Skip to main content Skip to search
28 Aug 2012
13 min 18 sec
Bradley Aaron
Audio Overview
Creators: 
Unknown

ལུང་མདོ་སྡེ་བའི་ལོ་རྒྱུས། བཅར་འདྲི་བྱེད་ཡུལ། པད་མ། ལོ། 83 ཕོ་མོ། ཕོ། ཕ་ཡུལ། ལུང་མདོ། དུས་ཚོད། 2011-7-7 བཅར་འདྲི་མཁན། སངས་རྒྱས་རྒྱ་མཚོ། ལུང་མདོ་ཞེས་བ་སྟེ་གོང་ཆོ་སྡེ་བ་དྲུག་གི་ཆེས་མཇུག་མའམ་གོང་ཆོ་ལུང་བའི་མདོ་ནཡོད་པའི་རྐྱེན་གྱིས་མིང་ལ་ལུང་མདོ་ཞེས་བཏགས། ད་ལྟའི་བར་དུ་མི་རབས་དྲུག་ལྷག་ཙམ་སོང་བ་རེད། བཅིངས་འགྲོལ་སྔོན་ལ་སྡེ་བ་ལ་ཁྱིམ་ཚང་བཅུ་གཉིས་ལྷག་ལས་མེད། དེའི་ནང་ནས་ཨ་ཁུ་པད་མ་ཚང་འདི་སྐོར་ཁག་འདི་སྟག་འགག་དང་མར་རུའི་བར་གྱི་སྡེ་ཁ་ནས་ཡོང་བ་ཡིན་ལ། གཙོ་བོ་མ་རུ་སྡེ་བ་དང་ས་རྩོད་བྱས་ནས་མ་འཐབ་པར་ལུང་མདོ་ལ་གནས་སྤོར་ནས་ཡོང་བ་རེད། སྐོར་ཁག་འདིའི་མིང་ལ་དགེ་ཡོལ(དགེ་ཞེས་བ་ཅོ་ནེའི་ཁ་སྐད་དུ་རྒྱལ་ཁ་ལ་ལ་གོ འདིར་དགེ་ཡོལ་ཞེས་བ་ཏེ་རྒྱལ་ཁ་ལ་ཡོལ་ནས་ཡོང་བ་ཞེས་བའི་དོན་ལ་གོ)ཚོ་བ་ཞེས་ཟེར། ཚོ་བ་གཅིག་གི་མིང་ལ་སྤྱང་ཚ་ཞེས་འབོད་ལ། ཁོ་ཚོ་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་ཁོངས་གཏོགས་ཀྱི་སྤྱང་ཚ་ཞེས་བ་དེ་ནས་ཡོང་ཡིན་ཞེས་བཤད་སྲོལ་ཡོད། ཚོ་བ་གཉིས་ཡོད་རུང་སྡེ་བའི་ནང་དུ་བག་མ་ལེན་པའམ་ཆོས་བྱེད་པ་སོགས་ཚང་མ་སྡེ་བའི་ནང་གི་མི་ཐམས་ཅད་ཀྱི་རོགས་རམ་བྱེད་། ཡང་ལུང་མདོ་སྡེ་བའི་ནང་དུ་གོང་ཆོ་སྡེ་དྲུག་འགོ་དཔོན་ནམ་གཉེར་དཔོན་བྱེད་མྱོང་མཁན་མི་གཉིས་ཡོད་ལ། གཅི