Skip to main content Skip to search
28 Aug 2012
11 min 29 sec
Bradley Aaron
Audio Overview
Creators: 
Bradley Aaron

སྲིབ་པ་སྡེ་འི་ལོ་རྒྱུས། བཅར་འདྲི་བྱེད་ཡུལ། སངས་རྒྱས། ལྷ་མོ་སྐྱབས། ལོ། 78 76 ཕོ་མོ། ཕོ། ཕོ། ཕ་ཡུལ། སྲིབ་པ། དུས་ཚོད། 2011-7-14 བཅར་འདྲི་མཁན། སྙིང་བོ་ཡག སྲིབ་པ་སྡེ་བ་འདི་སྡེ་བ་གནས་སའི་ས་ཆ་དེ་སྲིབ་ཕྱོགས་ས་ཡིན་པས། དེའི་ཕྱིར་མིང་ལ་སྲིབ་པ་ཞེས་ཐོག་སོང་བ་རེད། སྲིབ་པ་སྡེ་བ་འདི་ལྷ་སའི་མར་གྱི་ཆད་གཤིས་ཞེས་དེ་ནས་ཡོང་བ་ཡིན་ཞེས་བཤད་སྲོལ་ཡོད། ད་ལྟའི་བར་དུ་མི་རབས་དུ་སོང་ཡོད་པ་གསལ་པི་མི་འདུག སྲིབ་པ་སྡེ་བ་ལ་ཚོ་བ་ཆེན་པོ་གཉིས་ཡོད་ལ། དེ་གཉིས་ཀ་ནི་མར་མགོ་ཚོ་བ་དང་ཡར་འགོ་ཚོ་བ་གཉིས་ཡོད། ཚོ་བ་གཉིས་ཀ་ལ་སྲུང་གཡག་རེ་རེ་ཡོད། ཕ་དགུའི་བུ་ཡིན་པ་ལས་ཚོ་བ་དགུ་མིན། ཕལ་ཆེར་སྡེ་བ་འདི་གནས་འདི་ནས་ཆགས་ནས་ལོ་ག་ཚོ་ཡོད་པ་ཤེས་བ་མི་འདུག བཅིངས་འགྲོལ་སྔོན་གཙོ་བོ་འབྲོག་ལས་ཡིན་། འོན་ཀྱང་ཟོག་མང་པོ་མེད། ༡༩༤༠ལྷག་གི་སྐབས་སུ་རྒྱ་རྭ་ཚོ་བས་ནང་དམེ་བྱས་ནས་ལོ་བཅུ་གཉིས་ནང་མི་ཤ་བཅུ་གཉིས་ལ་ལོན་སོང་། ཨ་ལག་བླ་ཁོ་རིན་པོ་ཆེ་གཙོ་བྱས་ནས་སྲིབ་པ་སྡེ་བའི་ནང་གི་རིན་ཆེན་རྒྱལ་མཚན་དང་ཞིང་ཁམས་ཐོ་བ་སྐྱབས་ལོ་ངོ་བཅུ་གཉིས་རིང་མ་འགྲུབ་པའི་དོན་དག་དེ་བཤད་ནས་འགྲུབ་དུ་བཅུག་པ་རེད། རིན་ཆེན་རྒྱལ་མཚན་ནི་ད་ལྟའི་སྲིབ་པ་སྡེ་བའི་ནང་གི་ཐོ་བ་སྐྱབས་ཟེར་དེ་ཚང་གི་ཡིན། དེ་ནས་སྲིབ་པ་སྡེ་བའི་ནང་དུ་བླ་མ་ཉི་བཞུགས་སྐུ་ཕྲེང་གཅིག་དང་ལྗང་ལུང་བ་སྐུ་ཕྲེང་གཅིག་འཁྲུངས་མྱོང་། དེ་ནས་ཨ་ཁུ(གྲྭ་བ)ཆོས་ལྡན་ཟེར་བ་ཞིག་ཡོད་པ་དེ་རོ་བོ་རྩེ་ལྔ་ནས་ལོ་མང་པོར་བཞུགས་མྱོང་། ཨ་ཁུ(གྲྭ་བ)ཚེ་རིང་ཟེར་བ་ནི་བཀྲ་ཤིས་ཆོས་འཁོར་གླིང་གི་དགེ་བཤེས་ཞིག་ཡིན། རྒྱབ་རིའི་མིང་ལ་གཉེན་མཁས་པོ་ཆེ་ཟེརཞིང་། ད་ལྟ་སྲིབ་པ་སྡེ་བ་ཁྱིམ་ཚང་༡༢༠ལྷག་ཡོད། དེའི་སློབ་ཆེན་པ༡༣དང་རྒྱལ་ཁབ་ཀྱི་ལས་བྱེད་པ་༡༣ཡོད་ལ། འབྲིང་རིམ་སློབ་མ་༣༠ལྷག་ཡོད། སློབ་ཆུང་སློབ་མ་༥༠ལྷག་ཡོད།

