Skip to main content Skip to search
28 Aug 2012
6 min 42 sec
Bradley Aaron
Audio Overview
Creators: 
Unknown

ཡུལ་མཛེས་ཚལ་གྱི་ལོ་རྒྱུས། བཅར་འདྲི་བྱེད་ཡུལ། སངས་རྒྱས་དོན་འགྲུབ། ལོ། 71 ཕོ་མོ། ཕོ། ཕ་ཡུལ། ཡུལ་མཛེས་ཚལ། དུས་ཚོད། 2011-7-21 བཅར་འདྲི་མཁན། སངས་རྒྱས་དོན་འགྲུབ། ཡུལ་མཛེས་ཚལ་ཞེས་བ་འདི་མིང་ཐོག་ཚུལ་དེ་གང་འདྲ་ཞིག་ཡིན་ཞེ་ན། གཙོ་བོ་སྡེ་བ་འདི་ཡོད་སའི་གནས་འདིར་ནགས་རིའི་ཁྲོད་ན་སྤང་རི་ཡོད་ལ། སྤང་རིའི་མདུན་ན་ཆོས་དཔལ་ཆུ་བོ་ཤགག་ཤག་འབབ་པའི་ཡུལ་མཛེས་ཞིང་སྐྱིད་པའི་དགའ་ཚལ་ཞིག་ཡིན་པའི་ཕྱིར་མིང་ལ་ཡུལ་མཛེས་ཚལ་ཞེས་ཐོག ཡུལ་མཛེས་ཚལ་ལ་ཚོ་བ་གཉིས་ཡོད་ལ། དེ་གཉིས་པོ་ནི་ལྷམ་པོ་ཚོ་བ་དང་གཙང་རྒྱུད་ཚོ་བ་གཉིས་ཡིན། དེ་ལས་གཙང་རྒྱུད་ཚོ་བ་ནི་གཙང་བཀྲ་ཤིས་ལྷུན་པོ་ནས་བོད་དམག་མཐའ་མཚམས་སྲུང་དུ་ཡོང་བའི་སྐོར་ཁག་ཞིག་ཡིན་ཞེས་བཤད་སྲོལ་ཡོད། བླ་མ་སྐུ་ཕྲེང་དང་པོ་ཚང་གིས་རི་ཁྲོད་བཅུ་གཉིས་གཅིག་མ་བྱས་སྔོན་ལ་ཡུལ་མཛེས་ཚལ་གྱི་སྟེང་ཁ་ན་འདུ་ཁང་སྐྱབས་ཞེས་རི་ཁྲོད་ཞིག་ཡོད། བླ་མ་དཀར་པོ་སྐུ་ཕྲེང་དང་པོའི་ཀུན་དགའ་རྒྱལ་མཚན་གྱི་གཉེར་པ(འོན་པོའམ་བློན་པོ)བརྩོན་འགྲུས་རྒྱ་མཚོ་དེ་ཡུལ་མཛེས་ཚལ་དུ་སྐུ་འཁྲུངས་ལ། དེས་བླ་མ་དཀར་པོ་སྐུ་ཕྲེང་དང་པོ་ལ་སོག་པོའི་ས་ཆ་ནས་དགོན་པ་ཕྱག་འདེབས་བྱེད་པར་རོགས་རམ་མང་པོ་བྱས་མྱོང་། ཞིང་ཁམས་གྱི་བླ་མ་དཀར་པོ་སྐུ་ཕྲེང་དང་པོའི་ཚ་བོས་ཡུལ་མཛེས་ཚལ་གྱི་གཉེར་པ(འོན་པོའམ་བློན་པོ)དེ་བརྩོན་འགྲུས་རྒྱ་མཚོ་བསད་ལ། རང་བླ་མའི་གཉེར་བ་(འོན་པོའམ་བློན་པོ)བྱས་ནས་ནང་ཆེན་གྱི་དོན་དག་ཆེ་མ་ཆུང་གསུམ་ཐག་གཅོད་བྱ་བཞིན་འདུག དེ་ནས་ཡུལ་མཛེས་ཚལ་གྱི་སྡེ་མི་རྣམས་གྱིས་ལག་དམར་གྱི་སྤུན་ཆུང་བཟུང་ལ་གནར་གཅོད་བཏང་། དོན་དག་དེ་ལོ་བརྒྱད་རིང་ལ་མ་འགྲུབ་པ་རེད། ད་ལྟ་ཡུལ་མཛེས་ཚལ་དུ་ཁྱིམ་ཚང་༥༤ལྷག་ཙམ་ཡོད། སློབ་གྲྭ་ཆེན་མོ་བ་ལྔ་ལྷག་ཡོད། འབྲིང་རིམ་སློབ་མ་༡༢ཡོད། སློབ་ཆུང་སློབ་མ་བཞི་ཅུ་ལྷག་ཙམ་ཡོད། རྒྱལ་ཁབ་ཀྱི་ལས་བྱེད་པ་བདུན་ཡོད། དེའི་ང་ཚོའི་བོད་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་ཅོ་ནེའི་ཡུམ་ཚེ་རིང་བྱ་བ་དེ་ཡུལ་མཛེས་ཚལ་ནས་སྐྱེས་ཞིང་འཚར་ལོངས་བྱུང་བ་རེད།