ག་ནི་ཨ་ཁུ་པད་མའི་སྤོ་བོའམ་ཨ་མེས་ལྷ་མོ་སྐྱབས་ལོ་ཉི་ཤུ་ཉེར་ལྔ་ནས་ལོ་ལྔ་ཅུ་བར་འགོ་དཔོན་བྱེད་ལ། ཅོ་ནེ་དཔོན་པོ་ཧེ་ཧེ་འཐབ་དུས་ཁོང་གིས་གོང་ཆོ་སྡེ་དྲུག་གི་དམག་གི་འགོ་དཔོན་བྱས་ནས་ཧེ་ཧེ་དང་དམག་འཐབ་བྱས། བཅིངས་འགྲོལ་བྱེད་ལ་ཉེ་དུས་ལུང་མདོ་སྡེ་བའི་རིན་ཆེན་ཚེ་རིང་ཟེར་བ་ཞིག་གོང་ཆོ་སྡེ་དྲུག་གི་འགོ་དཔོན་བྱས། ལུང་མདོ་སྡེ་བ་གཅིག་པུ་ལ་རི་་ཁྲོད་དམ་དགོན་པ་མེད་མོད། འོན་ཀྱང་གོང་ཆོ་སྡེ་དྲུག་ལ་ལུང་ནགས་་སྟེང་ཁ་ན་རི་ཁྲོད་ཞིག་ཡོད་པ་དང་། རི་ཁྲོད་དེའི་བླ་མ་ལྗང་ལུང་བ་ཚང་ཡིན་ལ། བླ་མ་དཀར་བོ་སྐུ་ཕྲེང་དང་པོ་མཆོག་གིས་རི་ཁྲོད་བཅུ་གཉིས་གཅིག་བྱེད་དུས་སྤོར་སོང་བ་རེད། ལྗང་ལུང་བའི་རི་ཁྲོད་དེ་སྤོར་དུས་ལུང་མདོ་སྡེ་བའི་ནང་སྐྱེས་བའི་མི་གོང་ཆོ་སྡེ་བ་དྲུག་གི་འགོ་དཔོན་ལྷ་མོ་སྐྱབས་གྱིས་བཙན་གྱིས་བྱམས་པའི་སྐུ་དེ་བཀྲ་ཤིས་ཆོས་འཁོར་གླིང་གདན་འདྲེན་བྱས་སོང་བ་རེད། ལྗང་ལུང་བ་སྐུ་ཕྲེང་གཅིག་ལུང་མདོའི་སྡེ་བའི་ནང་དུ་འཁྲུངས་རུང་། ཁྲི་སྟོན་བྱེད་ལ་ཉེ་བའི་སྐབས་སུ་སྐར་ཁུང་ནས་སར་ལྷུང་ནས་རྐྱེན་ལམ་ཤོར་སོང་བ་རེད། དེ་མ་གཏོགས་ལུང་མདོའི་སྡེ་བ་རུ་བླ་མ་སོགས་འཁྲུངས་མ་མྱོང་རེད། ལུང་མདོ་སྡེ་བའི་ནང་གི་སྐོར་ཁག་མར་མའི་སྐོར་ཀྱི་མི་མིང་ལ་བཀྲ་ཤིས་ཞེས་བ་དེས་བཀྲ་ཤིས་ཆོས་འཁོར་གླིང་གི་དགོན་པའི་ནང་གི་མདོ་བཀོག(མདོ་རྐེད)སྡེ་བའི་གྲྭ་བ་གཟུགས་རིང་ཚོགས་ཆེན་ཞལ་ངོའི་དངོས་རྫས་རྐུས་སོང་བ་རེད་ཞེས་འཛིན་བཟུང་ཐེབས། དེ་ནས་ཚོགས་ཆེན་ཞལ་ངོ་དང་སྲིད་པ་སྡེ་བའི་གྲྭ་བ་རྒྱ་ཚ་སེར་རྫ་ནང་ཆེན་དང་གཉེར་བ(བློན་པོ་འོན་པོ)སོགས་གསུམ་གྱིས་བཙན་གནོན་(རྐང་མགོར་རྡོ་བཏགས)་བྱས་ནས་བསད་པ་རེད། མི་(བཀྲ་ཤིས)དེ་བཙན་གནོན་བྱས་ནས་གསོད་དུས་ཕལ་ཆེར་ཟླ་བ་གསུམ་པའི་མཇུག་དང་བཞི་བའི