Skip to main content Skip to search
14 Feb 2017
6 min 4 sec
Rinchen Dorji
Audio Overview
Creators: 
Yeshi Wangchuk, Penchela, Karma

La Zhupai Gyalpo La is an old Boedra song sang by Wangmo from Paro Dzongkhag. The song is quite long as it describes several Dzongkhag and its popular places that are renoun and sacred in nature. It covers most of important Dzongkhags such as Gasa, Bumthang, Dagana, Thimphu Wangdue, Punakha and few sacred places from  Tibet. The song introduces the key sacred places from those districts. For instance Samye in Tibet, Jampa Lhakhang in Bumthang, Goen at Gasa Machen (the sacred temple of Punakha Dzong) etc.

ལ་བཞུགས་པའི་རྒྱལ་པོ་ལ་ཟེར་མི་འདི་ བོད་སྒྲའི་གླུ་གཞས་རྙིངམ་འདི་ སྤ་རོ་རྫོང་ཁག་ལས་ དབང་མོ་གིས་འཐེནམ་ཨིནམ་ད་ འདི་ནང་ མིང་གཏམ་ཅན་དང་ བྱིན་ཅན་གྱི་རང་བཞིན་ཨིན་མི་ རྫོང་ཁག་དག་པ་ཅིག་གི་སྐོར་ལས་ འགྲེལ་བཤད་རྐྱབ་མི་ གླུ་གཞས་རིངམོ་ཅིག་ཨིན་མས། འདི་ནང་ མགར་ས་ལུ་དགོན་དང་ བུམ་ཐང་ལུ་བྱམས་པ་ལྷ་ཁང་ སྤུན་ན་ཁའི་མ་ཆེན་ཚུའི་གཙོས་པའི་ དབང་འདུས་ཕོ་བྲང་དང་ ཐིམ་ཕུག་རྫོང་ཁག་ འདི་ལས་གཞན་ཡང་བོད་ཀྱི་ས་གནས་ བྱིན་ཅན་དག་པ་ཅིག་གི་སྐོར་ལས་སླབ་མས། 

Transcript search
No results found for this search
0 of 0
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །ལྷ་ས་མི་ཆགས་ལྷ་ས་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །ལྷ་ས་ཇོ་བོའི་སྐུ་མདུན་(སྐུ་བརྙན་)ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །བསམ་ཡས་མི་ཆགས་བསམ་ཡས་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །བསམ་ཡས་བྱེ་མའི་སྟེང་ལུ་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །བྱང་རྩེ་མི་ཆགས་བྱང་རྩེ་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །བྱང་རྩེ་[ཡོད་ག་རྩེ་ལུ་?]ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །ཕག་རི་མི་ཆགས་ཕག་རི་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །ཕག་རི་བསམ་པའི་ལྷ་ཁང་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །མགར་ས་མི་ཆགས་མགར་ས་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །མགར་ས་དགེ་བསྙེན་སྒོ་མོ་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །བུམ་ཐང་མི་ཆགས་བུམ་ཐང་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །བུམ་ཐང་བྱམས་པའི་ལྷ་ཁང་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །ཀྲོང་གསར་མི་ཆགས་ཀྲོང་གསར་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །ཀྲོང་གསར་དགའ་རབ་དབང་ཕྱུག་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །དར་དཀར་མི་ཆགས་དར་དཀར་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །དར་དཀར་ཀ་ལི་རྫིང་ཁ་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །དབང་འདུས་མི་ཆགས་དབང་འདུས་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །དབང་འདུས་ར་བྲག་ལྷ་ཁང་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །སྤུ་ན་མི་ཆགས་སྤུ་ན་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །སྤུ་ན་མ་ཆེན་སྐུ་མདུན་(སྐུ་བརྙན་)ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །ཐིམ་ཕུག་མི་ཆགས་ཐིམ་ཕུག་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །ཐིམ་ཕུག་ལྷ་མོའི་སྒྲུབ་མཆོད་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །སྤ་རོ་མི་ཆགས་སྤ་རོ་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་བཞུགས་པའི་རྒྱལ་པོ་ལ། །སྤ་རོ་ཧཱུཾ་རལ་དགོན་པ་ཆགས་ལ། །ལགས་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་
    ལགས་སོ།