Skip to main content Skip to search
15 Dec 2011
5 min 25 sec
David Germano
Video Overview
Creators: 
Unknown

Sonam Chonphel and Tashi introduce the basic methods and tools for carving Tibetan furniture. They begin by introducing the preparation of the wood, stencilling designs, sawing, and carving.

Transcript search
No results found for this search
0 of 0
  • བརྐོས་བཀྲོལ་ཐོག་གི་གཅིག་གནས་ཚུལ་འདྲ་ཞིག་རོབ་ཙམ་འདྲ་གཅིག ག་རེ་ཟེར་དགོ་རེད་པས། ཁོ་རང་ལ་གཅིག་གི་བང་རིམ་གཅིག་ཡོའོ་རེད་པཱ། བརྐོས་བརྒྱབ་ཡས་ཀྱི་བྱེད་ཀྱི་འགྲོ་སྟངས། དང་པོ་གང་འདྲས་བྱེད་དགོས། གཉིས་པ་གང་འདྲས་བྱེད་དགོས། གསུམ་པ་གང་འདྲས་བྱེད་དགོས་མིན། ཤིང་ག་རེ་བེད་སྤྱོད་གཏོང་དགོ་ཡོད། ལག་ཆ་ག་རེ་བེད་སྤྱོད་གཏོང་ལུགས་གཏོང་སྟངས། འོ་དེ་འདྲས་ཤིག་ཨ་ལའི་མར་ངོ་སྤྲོད་ཞུ་ཡས་ཟེར། ད་རེས་ང་ཚོའི་དེ་རེད། རྒན་བཀྲ་ཤིས་ལགས། བཀྲ་ཤིས་ལགས་དགུང་ལོ་ག་ཚོད་རད།
    brkos bkrol thog gi gcig gnas tshul 'dra zhig rob tsam 'dra gcig_ga re zer dgo red pas/_kho rang la gcig gi bang rim gcig yo'o red pA/_brkos brgyab yas kyi byed kyi 'gro stangs/_dang po gang 'dras byed dgos/_gnyis pa gang 'dras byed dgos/_gsum pa gang 'dras byed dgos min/_shing ga re bed spyod gtong dgo yod/_lag cha ga re bed spyod gtong lugs gtong stangs/_'o de 'dras shig a la'i mar ngo sprod zhu yas zer/_da res nga tsho'i de red/_rgan bkra shis lags/_bkra shis lags dgung lo ga tshod rad/
  • ང་ལོ་སུམ་ཅུ་ལྷག་ཙམ་ཡིན། 
    nga lo sum cu lhag tsam yin/_
  • སུམ་ཅུ་ལྷག་ཙམ་ཡིན་པས།
    sum cu lhag tsam yin pas/
  • སུམ་ཅུ་སོ་གཉིས།
    sum cu so gnyis/
  • སུམ་ཅུ་སོ་གཉིས་བྱས་ན་ལོ་ཆུང་ཆུང་རེད། ཕྱག་ལས་བརྐོས་གནང་ནས་ག་ཚོད་ཕྱིན་སོང་།ལོ། བརྐོས་བསྐྱོན་ནས་ད།
    sum cu so gnyis byas na lo chung chung red/_phyag las brkos gnang nas ga tshod phyin song /lo/_brkos bskyon nas da/
  • བརྐོས་བརྒྱབ་ནས་ལོ་བཅུ་གཉིས་ཙམ་འགྲོ་ཡིས་ལ།
    brkos brgyab nas lo bcu gnyis tsam 'gro yis la/
  • ལོ་བཅུ་གཉིས་ཙམ། རེད་པཱ། ད་རྦད་དེ་ལས་བཟོ་པ་རྙིང་པ་རེད་བཞག