་མགོ་བར་ཡིན་པ་རེད། དེ་ནས་ལུང་མདོ་སྡེ་བའི་ནང་གི་མི་འགས་འཚོལ་ཞིབ་བྱས་ནས་ལུང་མདོ་སྡེ་བའི་མི་དེ་(བཀྲ་ཤིས)རྐུན་མ་མིན་པ་ཤེས་སོང་བས། དགོན་པ་ནས་རོ་དེ་ཕྱིར་མ་བླངས་བ་རེད།རོ་དེ་དགོན་པ་ནས་ཟླ་བ་བཞི་ལྷག་གི་རིང་ལ་ཕྱིར་མ་བླངས་བ་རེད། དེ་ནས་ཟླ་བ་བརྒྱད་པའི་ནང་ཆོས་དཔལ་ཞིང་གི་མི་སྣ་ཚང་མ་མཉམ་དུ་འཛོམས་ནས་དོན་དག་དེ་བཤད་ནས་འགྲུབ་པར་བྱེད་དུ་བཅུག དེ་ནས་ལུང་མདོ་སྡེ་བས་རོ་དེ་ཕྱིར་བླངས་ནས་སྡེ་བའི་མར་ཕྱོགས་ཀྱི་བྲག་གྱི་སྟེང་ཁ་ཞིག་ཡོད་པ་དེ་ནས་མེར་བསྲེག་ནས་དེའི་གཞུགས་ལ་རྡོ་འབུམ་ཞིག་བརྒྱབས་པ་རེད། ༡༩༣༨ལོའི་བར་མར་གྱི་དཔྱིད་ཟླ་བཞི་བའི་ནང་དུ་ལུང་མདོ་སྡེ་བའི་ནང་གི་མ་ཆེན་ཚང་གི་བུ་དང་ཞིང་ཁམས་འགོ་བའི་བུ་སྐལ་བཟང་གཉིས་ཀྱིས་ནང་ཆེན་གཉེར་བ(འོན་པོ་བློན་པོ)བསད་སོང་བས། སྡེ་བའི་ནང་གི་མ་ཆེན་ཚང་གི་སྐོར་ཁག་ཁྱིམ་ཚང་གསུམ་པོར་མེར་བཏང་བ་མ་ཟད་ད་དུང་དེའི་ཞོར་ཏུ་ཁྱིམ་མཚེས་ཁྱིམ་ཚང་གཉིས(ད་ལྟ། ཕྱག་རྡོ་ཚེ་རིང་། པད་མ་དོན་འགྲུབ)་ཀྱི་ཁང་བ་མེ་ཡིས་འབར་སོང་བ་རེད། ལུང་མདོ་སྡེ་བའི་ནང་གི་ཁྱིམ་ཚང་ལྔ་མེ་ཡིས་འབར་སོང་བས་རྗེས་སུ་ཁྱིམ་ཚང་བདུན་མ་གཏོགས་མེད་པ་རེད། ཕལ་ཆེར་ལོ་དེའི་ཟླ་བ་དགུ་བའི་ཅོ་ནེའི་དཔོན་པོའི་དམག་དཔོན་འགོ་བ་བསྟན་འཛིན་གྱིས་དམག་རུ་ཁག་གཅིག་ཁྲིད་ཡོང་ནས་ལུང་མདོའི་མ་ཆེན་ཚང་སྐོར་ཁག་གསུམ་གྱི་རིན་ཆེན་ཚེ་རིང་དང་མ་ནེ་ཚེ་རིང་། ལུང་བཟང་། ད་དུང་ཞིང་ཁམས་བསོད་ནམས་རིན་ཆེན(སྐལ་བཟང་གི་ཕ)བཞི་བཟུང་ནས་དགོན་པའི་ལྕགས་སྒྲོམ་བརྒྱབ་ནས་བཙོན་ལ་བཅུག