Skip to main content Skip to search
15 Feb 2017
4 min 49 sec
Samten Yeshi
Audio Overview
Creators: 
Yeshi Wangchuk, Penchela, Karma

The Meto Tsharo (beautiful flower) song seems to be a encouragement song that ceternly benefits the public because the lyrics has strong meaning that may influence the mind of listeners. The song discloses its meaning through an examples like beautiful flowers that seems to be blosomed in the gadren of Eden with the message to explore and utalize one's wishdom and abilities. Because if one do not use the resources at right time, it may go to vain. 

གླུ་གཞས་འདི་ བློ་སྤོབས་དང་ སེམས་སྐུལ་འབད་བའི་གླུ་གཞས་ཅིག་ཨིནམ་དང་ གླུ་གཞས་ཉན་མི་ཚུ་ རང་གིས་སྤྲོ་བ་ཡོད་པའི་ལཱ་ཚུ་ འབད་བཅུག་ནིའི་དོན་ལུ་དང་ རང་གིས་ བློ་རིག་དང་ ལྕོགས་གྲུབ་ དེ་ལས་ ལྗོན་ཐངས་ཚུ་ མཐར་ཕྱིན་སྦེ་གཡོག་བཀལ་ཏེ་ ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེདཔ་ཨིན་མས། གལ་སྲིད་ དེ་སྦེ་མ་འབད་བ་ཅིན་ ཁོང་ར་ལུ་ཡོད་ ལྕོགས་གྲུབ་ཚུ་ ཆུད་ཟད་འགྱོ་ནིའི་ཉེན་ཁ་ཡོདཔ་ཨིན་མས། གླུ་གཞས་འདི་ནང་ བུམོ་འདི་ མ་ཁྱིམ་ནང་ལུ་རང་སྡོད་དེ་ ལོ་ན་ཚོད་རྒས་ཏེ་ གཉེན་རྐྱབ་ཟེར་ དཔེ་གིས་ཐོག་ལས་ སེམས་ཤུགས་བྱིན་དོ་ཡོདཔ་དང་ དེ་ཡང་ མེ་ཏོག་འདི་ མཆོད་བཤམ་ནང་ལུ་མ་ཕུལ་བར་ ལྡུམ་རྭ་ནང་ལུ་རང་བཞག་པ་ཅིན་ རང་བཞིན་གྱི་བསྐམ་འགྱོ་འོང་ཟེར་ཨིནམ་དང་ དེ་བཟུམ་སྦེ་ སོ་རལ་ནང་གིས་མདའ་མོ་འདི་ སོ་རལ་ནང་ལུ་རང་བཞག་ནི་མེན་པར་ རྩེདམ་རྩེད་པ་ཅིན་དྲག་ཟེར་ཨིན་མས།

Transcript search
No results found for this search
0 of 0
  • ཆོས་སྒྲོན
    ཡ་ལ། མེ་ཏོག་མཚར་པོ་གཅིག་དང་ལ་ནི་མ་མཚར་གཉིས། །ལ་ནི་མ་མཚར་གཉིས།
  • ཆོས་སྒྲོན
    ཡ་ལ། མེ་ཏོག་མཚར་པོ་ལྡུམ་རའི་ལ་ནི་སྟེང་ལུ་ཡོད། །ལ་ནི་སྟེང་ལུ་ཡོད།
  • ཆོས་སྒྲོན
    ཡ་ལ། ལན་གཅིག་མཆོད་བཤམ་ཁྲ་མོ་ལ་ནི་མ་ཕུལ་ན། །ལ་ནི་མ་ཕུལ་ན།
  • ཆོས་སྒྲོན
    ཡ་ལ། དེ་ཡང་ལྡུམ་རའི་སྟེང་ལུ་ལ་ནི་རྒས་པ་ཕངས། །ལ་ནི་རྒས་པ་ཕངས།
  • ཆོས་སྒྲོན
    ཡ་ལ། མདའ་མོ་མཚར་པོ་གཅིག་དང་ལ་ནི་མ་མཚར་གཉིས། །ལ་ནི་མ་མཚར་གཉིས།
  • ཆོས་སྒྲོན
    ཡ་ལ། མདའ་མོ་མཚར་པོ་སོག་རལ་ལ་ནི་གཏིང་ལུ་ཡོད། །ལ་ནི་གཏིང་ལུ་ཡོད།
  • ཆོས་སྒྲོན
    ཡ་ལ། ལན་གཅིག་གསེར་ཤོག་སྤང་ལུ་ལ་ནི་མ་བཏང་ན། །ལ་ནི་མ་བཏང་ན།
  • ཆོས་སྒྲོན
    ཡ་ལ། དེ་ཡང་སོག་རལ་གཏིང་ལུ་ལ་ནི་རྒས་པ་ཕངས། །ལ་ནི་རྒས་པ་ཕངས།
  • ཆོས་སྒྲོན
    ཡ་ལ། སྨན་ཆུང་མཚར་པོ་གཅིག་དང་ལ་ནི་མ་མཚར་གཉིས། །ལ་ནི་མ་མཚར་གཉིས།
  • ཆོས་སྒྲོན
    ཡ་ལ། སྨན་ཆུང་མཚར་པོ་ཨ་མའི་ལ་ནི་སྒོ་ཁར་ཡོད། །ལ་ནི་སྒོ་ཁར་ཡོད།
  • ཆོས་སྒྲོན
    ཡ་ལ། ལན་གཅིག་མི་ཁྲོམ་འཛོམས་ས་ལ་ནི་མ་བཏང་ན། །ལ་ནི་མ་བཏང་ན།
  • ཆོས་སྒྲོན
    ཡ་ལ། དེ་ཡང་ཨ་མའི་སྒོ་ཁར་ལ་ནི་རྒས་པ་ཕངས། །ལ་ནི་རྒས་པ་ཕངས།