    lo bcu gnyis tsam/_red pA/_da rbad de las bzo pa rnying pa red bzhag
  • ད་རྙིང་པ་ཟེར་དགོས་རེད།
    da rnying pa zer dgos red/
  • སྔོན་ལ་དེ་ཡིན་ད། ཨ་ལའི་ང་ཚོ་སྦྱར་པ་ཞིག གང་ཟེར། ཤིང་ཞིག་ངོ་སྤྲོད་ཅིག་གནང་རོགས་གནང་ཞུ་ཡི་ཡིན། ཤིང་ཞིག
    sngon la de yin da/_a la'i nga tsho sbyar pa zhig_gang zer/_shing zhig ngo sprod cig gnang rogs gnang zhu yi yin/_shing zhig
  • ལགས་སོ། ཤིང་ད། ཤིང་ལ་ངོ་སྤྲོད་ཞུས་པ་ཡིན་ན། རྒན་ལགས། དེ་འདྲས་ཟེར། ད་དེ་སྦྱར་པ་ཟེར་དགོ་རེད་པཱ། ང་རང་ཚོའི་བརྐོས་བརྒྱབ་ཡས་ཀྱི་སྦྱར་པ་དེ། 
    lags so/_shing da/_shing la ngo sprod zhus pa yin na/_rgan lags/_de 'dras zer/_da de sbyar pa zer dgo red pA/_nga rang tsho'i brkos brgyab yas kyi sbyar pa de/_
  • སྦྱར་པ།
    sbyar pa/
  • འོང་ལ།དེ་རེད། འདིར་ལའི་རིགས་གཉིས་ཡོའོ་རེད་ལ། སྦྱར་དཀར་ཟེར་གཅིག་དང་སྦྱར་ནག་ཟེར། ད་ལྟ་ང་ཚོ་བརྐོས་བརྒྱབ་ཡས་དེ་་ཤིང་གི་སྤུས་ཚད་འདྲ་ཞིག་བྱས་ན། སྦྱར་དཀར་དེ་ཡག་ག་རྩིས་ཀྱི་རེད། 
    'ong la/de red/_'dir la'i rigs gnyis yo'o red la/_sbyar dkar zer gcig dang sbyar nag zer/_da lta nga tsho brkos brgyab yas de shing gi spus tshad 'dra zhig byas na/_sbyar dkar de yag ga rtsis kyi red/_
  • དེའི་ལྤགས་པ་དང་དེ་ཚོ་མི་འདྲ་བ་ཞིག ཁོའི་ཁྱད་ཆོས་དེ་འདྲས་ཤིག་ཡོའོ་རེད།
    de'i lpags pa dang de tsho mi 'dra ba zhig_kho'i khyad chos de 'dras shig yo'o red/
  • སྦྱར་དཀར་ཟེར།
    sbyar dkar zer/
  • འོང་། ད་ཤིང་གི་རི་མོ་བྱས་ན་དེ་འདྲས་འདྲ་ཞིག་རེད།
    'ong /_da shing gi ri mo byas na de 'dras 'dra zhig red/
  • འདིའི་བཟོ་འདྲ་ཞིག
    'di'i bzo 'dra zhig
  • ལགས།
    lags/
  • འོ་ཡག ད་དེ་དང་པོ་ཤིང་གཤག སྔོན་མ་ནས་གང་འདྲས་བྱེད་དགོས་ཀྱི་ཡོའོ་རེད་པས།
    'o yag_da de dang po shing gshag_sngon ma nas gang 'dras byed dgos kyi yo'o red pas/
  • སྔོན་མའི་ཡིན་ན་ཤིང་འདི་མང་ཆེ་བ་དེ་རེད་པཱ། རྒན་ལགས། ལག་པས་གཤག་པ་དང་ཡང་རྦད་མར་བར་དཀྱི་བརྒྱབ་བྱས་མར་གཤག ཨ་ནི་དེ་ནས་འཇམ་པོ་བཟོ་ཡི་རེད་པཱ།
    sngon ma'i yin na shing 'di mang che ba de red pA/_rgan lags/_lag pas gshag pa dang yang rbad mar bar dkyi brgyab byas mar gshag_a ni de nas 'jam po bzo yi red pA/
