Skip to main content Skip to search
14 Feb 2017
9 min 14 sec
Rinchen Dorji
Audio Overview
Creators: 
Yeshi Wangchuk, Penchela, Karma

A group of women from Talo Geog in the Phunakha District sings “The Lake in the Centre” (Tsode Ükyi Tsomo), a zhungdra song and dance that seems to be very popular in their community. The lyrics to the song describe the origins of the different materials required to prepare a “vase” (bumpa), a religious object. The verses say that the vase itself comes from a lake; a peacock feather from eastern India is used as the vase’s detachable topper; coral and turquoise from Tibet are used to decorate the neck of the vase; a cloth piece that covers the vase comes from eastern India; the holy water inside the vase comes from a sacred river, Aeray Tsangmo, which has its source in Tibet and has the power to cleanse the defilements from one's body; and the flagrant camphor that is added to the holy water comes from a valley called Khachey. Thus, the song convers every aspect of the sacred vase. 

གཞུང་སྒྲའི་གླུ་གཞས་ མཚོ་འདི་དབུས་ཀྱི་མཚོ་མོ་ཟེར་མི་འདི་ རྟ་ལོག་གི་ ཨམ་སྲུ་ཚུ་གིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ རྟ་ལོག་ལུ་ ཡོངས་གྲགས་ཡོདཔ་བཟུམ་ཅིག་འདུག། གླུ་གཞས་ཀྱི་ཚིག་ནང་ ཆོས་ཆས་བུམ་པའི་ ཅ་ཆས་མ་འདྲཝ་ཚུའི་ འབྱུང་ཁུངས་བཤད་ཨིནམ་ད་ བུམ་པ་འདི་ར་ མཚོ་ནང་ལས་འབྱུང་བྱུངམ་དང་ བུམ་པོའི་ཁ་རྒྱན་སྦེ་བཀལ་མི་ རྨ་བྱའི་མདོངས་སྒྲོ་འདི་ རྒྱ་གར་ཤར་ལས་འབྱུང་བྱུངམ་དང་ བུམ་པའི་སྐེད་ལུ་བཏགས་མི་ གཡུ་དང་བྱུ་རུ་འདི་ བོད་ལས་འབྱུང་བྱུང་དང་ བུམ་པ་སྤུར་མི་རས་འདི་ རྒྱ་གར་ཤར་དང་ འདི་ནང་གི་ཁྲུས་ཆུ་འདི་ བོད་ཀྱི་གཙང་ཆུ་ ཨ་རེ་གཙང་མོ་ཟེར་མི་འདི་འབྱུང་བྱུང་དང་ ཁྲུས་ཆུ་ནང་ཆུ་ནང་བླུགས་མི་ དྲི་བཟའ་ག་བུར་འདི་ ཁ་ཆས་ཟེར་བའི་གཡུས་ལས་ འབྱུང་བྱུང་སྦེ་ བཤདཔ་ཨིན་པས། འདི་འབདཝ་ལས་ གླུ་གཞས་འདི་གིས་ བུམ་པ་ལུ་དགོ་པའི་ ཅ་ལ་ཆ་མཉམ་གྱི་སྐོར་ལས་ བརྡ་དོན་སྟོན་ཨིན་པས། 