དེ་ནས་འགོ་བ་བསྟན་འཛིན་གྱིས་དོན་དག་དེ་བཤད་ནས་འགྲུབ་པར་བྱེད་དུ་བཅུག་པ་རེད། ལུང་མདོ་སྡེ་བའི་ནང་དུ་དགེ་བཤེས་གྲྭ་བ་མིང་གྲགས་ཅན་བྱུང་མ་མྱོང་། ལུང་མདོ་སྡེ་བའི་རྒྱབ་རིའི་མིང་གནས་ཆེན་འཛིན་པ་ཟེར་ཞིང་། དེ་ནི་བྱ་འོག་ཨ་ཁུ(གྲྭ་བ)སྔགས་རིམ་པས་ལབ་རྩེ་དེ་བརྒྱབས་པ་རེད། དངོས་རིའི་མགོ་ན་ལབ་རྩེ་སོགས་མེད། མིང་ལ་ལུང་མདོའི་དངོས་ནགས་ཟེར། ལོ་རབས་༨༠བའི་ནང་ནགས་ལས་ཅུས་ཡིས་གཏོར་བརླག་བྱས་མོད། འོན་ཀྱང་ད་ལྟ་གཏོར་བརླག་ཐེབས་ཡོད་པ་མི་ཤེསཔར་ནགས་ཚལ་སྟུག་པོ་འདུག ད་ལྟ་ལུང་མདོ་སྡེ་བ་ལ་ཐང་ན་ཁྱིང་ཚང་༢༧ཡོད། ལུང་བའི་ནང་ན་ཁྱིམ་ཚང་༣ཡོད། བསྡོམས་པས་ཁྱིམ་ཚང་༣༠ཡོད། ད་ལྟ་སྡེ་བ་ལ་རྒྱལ་ཁབ་ཀྱི་ལས་བྱེད་པ་གསུམ་ཡོད་ལ། སློབ་ཆེན་སློབ་མ་མི་གཅིག་ཀྱང་མེད་ལ། འབྲིང་རིམ་སློབ་མ་གཉིས་གསུམ་ལྷག་ཙམ་ཡོད། སློབ་ཆུང་སློབ་མ་༤༠ལྷག་ཙམ་ཡོད།

Transcript search
No results found for this search
0 of 0
  • ལུང་མདོ་ཞེས་བ་སྟེ་གོང་ཆོ་སྡེ་བ་དྲུག་གི་ཆེས་མཇུག་མའམ་གོང་ཆོ་ལུང་བའི་མདོ་ནཡོད་པའི་རྐྱེན་གྱིས་མིང་ལ་ལུང་མདོ་ཞེས་བཏགས།
  • ད་ལྟའི་བར་དུ་མི་རབས་དྲུག་ལྷག་ཙམ་སོང་བ་རེད།
  • བཅིངས་འགྲོལ་སྔོན་ལ་སྡེ་བ་ལ་ཁྱིམ་ཚང་བཅུ་གཉིས་ལྷག་ལས་མེད།
  • དེའི་ནང་ནས་ཨ་ཁུ་པད་མ་ཚང་འདི་སྐོར་ཁག་འདི་སྟག་འགག་དང་མར་རུའི་བར་གྱི་སྡེ་ཁ་ནས་ཡོང་བ་ཡིན་ལ།
  • གཙོ་བོ་མ་རུ་སྡེ་བ་དང་ས་རྩོད་བྱས་ནས་མ་འཐབ་པར་ལུང་མདོ་ལ་གནས་སྤོར་ནས་ཡོང་བ་རེད།
  • སྐོར་ཁག་འདིའི་མིང་ལ་དགེ་ཡོལདགེ་ཞེས་བ་ཅོ་ནེའི་ཁ་སྐད་དུ་རྒྱལ་ཁ་ལ་ལ་གོ འདིར་དགེ་ཡོལ་ཞེས་བ་ཏེ་རྒྱལ་ཁ་ལ་ཡོལ་ནས་ཡོང་བ་ཞེས་བའི་དོན་ལ་གོཚོ་བ་ཞེས་ཟེར།
    ( )
  • ཚོ་བ་གཅིག་གི་མིང་ལ་སྤྱང་ཚ་ཞེས་འབོད་ལ།
