Skip to main content Skip to search
21 Jun 2018
6 min 2 sec
Ariana Maki
Video Overview
Creators: 
Yeshi Wangchuk

An account of the Dagphel Poenpo lineage was narrated by Agay Karma from Zhemgang Dzongkhag in Dagphel village. He shares this account through his own experience, as this system existed during his lifetime, before these lineages lost their powers and responsibilities. In the past, lineage were powerful and had a vital role within the community. Agay Karma could remember only four lineages. Dagphel Penpo was the head of community, and they were exempted from taxes, unlike other community members. These groups of people normally collected taxes from the people, to then submit to the central government. 

བདག་འཕེལ་དཔོན་པོའི་ལོ་རྒྱུས་འདི་ གཞལམ་སྒང་རྫོང་ཁག་ བདགའ་འཕེལ་གཡུས་ཚན་ལས་ ཨ་རྒས་ཀརྨ་གིས་ བཤདཔ་ཨིནམ་ད་ ལམ་ལུགས་དང་ དཔོན་པོའི་དབང་ཚད་འདི་ ཁོ་གི་སྐབས་སུ་ཡང་ཡོདཔ་ལས་  ཁོ་ར་ལུ་ཡོད་པའི་ཉམས་མྱོང་འདི་ བརྗེ་སོར་འབདཝ་ཨིན་པས། ད་རེས་ནངས་པ་ རིགས་བརྒྱུད་འདི་ལུ་ དབང་ཚད་དང་འགན་ཁུར་འདི་ཚུ་ ག་ནི་ཡང་མེདཔ་ད་ དང་ཕུགས་འབདབ་ཅིན་ རིགས་བརྒྱུད་འདི་ དབང་ཚད་ཅན་དང་ འགན་ཁུར་སྦོམ་ཡོདཔ་ཨིན་མས། ཨ་རྒས་ཀརྨ་གིས་ གློག་བརྙན་འདི་ནང་བཤད་མི་ མི་བརྒྱུད་བཞི་ལས་བརྒལ་ དྲན་མི་ཚུགས་དོ་ཡོདཔ་ད་ བདག་འཕེལ་དཔོན་འདི་ ཁོང་གི་མི་གཡུས་ཁའི་དཔོན་འབདཝ་ལས་ གཡུས་མི་གཞན་མི་ཚུ་བཟུམ་སྦེ་ ཁྲལ་འདི་ཚུ་བཏབ་མ་དགོ་པར་ དགོངས་ཡངས་ཨིནམ་ད་ ཁོང་གི་སྦེ་ མི་སེར་ཚུ་ལས་ ཁྲལ་བསྡུ་ལེན་འབད་དེ་ གཞུང་ལུ་ཕུལ་དོ་ཡོདཔ་མས། 

Transcript search
No results found for this search
0 of 0
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཡ་ ད་ཨ་ནཱི་ང་བཅས་རའི་ནཱ་ ད་ལྟོ་གཡུས་འ་ནེ་ཅིག་ རྒྱས་ཚུགས་མི་འདི་ ག་དེ་སྦེ་བྱུང་བྱུངམ་ཨིན་ན་ལགས་ དང་ཕུ་འབད་བ་ཅིན་ པིར་དཔོན་(སྤྱི་དཔོན)གཅིག་དང་།
  • ཀརྨ་ Karma
    འོང་ཁྲལ་པ་གཅིག
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཁྲལ་པ་གཅིག་གི་ཨིན་ཟེར་ཨིན་པས་སྨོ?
  • ཀརྨ་ Karma
    ཨིན་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ག་དེ་སྦེ་ཏེ?
