Skip to main content Skip to search
14 Apr 2020
1 min 31 sec
Tracy Joosten
Audio Overview
Creators: 
Tsewang Drolma

This song reflects characteristics of the Gyalrong people: they are people who love and take pride in their nation, hold strong values, and are very intelligent. Gyalrong people usually sing this song when they greet friends and guests from far away.

བྲོ་གླུ་འདི་ལ་བལྟས་ན་རྒྱལ་མོ་ཚ་བ་རོང་འདི་ནི་རང་རུས་ཀྱི་མི་རིགས་ལ་དགའ་ཞེན་ཆེ་བ་དང་ཡ་རབས་ཀྱི་ཀུན་སྤྱོད་དང་ལྡན་པ་ཞིག་ཡིན་པ་མཚོན་ཐུབ་ལ་རིག་པ་རྣོ་བའི་མི་རིགས་ཤིག་ཡིན་པ་ཡང་གོ་ཐུབ་བོ།།  ཚིག་ནི་འདི་ལྟ་སྟེ་ཨོ་མགྲོན་པོ་ཁྱེད་ལྟ་བུ་འདིར་ཡོང་བ་ངོ་མཚར་ཤིན་ཏུ་ཆེ་ཞིང་ལྷོད་པོ་བཞུགས་དང་ངེད་གཉིས་གྲོགས་པོ་བྱས་ན་ཨེ་འགྲིག་གམ།  ས་ལ་ཞབས་སྟན་འཇམ་པོ་བཏང་ཡོད་ལ།    སྟན་ནི་སྤང་གི་དཀྱིལ་ནས་བཏང་ཡོད་ཅེས་སོ།།  དེ་ནི་གཙོ་བོ་ཐག་རིང་གི་མགྲོན་པོ་སླེབས་དུས་སུ་འཁྲབ་པའི་གླུ་ཞིག་ཡིན་ནོ།།  རྒྱལ་ཆེན་གར་ཡིན་ལ་ཕོ་མོ་རྣམས་ཀྱིས་རེས་མོ་བྱས་ནས་ལེན་རྒྱུ་ཞིག་གོ།

从这首歌可以看出来嘉戎人民热爱本民族,有雅兴的人,也可以看出来一个聪明的民族。这支歌舞主要是迎接远方的朋友时演唱的。