Skip to main content Skip to search
15 Dec 2011
1 min 54 sec
David Germano
Audio Overview
Creators: 
Unknown

This song concerns meetings with various saints: Maitreya, (unknown?), Padmasambhava, and Tara. This song is sung at New Year's celebrations, when raising prayer flag poles, and at parties.

བོད་སྐད་དུ་དང་པོ་།་རྒྱལ་བ་བྱམས་པ་མཇལ་བྱུང་།་གཉིས་པ་།་བཀའ་མ་སུམ་བུ་པ་མཇལ་བྱུང་།་གསུམ་པ་།་པད་མ་འབྱུང་གནས་མཇལ་བྱུང་།་བཞི་པ་།་སྒྲོལ་མ་མཇལ་བྱུང་།་ལོ་གསར་དང་།་དར་ལྕོག་བཞེངས་སྐབས་།་སྐྱིད་པོ་བྱེད་སྐབས་སུ་གཏོང་བ་།་དཀོན་མཆོག་རྒྱ་མཚོས

Transcript search
No results found for this search
0 of 0
  • དགའ་ས་ཡ་ལའི་ཚུར་ལ་ནི་ཡོང་པའི། སྐྱིད་ས་ཡ་ལའི་ངས་གླུ་ཅིག་འཛོམས། ང་ཅག་ཡ་ལ་གཞོན་ལ་ནི་གཞོན་འཛོམས་འཛོམས་བྱུང་། དཔུང་པའི་ཡ་ལཱ་དཀར་རྒྱན་ཅིག་བཞེངས། 
    dga' sa ya la'i tshur la ni yong pa'i/_skyid sa ya la'i ngas glu cig 'dzoms/_nga cag ya la gzhon la ni gzhon 'dzoms 'dzoms byung /_dpung pa'i ya lA dkar rgyan cig bzhengs/_
  • སྐུ་གཟུགས་ཆེ་བ་ལ་མཇལ་བྱུང་། སྐུ་གཟུགས་ཆེ་བ་ལ་མཇལ་བྱུང་། ཡ་ལ་སྒང་ནས་རྒྱལ་བ་བྱམས་པ་ལ་མཇལ་བྱུང་། ཡ་ལ་སྒང་ནས་རྒྱལ་བ་བྱམས་པ་ལ་མཇལ་བྱུང་། 
    sku gzugs che ba la mjal byung /_sku gzugs che ba la mjal byung /_ya la sgang nas rgyal ba byams pa la mjal byung /_ya la sgang nas rgyal ba byams pa la mjal byung /_
  • སྐུ་གཟུགས་ཆུང་བ་ལ་མཇལ་བྱུང་། སྐུ་གཟུགས་ཆུང་བ་ལ་མཇལ་བྱུང་། ཡ་ལ་སྒང་ནས་སྒྲོལ་མ་གསུང་བྱོན་ལ་མཇལ་བྱུང་། ཡ་ལ་སྒང་ནས་སྒྲོལ་མ་གསུང་བྱོན་ལ་མཇལ་བྱུང་། 
    sku gzugs chung ba la mjal byung /_sku gzugs chung ba la mjal byung /_ya la sgang nas sgrol ma gsung byon la mjal byung /_ya la sgang nas sgrol ma gsung byon la mjal byung /_
  • ཁ་དོག་བའི་མཚར་བ་ལ་མཇལ་བྱུང་། ཁ་དོག་མཚར་བ་ལ་མཇལ་བྱུང་། ཡ་ལ་སྒང་ནས་པད་མ་འདབ་རྒྱས་མཇལ་བྱུང་། ཡ་ལ་སྒང་ནས་པད་མ་འདབ་རྒྱས་ལ་མཇལ་བྱུང་། 
    kha dog ba'i mtshar ba la mjal byung /_kha dog mtshar ba la mjal byung /_ya la sgang nas pad ma 'dab rgyas mjal byung /_ya la sgang nas pad ma 'dab rgyas la mjal byung /_
  • དྲི་མ་ཞིམ་པ་མཇལ་བྱུང་། དྲི་མ་ཞིམ་པ་ལ་མཇལ་བྱུང་། ཡ་ལ་སྒང་ནས་ལྷ་ཤིང་ཤུག་པ་ཅིག་མཇལ་བྱུང་། ཡ་ལ་སྒང་ནས་ལྷ་ཤིང་ཤུག་པ་ཅིག་མཇལ་བྱུང་། 
    dri ma zhim pa mjal byung /_dri ma zhim pa la mjal byung /_ya la sgang nas lha shing shug pa cig mjal byung /_ya la sgang nas lha shing shug pa cig mjal byung /_