  • ཁོ་ཚོ་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་ཁོངས་གཏོགས་ཀྱི་སྤྱང་ཚ་ཞེས་བ་དེ་ནས་ཡོང་ཡིན་ཞེས་བཤད་སྲོལ་ཡོད།
  • ཚོ་བ་གཉིས་ཡོད་རུང་སྡེ་བའི་ནང་དུ་བག་མ་ལེན་པའམ་ཆོས་བྱེད་པ་སོགས་ཚང་མ་སྡེ་བའི་ནང་གི་མི་ཐམས་ཅད་ཀྱི་རོགས་རམ་བྱེད་།
  • ཡང་ལུང་མདོ་སྡེ་བའི་ནང་དུ་གོང་ཆོ་སྡེ་དྲུག་འགོ་དཔོན་ནམ་གཉེར་དཔོན་བྱེད་མྱོང་མཁན་མི་གཉིས་ཡོད་ལ།
  • གཅི ག་ནི་ཨ་ཁུ་པད་མའི་སྤོ་བོའམ་ཨ་མེས་ལྷ་མོ་སྐྱབས་ལོ་ཉི་ཤུ་ཉེར་ལྔ་ནས་ལོ་ལྔ་ཅུ་བར་འགོ་དཔོན་བྱེད་ལ།
  • ཅོ་ནེ་དཔོན་པོ་ཧེ་ཧེ་འཐབ་དུས་ཁོང་གིས་གོང་ཆོ་སྡེ་དྲུག་གི་དམག་གི་འགོ་དཔོན་བྱས་ནས་ཧེ་ཧེ་དང་དམག་འཐབ་བྱས།
  • བཅིངས་འགྲོལ་བྱེད་ལ་ཉེ་དུས་ལུང་མདོ་སྡེ་བའི་རིན་ཆེན་ཚེ་རིང་ཟེར་བ་ཞིག་གོང་ཆོ་སྡེ་དྲུག་གི་འགོ་དཔོན་བྱས།
  • ལུང་མདོ་སྡེ་བ་གཅིག་པུ་ལ་རི་་ཁྲོད་དམ་དགོན་པ་མེད་མོད།
  • འོན་ཀྱང་གོང་ཆོ་སྡེ་དྲུག་ལ་ལུང་ནགས་་སྟེང་ཁ་ན་རི་ཁྲོད་ཞིག་ཡོད་པ་དང་།
  • རི་ཁྲོད་དེའི་བླ་མ་ལྗང་ལུང་བ་ཚང་ཡིན་ལ།
  • བླ་མ་དཀར་བོ་སྐུ་ཕྲེང་དང་པོ་མཆོག་གིས་རི་ཁྲོད་བཅུ་གཉིས་གཅིག་བྱེད་དུས་སྤོར་སོང་བ་རེད།
  • ལྗང་ལུང་བའི་རི་ཁྲོད་དེ་སྤོར་དུས་ལུང་མདོ་སྡེ་བའི་ནང་སྐྱེས་བའི་མི་གོང་ཆོ་སྡེ་བ་དྲུག་གི་འགོ་དཔོན་ལྷ་མོ་སྐྱབས་གྱིས་བཙན་གྱིས་བྱམས་པའི་སྐུ་དེ་བཀྲ་ཤིས་ཆོས་འཁོར་གླིང་གདན་འདྲེན་བྱས་སོང་བ་རེད།
  • ལྗང་ལུང་བ་སྐུ་ཕྲེང་གཅིག་ལུང་མདོའི་སྡེ་བའི་ནང་དུ་འཁྲུངས་རུང་།
  • ཁྲི་སྟོན་བྱེད་ལ་ཉེ་བའི་སྐབས་སུ་སྐར་ཁུང་ནས་སར་ལྷུང་ནས་རྐྱེན་ལམ་ཤོར་སོང་བ་རེད།