  • ཀརྨ་ Karma
    ཏེ་ཤུལ་ལས་ ད་ང་བཅས་རའི་ལྟག་ལས་ དང་ཕུ་དང་ཕུ་མ་སྡོད་པས་ཁོང་ དང་ཕུའི་མི་གིས་འབད་དེ་འབད་བ་ཅིན་ ཁྲལ་པ་གཅིག་ ང་བཅས་རའི་མགུ་ཏོ་དགོ་ནི་མས་ཟེར་ ལྟག་ལས་སླབ་མི་གཅིག་དགོ་ནི་མས་ཟེར་ གདུང་དཔོན་པོ་དགོ་ནི་མས་ཟེར།
  • ཀརྨ་ Karma
    དེ་ལས་འཁྱིད་འོང་འོངམ་ཨིན་ལོ་ཁོང་གིས་ དང་ཕུ་ཁོང་གིས་ ང་གིས་ཧིང་སངས་ས་འབད་མི་ཤེས་པས་ ང་ཨ་ལོ་འབད་བའི་སྐབས་ལུ་ རྣ་བ་གིས་ཉན་པའི་ལོ་རྒྱུས་ཨིན་ འཁྱིད་འོང་འོངམ་ཨིན་ནཱ་ལུ་ དེ་ལས་ ལྟག་ལས་སླབ་མི་ཁོང་ལུ་ ག་ནི་ཡང་མི་ཤོར་ཁོང་ལུ།
  • ཀརྨ་ Karma
    ཁོང་ལུ་ཁྲལ་འཁྲི་འུར་ལཱ་ཡང་མི་ཤོར་ ག་ནི་ཡང་མི་ཤོར་ ཏེ་འགོ་འདྲེན་འཐབ་ནི་ ལྟག་ལས་སླབ་ནི་གཅིག་རང་ཨིན་ཁོང་ལུ་ ཏེ་ལྟག་ལས་ དེ་སྦེ་འབད་ཤིག་ དེ་སྦེ་འབད་ཤིག་ཟེར་ ཡར་ལས་པིར་དཔོན་ལུ་སླབ་འོང་ པིར་དཔོན་གྱིས་འབད་འོང་ ཁོང་མགུ་ཏོ་འབད་ནི་དེ་གིས་ སྡོད་ཡང་གོང་ལུ་སྡོད་འོང་།
  • ཀརྨ་ Karma
    གོང་ལུ་སྡོད་སྦེ་ཡར་ལས་བཀའ་གནང་ནི་གཅིག་རང་ཨིན་ ཁོང་ལུ་ག་ནི་ཡང་མི་ཕོག་ ཁོང་བཀའ་གནང་ནི་གཅིག་རང་ཨིན་ གུང་གྲངས་འུར་ལཱ་ཡང་མི་ཕོག་ ཁྲལ་འཁྲི་འུར་ལཱ་ཡང་མི་ཤོར་ཁོང་ཆ་ཁྱབ་འབད་བ་ཅིན་ ཁོང་སྐྱིད་ཏོང་ཏོ་ཨིན་ཧེ་མ་འདི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ རིམ་ཐེངས་འབད་བ་ཅིན་ ག་དེམ་ཅིག་གི་བརྩི་འགྱོ་འགྱོ་འོང་ག? དཔོན་པོ་གིས།
  • ཀརྨ་ Karma
    རིམ་ཐེངས་ཡ?
  • ཀརྨ་ Karma
    མི་བརྒྱུད་ཡ?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨོང་ལགས།
  • ཀརྨ་ Karma
    ང་གིས་ཚོར་ཚོར་ཅིག་འབདཝ་ད་ ཨང་རྒས་ཅིག་སྡོད་ཅི་ སྐྱ་དཀརཔོ་སྦེ་ ཨའི་དཔོན་མོ་རང་ཟེར་ འདི་གིས་གཅིག་ དེ་ལས་ ཨའི་སྒྲོལམ་ལྷ་མོ་ཟེར་གཅིག་སྡོད་ཅི་ འདི་གིས་གཉིས་ དེ་ལས་ ད་ལྟོ་ཨམ་དཔལ་ལྡན་ཡོད་མེན་ན་ཡར་ལུ་ འདི་གིས་གསུམ་ ད་ལྟོ་ཚེ་དབང་གིས་བཞི་འགྱོ་དོཝ་མས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ དཔོན་པོ་འདི་འབད་བ་ཅིན་ ཨཱ་་་ ཨང་རྒས་ཀྱི་རྨགཔ་སྡོད་སྡོདཔ་ཨིན་ན? དཔོན་པོ་འདི་ ཕོ་སྐྱེས་ཨིན་ན་ ཨམ་སྲུ་ཨིན་ན? དཔོན་པོའི་བརྒྱུད་པ་འདི།
  • ཀརྨ་ Karma
    ཧེ་མ་ཨམ་སྲུ་ དང་ཕུ་གཉེན་དེ་སྦེ་རྐྱབ་རྐྱབ་འདྲས་མེན་ན་ དེ་སྦེ་གཉེན་ཕར་སྟག་མ་གདུང་ཟེར་ མཁྱེན་དོ་འོང་ཁྱོད་ཀྱིས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨོང་ལགས།
  • ཀརྨ་ Karma
    སྟག་མ་གདུང་དང་ གཉེན་ཡང་དང་ཕུ་འབད་བ་ཅིན་ ཁོང་རང་དཔོན་པོ་དང་ དཔོན་པོ་ནང་རྡོག་རྐྱབ་སྡོད་ནུག རོགས་བརྒྱུད་ཕར་དཔོན་པོ་སྟག་ལས་ཨིན་ ཨིན་རྒྱུ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    སྟག་མ་གདུང་?
