས་མར་ཆང་དྲངས་འབད་སྦེ་ ཏེ་ནཱི་ལས་ལོག་ ཡར་བཞུགས་མི་ཚུ་ག་ར་བཞུགས་ ཆང་ཆབ་ཆུ་བཞེས་མི་ཚུ་ཆབ་ཆུ་བཞེས་ ཆབ་ཆུ་མ་བཞེས་མི་ཚུ་ཇ་བཞེས་འབད་སྦེ་ ཨ་ནཱི་སྦེ་ཨིན་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་དེ་ལས་ཨ་ནཱི་ཉིནམ་གཉིས་པ་གི་ཕྱི་རུ་ང་བཅས་ གསོལ་རས་ཟེར་ ཏེ་ཨ་ནཱི་མདའ་རྩེདཔ་དམངས་ལས་ གསོལ་རས་[རྒྱུག་ནི་?]ཡོད་ལགས། གསོལ་རས་[རྒྱུག་དགོ་མི་འདི་?] ད་འདི་ང་བཅས་ནཱ་གི་གསོལ་རས་ ད་སྔོན་མ་འབད་བ་ཅིན་ གསོལ་རས་ཚུ་[རྒྱུག་?]ཞིན་ན་སྦེ་ ཏེ་ག་ར་བགོ་བཤའ་རྐྱབ་སྦེ་བྱིན་དཔ་མས་ལགས་ཨམ་སྲུ་ཆ་ཁྱབ་ལུ་ གཞསམ་ཚུ་ལུ་བགོ་བཤའ་རྐྱབ་བྱིན། ཏེ་སྔོན་མ་འབད་བ་ཅིན་ད་ ནོར་འབདཝ་ད་ནོར་གྱི་ཏི་རུ་བཏོན་བྱིན་དགོ་པས་ལགས། ཕགཔ་ལུ་ཕགཔ་གི་ཏི་རུ་བཏོན་བྱིན་དགོ་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་ད་ལོག་སྟེ་ང་བཅས་ཕགཔ་དང་ནོར་འདི་ཚུ་མེད། ཏེ་སྔོན་མ་འདི་ཕར་བཞག་ ཏེ་འདི་ཚུ་སྤྲོད་ད་ཞིན་ན་ཆ་མཉམ་ ཨ་ནཱི་ཞབས་ཁྲ་རྐྱབ་མི་བུམོ་ཚུ་ལུ་བགོ་བཤའ་རྐྱབ་བྱིན་དཔ་མས་ལགས། ཏེ་ལོག་སྟེ་རྟིང་བདའ་ང་བཅས་ཀྱིས་དེ་སྦེ་མི་བཏུབ་པས་ཟེར་ ཏེ་ཁོང་ར་ཆ་ཁྱབ་ཐོབ་ཐངས་ཅིག་བཟོ་ ཏེ་གཞསམ་གི་ཐོབ་ཐངས་ཅིག་བཟོ་ རྩེད་དཔོནམ་གི་ཐོབ་ཐངས་ཅིག་བཟོ་ཞིན་ན་ དེ་ལས་ལོག་ང་བཅས་ཤ་འདི་ཚུ་བཏོག་འབད་སྦེ་ ཏེ་ད་འ་ནཱི་ཏི་རུ་འདི་ཚུ་ག་ར་དམངས་ཁར་བཞགཔ་ཨིན་ལགས།
  • ཨཔ་རྡོེ།/Ap Dorji:
    དམངས་ཁ་བཞག་དགོ་མི་འདི་ ཏེ་ད་ང་བཅས་ཀྱི་དམངས་ཀྱི་ཅ་ལ་འདི་ ཆུད་ཟོས་བཏངམ་མེན་ལགས། འདི་ནང་ང་བཅས་ཀྱི་ ཏི་རུ་བདག་འཛིན་འབད་མི་གི་ཆོགས་པབཏོན་ཏེ་ཡོད་ལགས་ ཁོང་གསུམ་ཡོད་ལགས། ཁྲི་འཛིན་གཅིག་ དྲུང་ཆེན་གཅིག་ དེ་ལས་ཚོགས་པ་གཅིག་ལགས། ཁོང་གསུམ་བཏོན་ཏེ་ཡོད་ ཏེ་འ་ནཱི་ཁོང་གི་ལག་པར་རྩིས་སྤྲོད་ཞིན་ན་སྦེ་ ཏེ་ང་བཅས་ལོ་བསྟར་གི་སྨྱུང་གནས་བསྲུང་ནི་ཡོདཔ་ཨིན་ལགས་ འ་ནཱི་སྨྱུང་གནས་གུ་རུ་བཏངམ་ཨིན་ལགས་ང་བཅས་མ་དངུལ་འདི།