Transcript search
No results found for this search
0 of 0
  • རྒྱབ་རིའི་མིང་ལ་གཉེན་མཁས་པོ་ཆེ་ཟེརཞིང་།
  • སྲིབ་པ་སྡེ་བ་འདི་སྡེ་བ་གནས་སའི་ས་ཆ་དེ་སྲིབ་ཕྱོགས་ས་ཡིན་པས། དེའི་ཕྱིར་མིང་ལ་སྲིབ་པ་ཞེས་ཐོག་སོང་བ་རེད།
  • སྲིབ་པ་སྡེ་བ་འདི་ལྷ་སའི་མར་གྱི་ཆད་གཤིས་ཞེས་དེ་ནས་ཡོང་བ་ཡིན་ཞེས་བཤད་སྲོལ་ཡོད།
  • ད་ལྟའི་བར་དུ་མི་རབས་དུ་སོང་ཡོད་པ་གསལ་པི་མི་འདུག
  • སྲིབ་པ་སྡེ་བ་ལ་ཚོ་བ་ཆེན་པོ་གཉིས་ཡོད་ལ། དེ་གཉིས་ཀ་ནི་མར་མགོ་ཚོ་བ་དང་ཡར་འགོ་ཚོ་བ་གཉིས་ཡོད།
  • ཚོ་བ་གཉིས་ཀ་ལ་སྲུང་གཡག་རེ་རེ་ཡོད། ཕ་དགུའི་བུ་ཡིན་པ་ལས་ཚོ་བ་དགུ་མིན།
  • ཕལ་ཆེར་སྡེ་བ་འདི་གནས་འདི་ནས་ཆགས་ནས་ལོ་ག་ཚོ་ཡོད་པ་ཤེས་བ་མི་འདུག
  • བཅིངས་འགྲོལ་སྔོན་གཙོ་བོ་འབྲོག་ལས་ཡིན་། འོན་ཀྱང་ཟོག་མང་པོ་མེད།
  • ༡༩༤༠ལྷག་གི་སྐབས་སུ་རྒྱ་རྭ་ཚོ་བས་ནང་དམེ་བྱས་ནས་ལོ་བཅུ་གཉིས་ནང་མི་ཤ་བཅུ་གཉིས་ལ་ལོན་སོང་།
  • ཨ་ལག་བླ་ཁོ་རིན་པོ་ཆེ་གཙོ་བྱས་ནས་སྲིབ་པ་སྡེ་བའི་ནང་གི་རིན་ཆེན་རྒྱལ་མཚན་དང་ཞིང་ཁམས་ཐོ་བ་སྐྱབས་ལོ་ངོ་བཅུ་གཉིས་རིང་མ་འགྲུབ་པའི་དོན་དག་དེ་བཤད་ནས་འགྲུབ་དུ་བཅུག་པ་རེད།
  • རིན་ཆེན་རྒྱལ་མཚན་ནི་ད་ལྟའི་སྲིབ་པ་སྡེ་བའི་ནང་གི་ཐོ་བ་སྐྱབས་ཟེར་དེ་ཚང་གི་ཡིན།
  • དེ་ནས་སྲིབ་པ་སྡེ་བའི་ནང་དུ་བླ་མ་ཉི་བཞུགས་སྐུ་ཕྲེང་གཅིག་དང་ལྗང་ལུང་བ་སྐུ་ཕྲེང་གཅིག་འཁྲུངས་མྱོང་།
  • དེ་ནས་ཨ་ཁུ་ཆོས་ལྡན་ཟེར་བ་ཞིག་ཡོད་པ་དེ་རོ་བོ་རྩེ་ལྔ་ནས་ལོ་མང་པོར་བཞུགས་མྱོང་།
  • ཨ་ཁུ་ཚེ་རིང་ཟེར་བ་ནི་བཀྲ་ཤིས་ཆོས་འཁོར་གླིང་གི་དགེ་བཤེས་ཞིག་ཡིན།
  • ད་ལྟ་སྲིབ་པ་སྡེ་བ་ཁྱིམ་ཚང་༡༢༠ལྷག་ཡོད།
  • དེའི་སློབ་ཆེན་པ༡༣དང་རྒྱལ་ཁབ་ཀྱི་ལས་བྱེད་པ་༡༣ཡོད་ལ།
  • འབྲིང་རིམ་སློབ་མ་༣༠ལྷག་ཡོད། སློབ་ཆུང་སློབ་མ་༥༠ལྷག་ཡོད།