Skip to main content Skip to search
15 Feb 2017
5 min 34 sec
Samten Yeshi
Audio Overview
Creators: 
Yeshi Wangchuk, Penchela, Karma

Goenzang Gi Chogla is an old Boedra song sung by Choden in Karma studio at Jungshina under Thimphu district. The song explicitly advices the listeners about the responsibilities and entities of different individuals and figures for the benefit of the nation. To describe few of the important figures mentioned in the song are the qualified or guniene precious masters who are are entitled to stay in the monastries, the powerful King is considered as religious ruler, if he can look at the walefare of the people, The responsibility of the parents in the village are raise the kids and to make producitivity citizen for future of nation. Thus, the song seems patriotic song, since it encourages to the listners to get capable citizens at any level of the society. 

གླུ་གཞས་འདི་གིས་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ མཛད་བྱ་བཟང་པོ་མཛད་མི་ཚུ་གིས་སྐོར་ལས་བཤད་དོ་ཡོདཔ་ཨིན། དེ་སྦེ་ མཛད་བྱ་བཟང་པོ་མཛད་མི་ཚུ་ཡང་ སེམསཅན་ལུ་འགྲོ་དོན་མཛད་དེ་ ལྷ་ཁང་དང་ དགོན་སྡེ་ནང་བཞུགས་མི་ བླམ་ཆོསཔ་དང་ མི་སེར་གྱི་སྐྱིད་སྡུག་གཟིགས་མི་ བྱང་སེམསཅན་གྱི་རྒྱལ་པོ་དང་ བུ་གཞི་ལུ་བྱམས་སྐྱོང་འབད་མི་ ཕམ་ཚུ་ཨིན་ཟེར་ གླུ་གཞས་ནང་ལུ་བཀོད་དེ་ཡོདཔ་ཨིན། དེ་མ་ཚད་ གླུ་གཞས་འདི་གིས་ དགེ་བ་གྲུབ་ནི་དང་ རྒྱལ་ཁབ་ལུ་ཕྱག་ཞུ་ནི་ དེ་ལས་ གཉེན་གྲོགས་ལུ་ ཐ་དང་དམ་ཚིག་བཏོན་དགོ་པའི་སྐོར་ལས་ཡང་བཤད་དོ་ཡོདཔ་ཨིན། དེ་འབདཝ་ལས་ གླུ་གཞས་འདི་གིས་ གླུ་གཞས་ཉན་མི་གེ་ར་ རྒྱལ་ཁབ་ལུ་ཤ་ཚ་ནི་དང་ ཕྱག་ཕྱིད་ལེགས་ཤོམ་ཞུ་ནིའི་དོན་ལུ་ སེམས་ཤུགས་བསྐྱེད་བཅུགཔ་ཨིན་མས། 

Transcript search
No results found for this search
0 of 0
  • ཆོས་སྒྲོན
    དགོན་བཟང་ཁྲ་མོའི་ནང་དུ། །བླ་མ་ལ་བརྒྱ་དང་རྩ་བརྒྱད།།བླ་མ་ལ་བརྒྱ་དང་རྩ་བརྒྱད། །
  • ཆོས་སྒྲོན
    མཚན་ལྡན་དངོས་སུ་འདི་ནང་(ཡིན་ན)། །མཚན་ལྡན་ལ་བླ་མ་བཞུགས་ཆོག །མཚན་ལྡན་ལ་བླ་མ་བཞུགས་ཆོག །
  • ཆོས་སྒྲོན
    རྫོང་ཆེན་ཁྲ་མོའི་ནང་དུ། །དབང་ཆེན་ལ་བརྒྱ་དང་རྩ་བརྒྱད།།དབང་ཆེན་ལ་བརྒྱ་དང་རྩ་བརྒྱད། །
  • ཆོས་སྒྲོན
    མི་སེར་ལ་བདེ་བ་བཀོད་ན། །དཔོན་བཟང་ལ་ཆོས་ཀྱི་རྒྱལ་པོ། །དཔོན་བཟང་ལ་ཆོས་ཀྱི་རྒྱལ་པོ། །
  • ཆོས་སྒྲོན
    གཟིམ་ཅུང་ཁྲ་མོའི་ནང་དུ། །ཡབ་ཡུམ་ལ་བརྒྱ་དང་རྩ་བརྒྱད། །ཡབ་ཡུམ་ལ་བརྒྱ་དང་རྩ་བརྒྱད། །
  • ཆོས་སྒྲོན
    བུ་ཚུ་ལ་བསླབ་སྟོན་མཁས་ན། །བྱམས་བརྩེ་ལ་ཕ་མའི་ཡང་སྲིད།།བྱམས་བརྩེ་ལ་ཕ་མའི་ཡང་སྲིད། །
  • ཆོས་སྒྲོན
    དྲིན་ཅན་ཨ་མའི་ཕང་དུ། །གཅེས་ཕྲུག་ལ་བརྒྱ་དང་རྩ་བརྒྱད། །གཅེས་ཕྲུག་ལ་བརྒྱ་དང་རྩ་བརྒྱད། །
  • ཆོས་སྒྲོན
    ཕ་མའི་ལ་དྲིན་ལན་འཇལ་ན། །བུ་ཚུ་ལ་བསོད་ནམས་ཡར་འཕེལ།།བུ་ཚུ་ལ་བསོད་ནམས་ཡར་འཕེལ། །
  • ཆོས་སྒྲོན
    གཡུས་བཟང་ཁྲ་མོའི་ཕྱོགས་ལ། །ཕོ་མོ་ལ་བརྒྱ་དང་རྩ་བརྒྱད། །ཕོ་མོ་ལ་བརྒྱ་དང་རྩ་བརྒྱད། །
  • ཆོས་སྒྲོན
    གཉེན་གྲོགས་ལ་དམ་ཚིག་མཐུན་ན། །གཞུང་བཟང་ལ་མི་གི་དཔའ་བོ།།གཞུང་བཟང་ལ་མི་གི་དཔའ་བོ། །
  • ཆོས་སྒྲོན
    མགྲིན་བཟང་ལ་མགུལ་གྱི་ནང་དུ། །གླུ་དབྱངས་ལ་བརྒྱ་དང་རྩ་བརྒྱད།།གླུ་དབྱངས་ལ་བརྒྱ་དང་རྩ་བརྒྱད། །
  • ཆོས་སྒྲོན
    མཆོད་བསྟོད་ལ་སྤུན་གསུམ་འབྱུང་ན། །ལྷ་མི་ལ་དགྱེས་པའི་ཆོས་དབྱངས། །ལྷ་མི་ལ་དགྱེས་པའི་ཆོས་དབྱངས། །
  • ཆོས་སྒྲོན
    རང་སེམས་ལ་འཁྲུལ་བའི་ནང་དུ། །བསམ་བློ་ལ་བརྒྱ་དང་རྩ་བརྒྱད། །བསམ་བློ་ལ་བརྒྱ་དང་རྩ་བརྒྱད། །
  • ཆོས་སྒྲོན
    གཞན་ཕན་ལ་སེམས་བཟང་ཡོད་ན། །མི་གི་ལ་ནོར་བུ་ཨིན་ནོ།།མི་གི་ལ་ནོར་བུ་ཨིན་ནོ།། །།