  • ཨཔ་རྡོེ།/Ap Dorji:
    ཏེ་ད་གསོལ་རས་ག་གིས་ར་བྱིན་རུང་ ད་ང་གིས་ཁོང་ལུ་སླབ་ཡང་སླབ་དོ་ལགས་ ག་གིས་ར་ ཁྱེད་ཀྱིས་ག་དེམ་ཅིག་ར་བཏང་རུང་ ཁྲི་འབད་ར་བཏང་ད་རུང་བཏང་ད་ ཏི་རུ་ལྔ་འབད་མི་ཅིག་ལས་གསོལ་རས་མ་གནང་རུང་ར་ འདི་ཁྱེད་ལུ་ཕན་པ་མ་གཏོགས་ཅིགཔ་གནོད་པ་མེད་ཟེར་ ཏེ་ཕན་པ་ཡོད་མི་ག་ཅིམ་ ད་ང་བཅས་ལོ་བསྟར་བཞིན་དུ་སྨྱུང་གནས་ འདི་གིས་སྲུང་དོ་ལགས། སྨྱུང་གནས་བསྲུངས་ཏེ་ ད་སྨྱུང་གནས་ཀྱི་ཏི་རུ་འདི་འ་ནཱ་ལས་བཏངམ་ཨིན་ལགས།
  • ཨཔ་རྡོེ།/Ap Dorji:
    ད་སྨྱུང་གནས་འདི་ག་དེ་སྦེ་སྲུངམ་སྨོ་ཟེར་བ་ཅིན་ ཏེ་ཏི་རུ་འདི་ལོ་གཅིག་གུ་མཇུག་བསྡུ་ནི་མེན་ལགས། འ་ནཱི་ཏི་ལུ་ག་གིས་འབག་སྟེ་འབད་རུང་ འབག་མི་ཅིག་གིས་ ཏེ་བསྐྱེད་དེ་གིས་འབད་སྨྱུང་གནས་སྲུང་ ངོ་བོ་འདི་དེ་སྦེ་ར་སྡོད་འོང་ལགས། ངོ་བོ་འདི་དེ་སྦེ་ར་བཞག་ ལོག་སྟེ་སྦེ་ད་རུང་སང་ཕོད་ཀྱི་ཏི་ལུ་འདི་ འདི་གུ་བཀལ་ འ་ནཱི་སྦེ་ཨིན་ལགས་ང་བཅས་ནཱ་གི་སྲོལ་འདི་ཨ་ནཱི་སྦེ་བཟོ་ཡི་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་ང་བཅས་སྨྱུང་གནས་ ལོ་བསྟར་གྱི་སྨྱུང་གནས་སྲུང་ནི་འདི་ འ་ནཱི་ལོ་མདའ་གི་མ་དངུལ་གྱིས་ འ་ནཱི་སྦེ་བཟོ་ཡི་ལགས། ཏེ་ནཱི་ལས་ཉིནམ་གཉིས་པ་ནང་ མཇུག་གི་ནང་ ཏེ་གཞས་དཔོན་དང་རྩི་དཔོནམ་གི་དར་བཏགས་ནི་ཡོད་ལགས། ཏེ་འ་ནཱ་ ང་བཅས་རྫོང་ཁག་འབད་བ་ཅིན་ རོགས་སྐུ་དྲུང་དབུ་མཛད་ཚུ་དར་བཏགས་ དེ་ལས་འཆམ་རྐྱབ་ས་འབད་བ་ཅིན་ འཆམ་དཔོན་འཆམ་མཇུག་ཟེར་དར་བཏགས་ནི་འདུག་བ་ལགས།