  • དེ་མ་གཏོགས་ལུང་མདོའི་སྡེ་བ་རུ་བླ་མ་སོགས་འཁྲུངས་མ་མྱོང་རེད།
  • ལུང་མདོ་སྡེ་བའི་ནང་གི་སྐོར་ཁག་མར་མའི་སྐོར་ཀྱི་མི་མིང་ལ་བཀྲ་ཤིས་ཞེས་བ་དེས་བཀྲ་ཤིས་ཆོས་འཁོར་གླིང་གི་དགོན་པའི་ནང་གི་མདོ་བཀོགམདོ་རྐེད
    ()
  • སྡེ་བའི་གྲྭ་བ་གཟུགས་རིང་ཚོགས་ཆེན་ཞལ་ངོའི་དངོས་རྫས་རྐུས་སོང་བ་རེད་ཞེས་འཛིན་བཟུང་ཐེབས།
  • དེ་ནས་ཚོགས་ཆེན་ཞལ་ངོ་དང་སྲིད་པ་སྡེ་བའི་གྲྭ་བ་རྒྱ་ཚ་སེར་རྫ་ནང་ཆེན་དང་གཉེར་བབློན་པོ་འོན་པོསོགས་གསུམ་གྱིས་བཙན་གནོན་རྐང་མགོར་རྡོ་བཏགས་བྱས་ནས་བསད་པ་རེད། མི་བཀྲ་ཤིས
    ()() ()
  • དེ་བཙན་གནོན་བྱས་ནས་གསོད་དུས་ཕལ་ཆེར་ཟླ་བ་གསུམ་པའི་མཇུག་དང་བཞི་བའི་མགོ་བར་ཡིན་པ་རེད།
  • དེ་ནས་ལུང་མདོ་སྡེ་བའི་ནང་གི་མི་འགས་འཚོལ་ཞིབ་བྱས་ནས་ལུང་མདོ་སྡེ་བའི་མི་དེ་བཀྲ་ཤིསརྐུན་མ་མིན་པ་ཤེས་སོང་བས།
    ()
  • དགོན་པ་ནས་རོ་དེ་ཕྱིར་མ་བླངས་བ་རེད།རོ་དེ་དགོན་པ་ནས་ཟླ་བ་བཞི་ལྷག་གི་རིང་ལ་ཕྱིར་མ་བླངས་བ་རེད།
  • དེ་ནས་ཟླ་བ་བརྒྱད་པའི་ནང་ཆོས་དཔལ་ཞིང་གི་མི་སྣ་ཚང་མ་མཉམ་དུ་འཛོམས་ནས་དོན་དག་དེ་བཤད་ནས་འགྲུབ་པར་བྱེད་དུ་བཅུག
  • དེ་ནས་ལུང་མདོ་སྡེ་བས་རོ་དེ་ཕྱིར་བླངས་ནས་སྡེ་བའི་མར་ཕྱོགས་ཀྱི་བྲག་གྱི་སྟེང་ཁ་ཞིག་ཡོད་པ་དེ་ནས་མེར་བསྲེག་ནས་དེའི་གཞུགས་ལ་རྡོ་འབུམ་ཞིག་བརྒྱབས་པ་རེད།
  • ༡༩༣༨ལོའི་བར་མར་གྱི་དཔྱིད་ཟླ་བཞི་བའི་ནང་དུ་ལུང་མདོ་སྡེ་བའི་ནང་གི་མ་ཆེན་ཚང་གི་བུ་དང་ཞིང་ཁམས་འགོ་བའི་བུ་སྐལ་བཟང་གཉིས་ཀྱིས་ནང་ཆེན་གཉེར་བའོན་པོ་བློན་པོབསད་སོང་བས།
    ()