  • ཀརྨ་ Karma
    ཨོང་སྟག་མ་གདུང་ལས་ཨིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་དཔོན་པོ་མཛད་མི་གིས་ འགོ་དང་པ་དཔོན་པོ་མཛད་མི་གི་ མཚན་འབད་བ་ཅིན་ ག་ཅི་ཨིན་ན་མེས་མེས་གིས་མཁྱེན་འོང་ག?
  • ཀརྨ་ Karma
    ཧེ་མ་ཧེ་མ་ དང་ཕུ་དང་ཕུ་རང་དཔོན་པོ་འབྲུག་རྒྱལ་ཟེར་མི་ཅིག་སྡོད་ཅི་གཅིག་ འབྲུག་རྒྱལ་ཟེར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འབྲུག་རྒྱལ་ཟེར་ཡ?
  • ཀརྨ་ Karma
    འབྲུག་རྒྱལ་ལ་འབོ་ནི་ཡོད་མིང་ འདི་གི་འོག་ལས་ ཁོ་ཤི་སྟེ་ མགུ་ཏོ་སྐྱ་དཀརཔོ་སྦེ་སྡོད་ཅི་ འདི་གི་ཤུལ་ལས་ ཨའི་དཔོན་མོ་ཟེར་གཅིག་སྡོད་ཅི་ འདི་གིས་གཉིས་ དེ་གི་ཤུལ་ལས་ དཔལ་ལྡན་ གསུམ་ཡར་སོ་ཡི་སྨོ? ད་ལྟོ་ཚེ་དབང་གི་བཞི་ཨིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ དཔོན་པོ་འདི་ མ་པ་མེས་མེས་གི་སྐབས་ལུ་འདི་སྡོད་ནུག་སྨོ? དེ་སྦེ་ཁྲལ་བསྡུ་ནི་ དཔོན་པོ་གི་ལཱ་འདི་ཚུ་ཡང་སྡོད་ནུག་སྨོ?
  • ཀརྨ་ Karma
    ཨ?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དཔོན་པོ་ཚུ་གིས་ཁྲལ་བསྡུ་ནི་ཚུ་ སྡོད་སྡོདཔ་མས་སྨོ་ལགས?
  • ཀརྨ་ Karma
    སྡོད་ཅི་བ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མེས་མེས་གི་སྐབས་ལུ་ དཔོན་པོ་ག་ཟེར་མི་སྨོ་ལགས?
  • ཀརྨ་ Karma
    ང་གི་དཔོན་པོ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མེས་མེས་གི་སྐབས་ལུ་ མེས་མེས་པིར་དཔོན་འབདཝ་ད།
  • ཀརྨ་ Karma
    ཨོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དཔོན་པོ་ག་སྨོ་ལགས?
  • ཀརྨ་ Karma
    དཔོན་པོ་རྡོ་རྗེ་ཟེར་མི་ཨིན་ ཨ་ཡར་དཔལ་ལྡན་གྱི་ཨ་པ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨེའེ་་་།
  • ཀརྨ་ Karma
    འ་ནཱི་གི་སྐབས་ལུ་ ང་གཞོནམ་ཐར་ཐོར་ཅིག་ཡར་སོ་ཡི་ ངེ་གི་སྐབས་ལུ་ འ་ནཱི་བདའ་ཟུན་ཡི་ ཧེ་མའི་ཨ་རྒས་དང་ ཨང་རྒས་བདའ་མ་ཟུན་ང་གིས། ཨ་ནཱི་ ད་རེས་དཔལ་ལྡན་ཡོད་མེན་ན? ནཱ་ལུ་ འ་ནཱི་གི་ཨ་པའི་སྐབས་ལུ་ བདའ་ཟུན་ཡི་ང་གིས།
  • ཀརྨ་ Karma
    ཁོ་ཨིན་གཅིག་ འདི་སྟག་མ་ལས་ཨིན་ཁོ་ར་ སྟག་མ་གདུང་གི་ཁྱིམ་ནང་ལས་ཨིན་ འདི་གི་ཐོག་ལས་ད་རེས་ཚེ་དབང་གི་ཨ་པ་ཡོད་བ་ ཚེ་རིང་རྡོ་རྗེ་ ཤེས་དོ་འོང་ཁྱོད་ཀྱིས?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མི་ཤེས་ལགས་ ང་གིས་འདི་མ་མཇལ་ལགས།