  • ཨོའོ་རེད་ཨོའོ་རེད།
    o'o red o'o red/
  • སོག་གཤགས་དེ་ཞེ་དྲག་ཉུང་ཉུང་རེད་པཱ།
    sog gshags de zhe drag nyung nyung red pA/
  • འོ་རེད་འོ་རེད། ད་དེང་སང་སོག་གཤགས་རེད་པཱ།
    'o red 'o red/_da deng sang sog gshags red pA/
  • ད་འདི་ཚར་སོང་ན་ཨ་ནི་ཤིང་དེ་གང་འདྲས་བྱེད་དགོ་རེད།
    da 'di tshar song na a ni shing de gang 'dras byed dgo red/
  • ད་ཤིང་སྦྱར་པ་དེའི། དེ་ཚོ་འབུར་ལེན་བརྒྱབ་པ་རེད་པཱ། འདི་འཇམ་པོ་བཟོ་ཡས་ཀྱི། འབུར་ལེན་བརྒྱབ་ནས། ཨ་ནི་བཙག་དཔར་བརྡབ་དགོས་རེད། 
    da shing sbyar pa de'i/_de tsho 'bur len brgyab pa red pA/_'di 'jam po bzo yas kyi/_'bur len brgyab nas/_a ni btsag dpar brdab dgos red/_
  • སྔོན་ལ་འབུར་ལེན་ཞིག་བརྒྱབ།
    sngon la 'bur len zhig brgyab/
  • ད་འབུར་ལེན་དེ་འདུག་བཟོ་རྒྱག་ཀག་བྱེད་ཀྱི་རེད། རྒན་ལགས། ལག་པ་གཅིག་གི་འདུག་བཟོ་བརྒྱབ་ཡས་རེད།
    da 'bur len de 'dug bzo rgyag kag byed kyi red/_rgan lags/_lag pa gcig gi 'dug bzo brgyab yas red/
  • ཤིང་འཇམ་པོ་བཟོས།
    shing 'jam po bzos/
  • ཤིང་ད་འབུར་ལེན་བརྒྱབ་ཚར་པའི་གཞུག་གུར་འཇམ་པོ་ཆགས་པ་རེད་པ་ལ།
    shing da 'bur len brgyab tshar pa'i gzhug gur 'jam po chags pa red pa la/
  • འོང་འོང་། ཨ་ནི་བཙག་དཔར་བཏབ། 
    'ong 'ong /_a ni btsag dpar btab/_
  • ད་བཙག་དཔར་ཟེར་རི་མོ་དེ་དེའི་སྒང་ལ་བརྡབ་དགོས་ཀྱི་ཡོའོ་རེད་པཱ། 
    da btsag dpar zer ri mo de de'i sgang la brdab dgos kyi yo'o red pA/_
  • སྔོན་ལ་རི་མོ་བྲིས། སྤྱིར་བཏང་བྱས་ན་ང་རང་ཚོ་བཙག་དཔར་འབྲི་ཡས་དེ་མི་ལ་འབྲི་རུ་བཅུག་གི་ཡོའོ་རེད། སོ་སོས་འབྲི་ཡི་ཡོའོ་རད།
    sngon la ri mo bris/_spyir btang byas na nga rang tsho btsag dpar 'bri yas de mi la 'bri ru bcug gi yo'o red/_so sos 'bri yi yo'o rad/
  • ད་དེ་སྣ་ཚོགས་ཡོའོ་རེད། རྒན་ལགས།
    da de sna tshogs yo'o red/_rgan lags/
  • རེད་པཱ།
    red pA/
  • སོ་སོས་བྲིས་པའི་ཡོའོ་རེད། ཡང་ད་གཞན་དག་རི་མོ་མཁས་པ་དེ་འདྲས་ཀྱིས་བྲིས་པའི་ཡོའོ་རེད།
    so sos bris pa'i yo'o red/_yang da gzhan dag ri mo mkhas pa de 'dras kyis bris pa'i yo'o red/