Transcript search
No results found for this search
0 of 0
  • ལྷ་མོ་དང་ཆ་རོགས་ཚུ་
    མཚོ་སྟོད་ལ་དབུས་ཀྱི་ལ་མཚོ་མོ་ལ་ནི་སོ་ཡ་ལ། །གསེར་སྐུ་བདག་ལ་གཉན་མོ་ཅིག །
  • ལྷ་མོ་དང་ཆ་རོགས་ཚུ་
    མཚོ་སྟོད་ལ་དབུས་ཀྱི་ལ་མཚོ་མོ་ལ་ནི་སོ་ཡ་ལ། །མཚོ་བདག་ལ་གཉན་མོ་ཅིག །
  • ལྷ་མོ་དང་ཆ་རོགས་ཚུ་
    དབུས་ཀྱི་ལ་ལྕགས་ཀྱུ་ལ་ནོར་བུ་ལ་ནི་སོ་ཡ་ལ། །གསེར་སྐུ་ལ་ལྕོག་ང་ལ་བུད། །
  • ལྷ་མོ་དང་ཆ་རོགས་ཚུ་
    དབུས་ཀྱི་ལ་ལྕགས་ཀྱུག་ལ་ནོར་བུ་ལ་ནི་སོ་ཡ་ལ། །གསེར་སྐུ་ལ་ལྕོག་ང་ལ་བུད། །
  • ལྷ་མོ་དང་ཆ་རོགས་ཚུ་
    རྒྱ་ཡི་གཡུས་ལས་འཐོན་མི་ལ་ནི་སོ་ཡ་ལ། །རྒྱ་གཡུས་ལ་གསོན་ན་ལ་ཁ་དར། །
  • ལྷ་མོ་དང་ཆ་རོགས་ཚུ་
    རྒྱ་ཡི་གཡུས་ལས་འཐོན་མི་ལ་ནི་སོ་ཡ་ལ། །རྒྱ་གཡུས་ལ་གསོན་ན་ལ་ཁ་དར། །
  • ལྷ་མོ་དང་ཆ་རོགས་ཚུ་
    རྣམ་རྒྱལ་ཚེ་དབང་བུ་པའི་ལ་ནི་སོ་ཡ་ལ། །ན་བཟའ་ལ་གནས་བུ་གཅིག་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    རྣམ་རྒྱལ་ཚེ་དབང་བུ་པའི་ལ་ནི་སོ་ཡ་ལ། །ན་བཟའ་ལ་གནས་བུ་གཅིག་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    རྒྱ་གར་ཤར་ལས་འཐོན་མི་ལ་ནི་སོ་ཡ་ལ། །རྒྱ་གཡུས་ལ་རྨ་བྱ་ལ་མདོངས་སྒྲོ། །
  • ལྷ་མོ་དང་ཆ་རོགས་ཚུ་
    རྒྱ་གར་ཤར་ལས་འཐོན་མི་ལ་ནི་སོ་ཡ་ལ། །རྒྱ་གཡུས་ལ་རྨ་བྱ་ལ་མདོངས་སྒྲོ། །
  • ལྷ་མོ་དང་ཆ་རོགས་ཚུ་
    རྣམ་རྒྱལ་ཚེ་དབང་བུམ་པའི་ལ་ནི་སོ་ཡ་ལ། །ཁ་རྒྱན་ལ་གནས་བུ་གཅིག་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    རྣམ་རྒྱལ་ཚེ་དབང་བུམ་པའི་ལ་ནི་སོ་ཡ་ལ། །ཁ་རྒྱན་ལ་གནས་བུ་གཅིག་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    བོད་ཀྱི་གཡུས་ལས་འཐོན་མི་ལ་ནི་སོ་ཡ་ལ། །གཡུ་དང་ལ་བྱི་རུ་ལ་ཕུལ་ཤིག(ཅིག) །
  • ལྷ་མོ་དང་ཆ་རོགས་ཚུ་
    བོད་ཀྱི་གཡུས་ལས་འཐོན་མི་ལ་ནི་སོ་ཡ་ལ། །གཡུ་དང་ལ་བྱི་རུ་ལ་ཕུལ་ཤིག(ཅིག) །
  • ལྷ་མོ་དང་ཆ་རོགས་ཚུ་