  • ཀརྨ་ Karma
    ཡོད་ཚེ་རིང་རྡོ་རྗེ་ཡང་ཡོད་ད་ལྟོ་ ཡར་གོང་མ་སྤོང་ཟེར་ས་ལུ་ མཆོད་རྟེན་སྲུང་སྟེ་ཡོད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཡོད་ཟེར་སླབ་དེས་བ།
  • ཀརྨ་ Karma
    ཡར་ལུ་ཨིན་ འ་ནཱི་ཤེས་ རིམ་ཐེངས་གཅིགཔོ་ གཉེན་ཡང་རང་སོ་གདུང་གདུང་གི་བར་ན་འཕྱད་ནུག་ཧེ་མ་ ཨ་ནཱི་དཔལ་ལྡན་གྱི་ཨ་པ་ཡང་སྟག་མ་གདུང་ ཨ་ནཱི་ད་རེས་འདི་ཡང་སྟག་མ་གདུང་ཨིན་ སྟག་ལས་འོང་འོངམ་ ཚེ་རིང་རྡོ་རྗེ་ཡང་སྟག་མ་ལས་ཨིན་ ད་སྟག་མ་གདུང་རམ་འགྱོ་ནུག་ཟེརཝ་མས་ཁྱིམ་ཡང་།
  • ཀརྨ་ Karma
    ཧ་ཧ། (Speaker Laughs in low voice)
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ ཨ་ནཱི་དཔོན་པོ་དེ་ཚུ་འབད་ཅིན་ ག་ཅི་ང་བཅས་རའི་རྒྱལ་ཁབ་ནང་ དཔོན་འབད་དེ་ འབྲུག་རྒྱལ་དང་པ་གཉིས་པ་ཟེར་ མེད་པའི་སྐབས་ལུ་ཨིན་པས་སྨོ་ལགས? ཨིན་ན? དེ་སྦེ།
  • ཀརྨ་ Karma
    ཨིན་ དེ་སྦེ་ཨིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • ཀརྨ་ Karma
    ཨིན་ ཧེ་མ་ལས་ཡོད་ ང་ཆུང་ཀུ་འབད་བའི་བསྒང་ལས་རང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨིན་པས་ལགས། ད་ནཱ་མེས་མེས་གི་སྐབས་ལུ་ཡང་ ཏེ་ང་བཅས་རའི་རྒྱལ་ཁབ་དཔོན་གྱིས་འབད་མ་སྐྱོང་པར་སྡོད་སྡོདཔ་འདྲས་སྨོ?
  • ཀརྨ་ Karma
    དཔོན་གྱིས་མི་སྐྱོང་ དེ་སྦེ་སོ་སོ་གིས་སྐྱོང་མས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ནཱ་གི་གཡུས་སྒོ་གཡུས་སྒོ་ན་ལས་ཕར་ སོ་སོ་སྡོད་སྡོདཔ་འདྲས་སྨོ་ལགས? གདུང་ལོ་དཔོན་པོ་ཟེར་སྡོད་སྡོདཔ་འདྲས་སྨོ?
  • ཀརྨ་ Karma
    དེ་སྦེ་སྡོད་ཡི་ དཔོན་གཅིག་གི་དོན་ལས་ ཨ་ཞེ་ཚུ་གི་བརྒྱུད་བརྒྱུད་འབད་དེ་ཡོད་མེན་ན? ཨ་ཞེ་ཡོད་ དཔོན་གྱི་ཁ་ཐུག་ལས་ཨ་ལོ་ཡོད་མེན་ན? འདི་ཚུ་གིས་བཀོལ་འོང་ཧེ་མ་འདི་ ད་མི་བཀོལ་བས་འདི་ཚུ་གིས་ ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨེའེ་་་ དེ་བསྒང་ལུ་སྡོད་སྡོདཔ་ཨིན་ན་སྨོ? འབྲུག་རྒྱལ་དང་པ་ཟེར་ ཨོ་རྒྱན་དབང་ཕྱུག
  • ཀརྨ་ Karma
    སྡོད་སྡོདཔ་འོང་སྟེ་ ག་ཏེ་མ་སྡོད་ནི་ ང་གིས་མི་ཚོར་བས་ མི་ཤེས་པས་ སེམས་ཁར་མེད་དོ་འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ལགས།
  • ཀརྨ་ Karma
    ཚོར་ནི་འདི་ཚོར་འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨའེ་་་ ལགས་སོ།། །།