Skip to main content Skip to search
15 Feb 2017
5 min
Rinchen Dorji
Audio Overview
Creators: 
Yeshi Wangchuk, Penchela, Karma

Sonam Choden sings “Great Father Dechen Künzang” (Yapchen Dechen Künzang). The lyrics to this song are in the first person and express a request to the great father Dechen Künzang that he bring the devout to the place where the dakinis reside. If he does not do so, the lyrics say, the curse of the dakinis will fall upon the devout. The song also describes the ornaments that the devout wears, such as a crown, earrings, amulets, and a mirror that is held in the left hand. All these are accruements of the protector deity, or Mahakala. His power will help the devout that goes to the palace of the dakinis. 

བསོད་ནམས་ཆོས་སྒྲོན་གྱི་ གླུ་གཞས་ཡབ་ཆེན་བདེ་ཆེན་ཀུན་བཟང་ཟེར་མི་འདི་འཐེནམ་ཨིནཡ་མས། གླུ་གཞས་འདི་ གང་ཟག་དང་པོ་གིས་ཐོག་ལས་ འཐེན་ཏེ་ཡོདཔ་ཨིནམ་དང་ གླུ་གཞས་ཀྱི་ཚིག་ནང་ལུ་ ཡབ་ཆེན་ཨ་པ་བདེ་ཆེན་ཀུན་བཟང་ལུ་ དད་ཤུགས་ཅན་ཚུ་ མཁའ་འགྲོ་མ་བཞུགས་ས་ལུ་ འབག་དགོ་པའི་ཞུ་བ་ཕུལ་དོ་ཡོདཔ་དང་ གལ་སྲིད་ འཁྱིད་མ་འབག་བ་ཅིན་ མཁའ་འགྲོ་མའི་ངན་ནུས་འདི་ དད་ཤུགས་ཅན་གུ་ཕོག་འོང་ཟེར་བཤད་དོ་ཡོདཔ་ཨིན། དེ་མ་ཚད་ གླུ་གཞས་ཀྱི་ཚིག་ནང་ལུ་ 

Transcript search
No results found for this search
0 of 0
  • བསོད་ནམས་ཆོས་སྒྲོན
    ལེ་ཡབ་ཆེན་བདེ་ཆེན་ཀུན་བཟང་ལ་གཉེན་གྲོགས་མཛད་ལ། །
  • བསོད་ནམས་ཆོས་སྒྲོན
    བུ་མོ་མཁའ་འགྲོ་གླིང་ལུ་ལ་ནི་བཏང་ར་ཅིག(གཏང་བར་མཛོད)། །
  • བསོད་ནམས་ཆོས་སྒྲོན
    ལེ་བུ་མོ་མཁའ་འགྲོ་གླིང་ལུ་ལ་མ་བཏང་ན་ལ། །
  • བསོད་ནམས་ཆོས་སྒྲོན
    བུ་མོ་མཁའ་འགྲོ་དམངས་ཀྱི་ལ་ནི་བཀའ་ཆད་ཕོག །
  • བསོད་ནམས་ཆོས་སྒྲོན
    ལེ་བུ་མོ་མགོ་ལ་བཙུགས་པའི་དབུ་ཞྭ་འདི་ལ། །
  • བསོད་ནམས་ཆོས་སྒྲོན
    དགོན་པའི་རྒྱལ་མཚན་ཨིན་རུང་ལ་ནི་བུ་མོ་དགའ། །
  • བསོད་ནམས་ཆོས་སྒྲོན
    ལེ་བུ་མོ་སྙན་ལུ་བཏགས་པའི་ལ་སྙན་གཡུ་འདི་ལ། །
  • བསོད་ནམས་ཆོས་སྒྲོན
    དགོན་པའི་ཆོས་དྲིལ་ཨིན་རུང་ལ་ནི་བུ་མོ་སྐྱིད། །
  • བསོད་ནམས་ཆོས་སྒྲོན
    ལེ་བུ་མོ་སྐེ་ལུ་བཏགས་པའི་ལ་གའུ་ཅུང་འདི་ལ། །
  • བསོད་ནམས་ཆོས་སྒྲོན
    དགོན་པའི་ཆོས་སྐོར་ཨིན་རུང་ལ་ནི་བུ་མོ་དགའ། །
  • བསོད་ནམས་ཆོས་སྒྲོན
    ལེ་གའུ་ཅུང་ནང་ལ་བཞུགས་མི་ལ་དམ་རྫས་འདི་ལ། །
  • བསོད་ནམས་ཆོས་སྒྲོན
    [ལྷུན་གྲུབ་བྲག་བཙན་?]ཨིན་རུང་ལ་ནི་བུ་མོ་སྐྱིད། །
  • བསོད་ནམས་ཆོས་སྒྲོན
    ལེ་དགའ་ལ་སྐྱིད་གསུམ་འཛོམས་པའི་ལ་བུ་མོ་ང་ལ། །
  • བསོད་ནམས་ཆོས་སྒྲོན
    བླ་མ་(བླ་མས་)ཆོས་ཅིག་གསུང་རུང་ལ་ནི་བུ་མོ་དགའ། །
  • བསོད་ནམས་ཆོས་སྒྲོན
    ལེ་ཕྱག་ལ་གཡས་པ་བསྣམས་པའི་ལ་དུང་དཀར་འདི་ལ། །
  • བསོད་ནམས་ཆོས་སྒྲོན
    དགོན་པའི་ཚོ་དུང་(ཆོས་དུང་)ཨིན་རུང་ལ་ནི་བུ་མོ་དགའ། །
  • བསོད་ནམས་ཆོས་སྒྲོན
    ལེ་ཕྱག་ལ་གཡོན་མ་བསྣམས་པའི་ཤེལ་དཀར་འདི་ལ། །
  • བསོད་ནམས་ཆོས་སྒྲོན
    དགོན་པའི་ཐུགས་དམ་ཨིན་རུང་ལ་ནི་བུ་མོ་སྐྱིད།། །།