  • ད་དེ་སྤྱིར་བཏང་བྱས་པ་ཡིན་ན། བཙག་དཔར་དེ་སྔོན་ལ་ཤོག་གུའི་སྒང་ལ་རི་མོ་བྲིས། ཨ་ནི་ཁབ་བཙག་བརྒྱབ་རེད་པས།
    da de spyir btang byas pa yin na/_btsag dpar de sngon la shog gu'i sgang la ri mo bris/_a ni khab btsag brgyab red pas/
  • འོ་རེད་ལ།
    'o red la/
  • ཁབ་བཙག་བརྒྱབ།
    khab btsag brgyab/
  • ལགས་རེད།
    lags red/
  • འོ་ཡག
    'o yag
  • དང་པོ་ཡིན་ན་འདུག་བཟོ་དེ། སྔོན་མ་ཡིན་ན་པིར་གྱིས་བྲིས་པ་རེད་པཱ། ད་ཕྱིས་སུ་རྦད་རྒྱ་སྨྱུག་དེ་བེད་སྤྱོད་བཏང་ཙང་དེང་སང་།
    dang po yin na 'dug bzo de/_sngon ma yin na pir gyis bris pa red pA/_da phyis su rbad rgya smyug de bed spyod btang tsang deng sang /
  • འོ་རེད་འོ་རེད་འོ་རེད།
    'o red 'o red 'o red/
  • ཨ་ནི་བྲིས་ཚར་པའི་གཞུག་གུར་དེ་ཁབ་ཀྱི་རྩབས། སྔོན་མའི་འགྲོ་སྟངས་འདྲ་ཞིག ད་འདུག་བཟོ་བཙག་དཔར་དེ་འདུག་བཟོ། བཙག་དེ་འདུག་བཟོ་བརྡབ་ཀྱི་རེད། 
    a ni bris tshar pa'i gzhug gur de khab kyi rtsabs/_sngon ma'i 'gro stangs 'dra zhig_da 'dug bzo btsag dpar de 'dug bzo/_btsag de 'dug bzo brdab kyi red/_
  • འོ་ཡག་བཙག་ཅིག་བརྡབ།
    'o yag btsag cig brdab/
  • ལགས་འོང་།
    lags 'ong /
  • བཙག་བརྡབས་ཙང་གསལ་པ་རེད་རེད་པཱ།
    btsag brdabs tsang gsal pa red red pA/
  • བཙག་དེ་བརྡབ་ན་ད་རི་མོ་ཨེ་འདྲས་ཟེར་གསལ་ཡོང་གི་རེད།
    btsag de brdab na da ri mo e 'dras zer gsal yong gi red/
  • ད་དེ་བྲིས།
    da de bris/
  • ད་དེའི་སྨྱུ་གུ་ཡིས་འབྲི་དགོ་རེད་པཱ། ཆ་ཚང་ཞིག་འབྲི་དགོ
    da de'i smyu gu yis 'bri dgo red pA/_cha tshang zhig 'bri dgo
  • འོང་། གཅིག་བྲིས་བཞག་ནའི་འགྲིག་གི་རེད།
    'ong /_gcig bris bzhag na'i 'grig gi red/
  • ད་དེ་འཚར་སོང་ན་ཨ་ནི་ཨི་ཁུང་ཕིགས།
    da de 'tshar song na a ni i khung phigs/
  • ད་དེའི་སྟོང་ཆ་སྒང་ག་ཨི་ཁུང་འཕིགས་དགོས་རེད་པཱ།
    da de'i stong cha sgang ga i khung 'phigs dgos red pA/
  • འོང་། འདི་ནང་བཞིན།
    'ong /_'di nang bzhin/
  • འོང་།
    'ong /
  • འོ་འདི། རེད་པཱ།
    'o 'di/_red pA/