  • སྡེ་བའི་ནང་གི་མ་ཆེན་ཚང་གི་སྐོར་ཁག་ཁྱིམ་ཚང་གསུམ་པོར་མེར་བཏང་བ་མ་ཟད་ད་དུང་དེའི་ཞོར་ཏུ་ཁྱིམ་མཚེས་ཁྱིམ་ཚང་གཉིསད་ལྟ། ཕྱག་རྡོ་ཚེ་རིང་། པད་མ་དོན་འགྲུབ་ཀྱི་ཁང་བ་མེ་ཡིས་འབར་སོང་བ་རེད།
    ( )
  • ལུང་མདོ་སྡེ་བའི་ནང་གི་ཁྱིམ་ཚང་ལྔ་མེ་ཡིས་འབར་སོང་བས་རྗེས་སུ་ཁྱིམ་ཚང་བདུན་མ་གཏོགས་མེད་པ་རེད།
  • ཕལ་ཆེར་ལོ་དེའི་ཟླ་བ་དགུ་བའི་ཅོ་ནེའི་དཔོན་པོའི་དམག་དཔོན་འགོ་བ་བསྟན་འཛིན་གྱིས་དམག་རུ་ཁག་གཅིག་ཁྲིད་ཡོང་ནས་ལུང་མདོའི་མ་ཆེན་ཚང་སྐོར་ཁག་གསུམ་གྱི་རིན་ཆེན་ཚེ་རིང་དང་མ་ནེ་ཚེ་རིང་།
  • ལུང་བཟང་། ད་དུང་ཞིང་ཁམས་བསོད་ནམས་རིན་ཆེནསྐལ་བཟང་གི་ཕབཞི་བཟུང་ནས་དགོན་པའི་ལྕགས་སྒྲོམ་བརྒྱབ་ནས་བཙོན་ལ་བཅུག
    ()
  • དེ་ནས་འགོ་བ་བསྟན་འཛིན་གྱིས་དོན་དག་དེ་བཤད་ནས་འགྲུབ་པར་བྱེད་དུ་བཅུག་པ་རེད།
  • ལུང་མདོ་སྡེ་བའི་ནང་དུ་དགེ་བཤེས་གྲྭ་བ་མིང་གྲགས་ཅན་བྱུང་མ་མྱོང་།
  • ལུང་མདོ་སྡེ་བའི་རྒྱབ་རིའི་མིང་གནས་ཆེན་འཛིན་པ་ཟེར་ཞིང་། དེ་ནི་བྱ་འོག་ཨ་ཁུགྲྭ་བསྔགས་རིམ་པས་ལབ་རྩེ་དེ་བརྒྱབས་པ་རེད།
    ()
  • དངོས་རིའི་མགོ་ན་ལབ་རྩེ་སོགས་མེད། མིང་ལ་ལུང་མདོའི་དངོས་ནགས་ཟེར།
  • ལོ་རབས་༨༠བའི་ནང་ནགས་ལས་ཅུས་ཡིས་གཏོར་བརླག་བྱས་མོད།
  • འོན་ཀྱང་ད་ལྟ་གཏོར་བརླག་ཐེབས་ཡོད་པ་མི་ཤེསཔར་ནགས་ཚལ་སྟུག་པོ་འདུག
  • ད་ལྟ་ལུང་མདོ་སྡེ་བ་ལ་ཐང་ན་ཁྱིང་ཚང་༢༧ཡོད།
  • ལུང་བའི་ནང་ན་ཁྱིམ་ཚང་༣ཡོད།
  • བསྡོམས་པས་ཁྱིམ་ཚང་༣༠ཡོད།
  • ད་ལྟ་སྡེ་བ་ལ་རྒྱལ་ཁབ་ཀྱི་ལས་བྱེད་པ་གསུམ་ཡོད་ལ།
  • སློབ་ཆེན་སློབ་མ་མི་གཅིག་ཀྱང་མེད་ལ།
  • འབྲིང་རིམ་སློབ་མ་གཉིས་གསུམ་ལྷག་ཙམ་ཡོད།
  • སློབ་ཆུང་སློབ་མ་༤༠ལྷག་ཙམ་ཡོད།