Skip to main content Skip to search
15 Feb 2017
6 min 45 sec
Samten Yeshi
Audio Overview
Creators: 
Yeshi Wangchuk, Penchela, Karma

Aum Lemo and her friends from Trongsa Dzongkhag sing in this video “Jayi Yueley Thoenpai,” which could be translated as “[Products] Originating from India.” The song, expressed in a female voice, talks about making auspicious offerings to the gods and the buddhas of the past, present and future. Firstly, an offering of special scarfs and brocade from India is made to the above-mentioned gods and buddhas. Offerings of corals from Tibet and golden liquor from the south are also made to the meditating gods and the three buddhas. Lastly, one’s own dance and songs are offered to please figures meditating on the hills. Thus, through such offerings one wishes to please the spiritual figures. 

བརྙན་འཁོར་འདི་ནང་ ཀྲོང་གསར་རྫོང་ཁག་ནང་ལས་ ཨམ་ལེ་མོ་དང་ མོ་གིས་ཆ་རོགས་ཚུ་གིས་ གླུ་གཞས་ རྒྱའི་གཡུས་ལས་འཐོན་པའིཟེར་མི་འཐེན་དོ་ཡོདཔ་ཨིན། གླུ་ཞགས་འདི་ མོ་སྐད་ཐོག་ལས་འཐེན་ཡོདཔ་དང་ གླུ་གཞས་འདི་ དུས་གསུམ་གྱིས་སངས་རྒྱས་ཚུ་ལུ་ མཆོད་པ་ཕུལ་བའི་སྐོར་ལས་ཨིན་མས། འགོ་དང་པ་རང་ རྒྱ་གར་ལས་ དར་དང་གོས་ཆེན་འབག་ཞིནམ་ལས་ སངས་རྒྱས་ཚུ་ལུ་ཕུལ་དོ་ཡོདཔ་ཨིན། དེ་གིས་ཤུལ་ལས་ བོད་ལས་ བྱུ་རུ་དང་ ལྷོ་ཕྱོགས་ལས་ གསེར་གྱི་འདི་ དུས་གསུམ་གྱི་སངས་རྒྱས་དང་ བསམ་གཏན་གྱི་ལྷ་ཚུ་ལུ་ཕུལ་དོ་ཡོདཔ་ཨིན། མཇུག་ལུ་རང་ གླུའི་མཆོད་པ་འདི་ རི་གུ་ལུ་ སྐུ་མཚམས་བཅད་མི་ཚུ་ལུ་ཕུལ་དོ་ཡོདཔ་ཨིན། དེ་སྦེ་མཆོད་པ་ཕུལ་ཞིནམ་ལས་ བླམ་དང་ སངས་རྒྱས་ཚུ་ ཐུགས་རྒྱས་བཅུགཔ་ཨིན་མས།  

Transcript search
No results found for this search
0 of 0
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    རྒྱ་ཡི་ཡུལ་ལས་འཐོན་པའི་དར་དང་ཡ་ལ་གོས་ཆེན། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    འཐོན་པའི་དར་དང་གོས་ཆེན་ཡར་གྱི་རི་ལ་ཕུལ། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    བླ་མ་དུས་གསུམ་སངས་རྒྱས་ན་བཟའ་ཡ་ལ་ཕུལ་ཡོད། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    བླ་མ་དུས་གསུམ་སངས་རྒྱས་ན་བཟའ་ཡ་ལ་ཕུལ། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    བོད་ཀྱི་ཡུལ་ལས་འཐོན་པའི་བྱུ་རུ་ཡ་ལ་ཕུལ་ཤིག །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    འཐོན་པའི་བྱུ་རུ་ཕུལ་ཤིག་ཡར་གྱི་རི་ལ་ཕུལ། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    བླ་མ་དུས་གསུམ་སངས་རྒྱས་ཐུགས་དམ་ཡ་ལ་ཕུལ་ཡོད། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    བླ་མ་དུས་གསུམ་སངས་རྒྱས་ཐུགས་དམ་ཡ་ལ་ཕུལ། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    ལྷོ་ཡི་ཡུལ་ལས་འཐོན་པའི་སུམ་ཆང་ཡ་ལ་སེར་མོ། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    འཐོན་པའི་སུམ་ཆང་སེར་མོ་ཡར་གྱི་རི་ལ་ཕུལ། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    བླ་མ་དུས་གསུམ་སངས་རྒྱས་བཞེས་སྤྲོ་ཡ་ལ་ཕུལ་ཡོད། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    བླ་མ་དུས་གསུམ་སངས་རྒྱས་བཞེས་སྤྲོ་ཡ་ལ་ཕུལ། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    སྨན་ཆུང་རང་ལས་འཐོན་པའི་གླུ་གར་ཡ་ལ་ཚིག་གསུམ། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    འཐོན་པའི་གླུ་གར་ཚིག་གསུམ་ཡར་གྱི་རི་ལ་ཕུལ། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    བླ་མ་དུས་གསུམ་སངས་རྒྱས་ཐུགས་སྤྲོ་ཡ་ལ་ཕུལ་ཡོད། །
  • ཆོས་སྒྲོན་དང་ཆ་རོགས་ཚུ་
    བླ་མ་དུས་གསུམ་སངས་རྒྱས་ཐུགས་སྤྲོ་ཡ་ལ་ཕུལ།། །།