Skip to main content Skip to search
15 Feb 2017
5 min 4 sec
Rinchen Dorji
Audio Overview
Creators: 
Yeshi Wangchuk, Penchela, Karma

Sonam Choden sings “The Stag Living on the Three Ridges” (Phusum Phula Zhukpe). The song describes three kinds of obstacles that a stag faces in life. In the winter, the stag has to bear the hardship of cold snow; in the summer, the heavy rainfall; and it has to spend its life escaping from the hunter’s arrow. The song also speaks about the obstacles fish have to face in life. We human beings also have to face similar challenges. Even though we are born in the most privileged class of beings in samsara, we are mostly unable to practice dharma. Aspirations should be made by all of us to be reborn in Bodhi Gaya, where the dharma has flourished.

བསོད་ནམས་ཆོས་སྒྲོན་གྱི་ ཕུག་སུ་ཕུག་ལ་བཞུགས་པའི་ཟེར་བའི་གླུ་གཞས་འདི་འཐེན་མས། གླུ་གཞས་འདི་གིས་ ཤཝ་གི་མི་ཚེ་ནང་ལུ་ སྡུག་བསངལ་དང་ བར་ཆད་གསུམ་མྱོང་བའི་སྐོར་ལས་བཤདཔ་ཨིན་མས། དེ་ཡང་ གནམ་དགུན་ལུ་ གྱང་འི་སྡུག་བསྔལ་དང་ གནམ་བྱཱ་ལུ་ ཆརཔ་རྐྱབ་ནི་དང་ ཚདཔ་ཚ་ནིའི་སྡུག་བསྔལ་དང་ དེ་ལས་ ཤ་རོགསཔ་ཚུ་གི་བདའ་འབག་བའི་སྡུག་བསྔལ་གསུམ་མྱོང་དགོཔ་ཨིན་མས། དེ་མ་ཚད་ ཉའི་མི་ཚེ་ནང་ལུ་ སྡུག་བསྔལ་མྱོང་དགོ་པའི་སྐོར་ལས་ཡང་བཤད་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ ང་བཅས་ཚུ་གིས་ སྐྱེ་བ་ནང་ལས་དྲག་ཤོས་ མི་གིས་ལུས་རྟེན་འཐོབ་སྟེ་འབད་རུང་ དམ་པའི་ཆོས་མ་གྲུབ་ནི་འདི་གིས་ དེ་བཟུམ་མའི་ སྡུག་བསྔལ་དང་ དཀའ་ངལ་ཚུ་མྱོང་དགོཔ་ཨིན་མས། དེ་འབདཝ་ལས་ ང་བཅས་ཚུ་གིས དམ་པའི་ཆོས་དར་ས་ ཡང་དག་པའི་ས་གནས་ བཱོཌ་ག་ཡ་སྐྱེ་ནིའི་ རེ་འདོད་བསྐྱེད་དགོ་པའི་སྐོར་ལས་ཨིན་མས། 