  • ལགས། ད་འདི་ནང་བཞིན་རི་མོ་བྲིས་ཚར་ནས། གཞི་ནས་ཨ་ནི་དེའི་ཨི་ཁུང་དེ་བརྒྱབ་དགོས་རེད།
    lags/_da 'di nang bzhin ri mo bris tshar nas/_gzhi nas a ni de'i i khung de brgyab dgos red/
  • ཨི་ཁུང་བརྒྱབ།
    i khung brgyab/
  • ད་ལྟ་དེའི་རི་མོ་མིན་པའི་སྟོང་པ་དེ་ཚོ་སྒང་ག་ཨི་ཁུང་བརྒྱབ་དགོས་རེད། འོང་། ཚུར་ལྕགས་སྐུད་ཀྱིས་བྲེགས་དགོས་རེད།
    da lta de'i ri mo min pa'i stong pa de tsho sgang ga i khung brgyab dgos red/_'ong /_tshur lcags skud kyis bregs dgos red/
  • འོང་། ཨི་ཁུང་བརྒྱབ་ཚར་བའི་གཞུག་གུར། ཨ་ནི།
    'ong /_i khung brgyab tshar ba'i gzhug gur/_a ni/
  • ད་དེ་སྦ་༼བྲེག༽ཁུག་ཟེར་ཡས་ཤིག་ཡོའོ་རེད་པཱ།
    da de sba (breg)khug zer yas shig yo'o red pA/
  • ག་དེའི་སྦ་ཁུག སྦ་ཁུག་ཅིག་མིག་བསྟན་དང་།
    ga de'i sba khug_sba khug cig mig bstan dang /
  • ད་སྦ་ཁུག་དེ་རེད་ལ།
    da sba khug de red la/
  • འོ་ཡག
    'o yag
  • འདི་འདུག་བཟོ་བརྒྱུད་ཀྱི་རེད་ལ། ད་འདི།
    'di 'dug bzo brgyud kyi red la/_da 'di/
  • དེའི་ནང་ལོགས་དེའི་བརྒྱུད། འགྲོ་ཡི་ཨ་ཡོད།
    de'i nang logs de'i brgyud/_'gro yi a yod/
  • ད་འདི་འགྲོ་ཡི་རེད། མཐུག་སའི་འདུག 
    da 'di 'gro yi red/_mthug sa'i 'dug_
  • འོ་འདུག་བཟོ་དེའི་གང་ཟེར།
    'o 'dug bzo de'i gang zer/
  • སྟོང་ཆ་དེ་བྲེག རྐོག་དགོ་རེད་པཱ། 
    stong cha de breg_rkog dgo red pA/_
  • འོང་། སྟོང་ཆ་བྲེག
    'ong /_stong cha breg
  • སྟོང་ཆ་དེ་བྲེགས་ཚར་ན་ད།
    stong cha de bregs tshar na da/
  • སྟོང་ཆ་བྲེགས་ཚར་བའི་གཞུག་གུར་ཨ་ནི་གཞི་ནས་བསྔོག་ཙམ་བསྔོག་ཙམ་བྱ་རྒྱུ་རེད།
    stong cha bregs tshar ba'i gzhug gur a ni gzhi nas bsngog tsam bsngog tsam bya rgyu red/
  • ད་དེ་འདྲས་བཟོ་འདྲ་ཞིག་ཆགས་པ་རེད་པཱ། ལྕགས་སྐུད་བརྒྱབ་ནས། ད་དེ་གཞི་ནས་རྐོག་པ་ཡིན་ན་རི་མོ་དེ་འདི་འདྲས་ཆགས་ཀྱི་རེད།
    da de 'dras bzo 'dra zhig chags pa red pA/_lcags skud brgyab nas/_da de gzhi nas rkog pa yin na ri mo de 'di 'dras chags kyi red/
  • འོ་འདུག་བཟོ།
    'o 'dug bzo/
  • ད་འདི་བརྐོས་བརྒྱབ་ཚར་པའི་དེ་རེད། འོང་།
    da 'di brkos brgyab tshar pa'i de red/_'ong /