  • ཨཔ་རྡོེ།/Ap Dorji:
    འ་ནཱི་བཟུམ་སྦེ་ ཏེ་ང་བཅས་ནཱ་གི་འདི་རོགས་ མཇུག་བསྡུཝ་ད་ ཏེ་གཞས་དཔོནམ་དང་རྩི་དཔོནམ་གི་དར་བཏགས་ནི་ཡོད་ལགས། འ་ནཱི་དར་བཏགས་ས་ ཏེ་རང་རང་སའི་བློ་འདོད་དང་འཁྲིལ་འབད་སྦེ་ ཏེ་དར་བཏགསཔ་ཨིན་ལགས། ཏེ་འདི་ཚེ་མཇུག་གི་འདི་འབདན་ད་ ནུབམོ་ཕྱེད་ཚུན་ཚོད་ར་སྡོད་རུང་ ཏེ་ཁྱད་མེད་ལགས། ཏེ་སྔོན་མ་འབད་བ་ཅིན་ དང་ཕུ་འབདན་ ཏེ་འགོ་དང་པ་ལུ་ཆང་ཕོགས་གསུམ་ལགས་ ཏེ་ཉིནམ་གཉིས་པ་ན་ལུ་ ཆང་ཕོགས་གསུམ་ཟེར་བརྩི་འོང་།
  • ཨཔ་རྡོེ།/Ap Dorji:
    ཏེ་ཨ་ནཱི་སྟོདཔ་ཕུལ་བའི་ཚེ་འབདན་ ཆང་ཕོགས་ལྔ་བཙུགས་དགོ་ལགས། ཏེ་མཇུག་བསྡུ་བའི་ཚེ་འབད་བ་ཅིན་ ཏེ་ད་ཆང་ཕོགས་བདུན་བདུན་རེ་བཙུགས་དགོཔ་སྦེ་ཨིན་ལགས། ཏེ་འ་ནཱི་སྦེ་ ཏེ་ད་འདི་མཇུག་བསྡུ་བའི་ཚེ་འདི་ག་ར་ ཏེ་ནཱ་མཇུག་བསྡུཝ་ཨིན་ཟེར་སླབ་ཞིན་ན་ ཏེ་རང་སོའི་དགའ་བའི་དགའ་སྤྲོ་སྒྱུར་ ཨམ་ཚུ་གིས་ཞབས་ཁྲ་རྐྱབ་ དེ་ལས་བུཚ་ཚུ་གིས་ཡང་ཞབས་ཁྲ་རྐྱབ་ བསླ་བསྲེས་འབད་རྐྱབ་ ཏེ་ལ་ལུ་གིས་སྟོནམོ་ལྟ་མི་གིས་བལྟ་ ཆང་འཐུང་མི་གིས་འཐུང་ ཇ་འཐུང་མི་གིས་འཐུང་འབད་སྦེ་ ཏེ་སྤྲོ་བ་འདི་བསྐྱེད་སྦེ་ར་སྡོདཔ་ཨིན་ལགས་ ཏེ་འ་ནཱི་ཨིན་ལགས།
  • ཨཔ་རྡོེ།/Ap Dorji:
    ཏེ་དེ་ལས་འགལ་ ཏེ་ང་བཅས་ནཱ་ གནམ་མེད་ས་མེད་ ཏེ་ཕར་དང་ཚུར་ མ་པ་སྔོན་མ་དང་མི་འདྲ་ལགས། སྔོན་མ་འབད་བ་ཅིན་ མི་ག་ར་ཆང་འཐུང་ ཏེ་གནམ་མེད་ས་མེད་ཨ་ནཱི་སྦེ་འབད་ནི་འདུག་ ད་ད་རེས་ མང་ཤོས་ར་རོགས་ན་གཞོན་ཚུ་ཆང་མ་འཐུངམ་འབད་སྦེ་ ཏེ་གནམ་མེད་ས་མེད་སྤྲོ་བ་ཡོད་ལགས། ལོ་མདའ་ཞག་གསུམ་འདི་ ཏེ་ལེགས་ཤོམ་སྦེ་སྡོདཔ་ཨིན་ཟེར་ཞུ་ནི་ལགས།། །།