Transcript search
No results found for this search
0 of 0
  • བསོད་ནམས་ཆོས་སྒྲོན
    ཕུ་གསུས་ཕུ་ལ་བཞུགས་པའི་ལ་ནི་ཤ་ཝ་ང་ལ། །
  • བསོད་ནམས་ཆོས་སྒྲོན
    ཤ་ཝ་རང་ལ་འཁྲུལ་བ་ལ་ནི་ལན་གསུམ་འཁྲུལ། །
  • བསོད་ནམས་ཆོས་སྒྲོན
    བྱཱར་གསུམ་ཆར་པའི་ནང་དུ་ལ་ནི་ལན་གཅིག་འཁྲུལ་ལ། །
  • བསོད་ནམས་ཆོས་སྒྲོན
    དགུན་གསུམ་ཁ་བའི་ནང་དུ་ལ་ནི་ལན་གཉིས་འཁྲུལ། །
  • བསོད་ནམས་ཆོས་སྒྲོན
    མདའ་མོ་ལུས་ལ་འཁོར་ཏེ་ལ་ནི་ལན་གསུམ་འཁྲུལ་ལ། །
  • བསོད་ནམས་ཆོས་སྒྲོན
    ཕྱི་མ་ཤ་བའི་ལུས་སུ་ལ་ནི་སྐྱེ་མ་བཅུག །
  • བསོད་ནམས་ཆོས་སྒྲོན
    ཕྱི་མ་ཤ་བའི་ལུས་སུ་ལ་ནི་སྐྱེས་ཀྱང་ན་ལ། །
  • བསོད་ནམས་ཆོས་སྒྲོན
    གནས་ལ་རྡོ་རྗེ་གདན་ལུ་ལ་ནི་སྐྱེ་བར་ཤོག །
  • བསོད་ནམས་ཆོས་སྒྲོན
    ཆུ་གསུམ་ཆུ་ལ་བཞུགས་པའི་ལ་ནི་ཉ་མོ་ང་ལ། །
  • བསོད་ནམས་ཆོས་སྒྲོན
    ཉ་མོ་རང་ལ་འཁྲུལ་བ་ལ་ནི་ལན་གསུམ་འཁྲུལ། །
  • བསོད་ནམས་ཆོས་སྒྲོན
    བྱཱར་གསུམ་ཧུ་མ་ལོང་སྟེ་ལ་ནི་ལན་གཅིག་འཁྲུལ་ལ། །
  • བསོད་ནམས་ཆོས་སྒྲོན
    དགུན་གསུམ་འཁྱེག་གིས་བསྡམས་ཏེ་ལ་ནི་ལན་གཉིས་འཁྲུལ། །
  • བསོད་ནམས་ཆོས་སྒྲོན
    དགུན་གསུམ་འཁྱེག་གིས་བསྡམས་ཏེ་ལ་ནི་ལན་གཉིས་འཁྲུལ། །
  • བསོད་ནམས་ཆོས་སྒྲོན
    སྲམ་ཅུང་ལུས་ལ་འཁོར་ཏེ་ལ་ནི་ལན་གསུམ་འཁྲུལ་ལ། །
  • བསོད་ནམས་ཆོས་སྒྲོན
    ཕྱི་མ་ཉ་མོའི་ལུས་སུ་ལ་ནི་སྐྱེ་མ་བཅུག །
  • བསོད་ནམས་ཆོས་སྒྲོན
    ཕྱི་མ་ཉ་མོའི་ལུས་སུ་ལ་ནི་སྐྱེས་ཀྱང་ན་ལ། །
  • བསོད་ནམས་ཆོས་སྒྲོན
    མཚོ་ལ་པདྨ་ཅན་དུ་ལ་ནི་སྐྱེ་བར་ཤོག །
  • བསོད་ནམས་ཆོས་སྒྲོན
    གཡུས་གསུམ་གཡུས་ལ་བཞུགས་པའི་ལ་ནི་སྤྲང་པོ་(སྤྲང་མོ་)རང་ལ། །
  • བསོད་ནམས་ཆོས་སྒྲོན
    སྤྲང་པོ་(སྤྲང་མོ་)རང་ལ་འཁྲུལ་བ་ལ་ནི་ལན་གསུམ་འཁྲུལ། །
  • བསོད་ནམས་ཆོས་སྒྲོན
    སྐྱེས་པ་ཕོ་ལུས་མ་ཐོབ་ལ་ནི་ལན་གཅིག་འཁྲུས་ལ། །
  • བསོད་ནམས་ཆོས་སྒྲོན
    དམ་པའི་ཆོས་དང་མ་མཇལ་ལ་ནི་ལན་གཉིས་འཁྲུལ། །
  • བསོད་ནམས་ཆོས་སྒྲོན
    ཕྱི་མ་སྤྲང་པོའི་(སྤྲང་མོའི་)ལུས་སུ་ལ་ནི་སྐྱེ་མ་བཅུག་ལ། །
  • བསོད་ནམས་ཆོས་སྒྲོན
    ཕྱི་མ་སྤྲང་པོའི་(སྤྲང་མོའི་)ལུས་སུ་ལ་ནི་སྐྱེས་ཀྱང་ན། །
  • བསོད་ནམས་ཆོས་སྒྲོན
    གནས་ལ་རྡོ་རྗེ་གདན་ལུ་ལ་ནི་སྐྱེ་བར་ཤོག། །།