    རྣམ་རྒྱལ་ཚེ་དབང་བུམ་པའི་ལ་ནི་སོ་ཡ་ལ། །ཁྲག་གི་ལ་གནས་བུ་གཅིག་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    རྣམ་རྒྱལ་ཚེ་དབང་བུམ་པའི་ལ་ནི་སོ་ཡ་ལ། །ཁྲག་གི་ལ་གནས་བུ་གཅིག་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཁ་ཆེ་ཞིང་ལས་འཐོན་མི་ལ་ནི་སོ་ཡ་ལ། །ཆུ་ཆེན་ལ་གཡས་རི་ལ་གཙང་མོ། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཁ་ཆེ་ཞིང་ལས་འཐོན་མི་ལ་ནི་སོ་ཡ་ལ། །ཆུ་ཆེན་ལ་གཡས་རི་ལ་གཙང་མོ། །
  • ལྷ་མོ་དང་ཆ་རོགས་ཚུ་
    རྣམ་རྒྱལ་ཚེ་དབང་བུམ་པའི་ལ་ནི་སོ་ཡ་ལ། །ཁྲུས་ཆུ་ལ་གནས་བུ་གཅིག་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    རྣམ་རྒྱལ་ཚེ་དབང་བུམ་པའི་ལ་ནི་སོ་ཡ་ལ། །ཁྲུས་ཆུ་ལ་གནས་བུ་གཅིག་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཁ་ཆེ་གཡུས་ལས་འཐོན་མི་ལ་ནི་སོ་ཡ་ལ། །དྲི་བཟང་ལ་ཤེས་རིག་ལ་ཁག་ཆེ། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཁ་ཆེ་གཡུས་ལས་འཐོན་མི་ལ་ནི་སོ་ཡ་ལ། །དྲི་བཟང་ལ་ཤེས་རིག་ལ་ཁག་ཆེ། །
  • ལྷ་མོ་དང་ཆ་རོགས་ཚུ་
    རྣམ་རྒྱལ་ཚེ་དབང་བུམ་པའི་ལ་ནི་སོ་ཡ་ལ། །བུམ་རྫས་ལ་གནས་བུ་གཅིག་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    རྣམ་རྒྱལ་ཚེ་དབང་བུམ་པའི་ལ་ནི་སོ་ཡ་ལ། །བུམ་རྫས་ལ་གནས་བུ་གཅིག་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    མ་གཅིག་ཤ་བའི་རྭ་བཅུ་ལ་ནི་སོ་ཡ་ལ། །གཅིག་ན་ལ་གཞོན་པའི་གི་ཞབས་ཁྲ། །
  • ལྷ་མོ་དང་ཆ་རོགས་ཚུ་
    མ་གཅིག་ཤ་བའི་རྭ་བཅུ་ལ་ནི་སོ་ཡ་ལ། །གཅིག་ན་ལ་གཞོན་པའི་གི་ཞབས་ཁྲ། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཞབས་ཁྲ་འཁྲབ་པའི་ལས་ཡོང་ལ་ནི་སོ་ཡ་ལ། །ཤར་ཡི་གཡུས་ལ་གཅིག་བཞུགས་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཞབས་ཁྲ་འཁྲབ་པའི་ལས་ཡོང་ལ་ནི་སོ་ཡ་ལ། །ཤར་ཡི་གཡུས་ལ་གཅིག་བཞུགས་ཡོད། །
  • ལྷ་མོ་དང་ཆ་རོགས་ཚུ་
    མ་རྡུང་རྒྱ་གར་ལས་ཡོང་ལ་ནི་སོ་ཡ་ལ། །རྡུང་ན་ལ་ཕོ་མི་གི་བཟེད་ཁུག །
  • ལྷ་མོ་དང་ཆ་རོགས་ཚུ་
    མ་རྡུང་རྒྱ་གར་ལས་ཡོང་ལ་ནི་སོ་ཡ་ལ། །རྡུང་ན་ལ་ཕོ་མི་གི་བཟེད་ཁུག །
  • ལྷ་མོ་དང་ཆ་རོགས་ཚུ་
    འཛུལ་ཁོག་ཚར་པའི་ལས་ཡོང་ལ་ནི་སོ་ཡ་ལ། །ཡུམ་ཕྲང་ལ་གསེར་གྱི་ལ་དཀོརམོ། །
  • ལྷ་མོ་དང་ཆ་རོགས་ཚུ་
    འཛུལ་ཁོག་ཚར་པའི་ལས་ཡོང་ལ་ནི་སོ་ཡ་ལ། །གཡུ་ཕྲ་ལ་གསེར་གྱི་ལ་དཀོརམོ།། །།