Transcript search
No results found for this search
0 of 0
  • ཡུལ་མཛེས་ཚལ་ཞེས་བ་འདི་མིང་ཐོག་ཚུལ་དེ་གང་འདྲ་ཞིག་ཡིན་ཞེ་ན།
  • གཙོ་བོ་སྡེ་བ་འདི་ཡོད་སའི་གནས་འདིར་ནགས་རིའི་ཁྲོད་ན་སྤང་རི་ཡོད་ལ།
  • སྤང་རིའི་མདུན་ན་ཆོས་དཔལ་ཆུ་བོ་ཤགག་ཤག་འབབ་པའི་ཡུལ་མཛེས་ཞིང་སྐྱིད་པའི་དགའ་ཚལ་ཞིག་ཡིན་པའི་ཕྱིར་མིང་ལ་ཡུལ་མཛེས་ཚལ་ཞེས་ཐོག
  • ཡུལ་མཛེས་ཚལ་ལ་ཚོ་བ་གཉིས་ཡོད་ལ།
  • དེ་གཉིས་པོ་ནི་ལྷམ་པོ་ཚོ་བ་དང་གཙང་རྒྱུད་ཚོ་བ་གཉིས་ཡིན།
  • དེ་ལས་གཙང་རྒྱུད་ཚོ་བ་ནི་གཙང་བཀྲ་ཤིས་ལྷུན་པོ་ནས་བོད་དམག་མཐའ་མཚམས་སྲུང་དུ་ཡོང་བའི་སྐོར་ཁག་ཞིག་ཡིན་ཞེས་བཤད་སྲོལ་ཡོད།
  • བླ་མ་སྐུ་ཕྲེང་དང་པོ་ཚང་གིས་རི་ཁྲོད་བཅུ་གཉིས་གཅིག་མ་བྱས་སྔོན་ལ་ཡུལ་མཛེས་ཚལ་གྱི་སྟེང་ཁ་ན་འདུ་ཁང་སྐྱབས་ཞེས་རི་ཁྲོད་ཞིག་ཡོད།
  • བླ་མ་དཀར་པོ་སྐུ་ཕྲེང་དང་པོའི་ཀུན་དགའ་རྒྱལ་མཚན་གྱི་གཉེར་བ་བརྩོན་འགྲུས་རྒྱ་མཚོ་དེ་ཡུལ་མཛེས་ཚལ་དུ་སྐུ་འཁྲུངས་ལ།
  • དེས་བླ་མ་དཀར་པོ་སྐུ་ཕྲེང་དང་པོ་ལ་སོག་པོའི་ས་ཆ་ནས་དགོན་པ་ཕྱག་འདེབས་བྱེད་པར་རོགས་རམ་མང་པོ་བྱས་མྱོང་།
  • ཞིང་ཁམས་གྱི་བླ་མ་དཀར་པོ་སྐུ་ཕྲེང་དང་པོའི་ཚ་བོས་ཡུལ་མཛེས་ཚལ་གྱི་གཉེར་པ་དེ་བརྩོན་འགྲུས་རྒྱ་མཚོ་བསད་ལ།
  • རང་བླ་མའི་གཉེར་བ་བྱས་ནས་ནང་ཆེན་གྱི་དོན་དག་ཆེ་མ་ཆུང་གསུམ་ཐག་གཅོད་བྱ་བཞིན་འདུག
  • དེ་ནས་ཡུལ་མཛེས་ཚལ་གྱི་སྡེ་མི་རྣམས་གྱིས་ལག་དམར་གྱི་སྤུན་ཆུང་བཟུང་ལ་གནར་གཅོད་བཏང་།
  • དོན་དག་དེ་ལོ་བརྒྱད་རིང་ལ་མ་འགྲུབ་པ་རེད།
  • ད་ལྟ་ཡུལ་མཛེས་ཚལ་དུ་ཁྱིམ་ཚང་༥༤ལྷག་ཙམ་ཡོད།
  • སློབ་གྲྭ་ཆེན་མོ་བ་ལྔ་ལྷག་ཡོད།
  • འབྲིང་རིམ་སློབ་མ་༡༢ཡོད།
  • སློབ་ཆུང་སློབ་མ་བཞི་ཅུ་ལྷག་ཙམ་ཡོད།
  • རྒྱལ་ཁབ་ཀྱི་ལས་བྱེད་པ་བདུན་ཡོད།
  • དེའི་ང་ཚོའི་བོད་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་ཅོ་ནེའི་ཡུམ་ཚེ་རིང་བྱ་བ་དེ་ཡུལ་མཛེས་ཚལ་ནས་སྐྱེས་ཞིང་འཚར་ལོངས་བྱུང་བ་རེད།